དྲ་ཚིགས་འདི་ལ་གཅིག་གྱུར་གྱི་རྩོམ་སྒྲིག་ཐབས་ལམ་ཅིག་ཡོང་ཕྱིར་གཤམ་གསལ་མཉམ་འཇོག་དགོས་ས་འགའ་ལ་དོ་སྣང་བྱེད་རོགས།

  1. ཐོག་མར་རྩོམ་པ་པོས་རང་གི་མིང་དང་པིར་མིང་གཉིས་ངེས་པར་དུ་བོད་ཡིག་གིས་འབྲི་དགོས་པ་དང་། སྐུ་སྒེར་གསལ་བཤད་ཐུང་ངུ་ཞིག་འབྲི་ཐུབ་ན་རབ་ཡིན། ངའི་སྐུ་སྒེར་རྒྱུ་ཆ་རྩོམ་སྒྲིག་ཅེས་པར་གསལ། རུས་དང་མིང་གཉིས་སོ་སོར་དགར་ཡོད་པ་ལས་སྤྱིར་བཏང་དུ་རུས་མ་བྲིས་ཀྱང་ཆོག་ལ་མིང་བྲིས་པས་འཐུས།
  2. རྩོམ་ཡིག་མ་སྤེལ་གོང་དུ་དཀར་ཆག་གང་གི་ཁོངས་སུ་གཏོགས་མིན་ལ་བསམ་བློ་བཏང་རྗེས་གང་དེ་འདེམས་རྒྱུ་གཏན་ནས་བརྗེད་མི་རུང་།
  3. རྩོམ་རིག་ལེ་ཚན་ནང་དུ་སྤེལ་དུས tag ཅེས་པའི་ཁྲོད་དུ་སྙན་ངག་དང་བརྩམས་སྒྲུང་སོགས་སོ་སོར་དགར་ཡོད་པས་དེ་འདེམས་ན་ལེགས་པ་དང་། ཁ་སྣོན་རྒྱག་དགོས་ཚེ་རང་ཉིད་ཀྱིས་ཁ་སྣོན་བྱས་ཀྱང་ཆོག
  4. སྙན་རྩོམ་ཕྱོགས་སྒྲིག་ལྟ་བུ་རྩོམ་ཡིག་གཅིག་ཁག་འགར་དབྱེ་དགོས་བྱུང་ཚེ་ནང་གསེས་ཀྱི་ཁ་བྱང་དག་གཅིག་གྱུར་དུ་རིམ་བཞི་ཁ་བྱང་དུ་འདེམས་དགོས།
  5. དུམ་ཚན་དབྱེ་དུས་སུ་ཚན་པ་གོང་འོག་གི་བར་ཐག་དེ་ལ་ཆེ་ཆུང་གཉིས་ཡོད་པ་ལས། མཐེབ་གཞོང་གི Enter ནི་བར་ཐག་ཆེ་བ་དང་། Enter+Shift ནི་བར་ཐག་ཆུང་བ་དེ་ཡིན་པ་ཤེས་དགོས།
  6. བརྩམས་སྒྲུང་དང་ལྷུག་རྩོམ་ལྟ་བུ་ཡིན་ནས་རྩོམ་ཡིག་ཧྲིལ་པོའི་སྣེ་གཉིས་སྙོམས་ཐུབ་ན་མིག་ལ་མཛེས་ཤིང་ཡི་གར་འོང་བའི་ཁྱད་ཆོས་ལྡན།
  7. དཔེ་རྟགས་ལ་རྟགས་འདི་《དཔེ་ཆའི་མིང》ཡང་ན་« དཔེ་ཆའི་མིང་ »བཀོལ་བ་ལས་གཞན་དག་གིས་ནུས་པ་མི་ཐོན།

རྩོམ་སྒྲིག་ཚན་ཆུང་ནས།

ཟུར་བཀོད།

དབུ་བརྙན་ཅི་ལྟར་བཟོ་དགོས་སམ།