སྙན་ངག་འདི་ལ་ཤས་ཀྱིས་གླུ་ཐལ་སྦྱར་མ་ཟེར་བསྒྱུར།  ལ་ཤས་ཀྱིས་གླུ་ཡི་མཆོད་པ་ཟེར།  ལ་ལས་ཅི་ཐན་ཅ་ལི་ཡིན་ན་ཅིག་ཟེར་བསྒྱུར་ཡོད།     ཡིན་ནའང་།   (গীতাঞ্জলী)ཞེས་པ་གླུ་དང་སྙིམ་པའི་སྐད་དོད་གཞིར་བཞག་ཅིང་སྙན་ངག་པའི་ཞེ་འདོད་དང་ཡང་ཤིན་ཏུ་མཐུན་པས་འདིར་སྙིམ་པའི་གླུ་ཞེས་བསྒྱུར་ཡོད།     སྒྲ་ཤེས་པ་རྣམས་ཀྱི་ཆེད་གསལ་བཤད་རོབ་ཙམ་ཞུས་ན།  གཱིཏཱཉྫལཱི་ཞེས་པ་སྟེ།  གཱིཏཱ་ཞེས་པ་གླུ་དང་ཨཉྫལི་ཞེས་པའི་སྙིམ་པའི་སྐད་དོད།   དེ་གཉིས་སྦྱར་བས་གཱིཏཱཉྫལཱི་ཞེས་པ་སྟེ་སྙིམ་པའི་གླུ་ཞེས་གྲུབ།     མ་ཡིག་རྩོམ་པ་པོའི་དབྱིན་ཡིག་གི་རང་འགྱུར་ཡིན་པར་མ་ཟད།  བངྒ་ལའི་སྐད་དང་ཟུར་ལྟ་བྱས་ཡོད།    

 

༡༡

སྒོ་མོ་ཐམས་ཅད་གཏནད་ཅིང་དབེན་ཞིང་འཇགས་ལ་སྨག་གནག་པའི་ལྷ་ཁང་གི་གྲུ་ཞིག་ན་ཁྱོད་ཀྱིས་སུ་ཞིག་ལ་མཆོད་
ཅིང་མཆི།
མིག་ཟུང་ཕྱེ་ནས་དཀོན་མཆོག་ཁྱོད་ཀྱི་མདུན་དུ་མེད་པར་བལྟ་བར་བྱ!
ཁོང་ནི་ཞིང་བས་ས་ཞིང་རེངས་པོར་སོ་ནམ་བྱེད་ས་དང་། ལམ་བཟོ་བས་རྡོ་གཅོག་སར་བཞུགས་ཤིང་།
ཁོང་ཚ་གདུགས་དང་ཆར་ཞོད་ཁྲོད་དུ་ན་བཟའ་རྡུལ་གྱིས་གཡོགས་ཏེ་ཁོང་ཚོའི་ལྷན་དུ་བཞུགས་སོ།།
ཁྱོད་ཀྱི་བྱིན་ཅན་གྱི་ཕྱི་གོས་ཕུད་དེ་ཁོང་ལྟར་རྡུལ་གྱིས་ཁེངས་པའི་ཐང་ལ་འོང་བར་ཞུ།
གྲོལ་བ? གང་ཞིག་ཏུ་གྲོལ་བ་ཐོབ་པར་འགྱུར ?
བདག་ཅག་གི་མགོན་པོ་ཁོང་རང་ཉིད་ཀྱང་འཁོར་བ་རུ་བཅིངས་པར་གྱུརད་ཅིང་། ཁོང་རང་ཉིད་གཏན་དུ་
བདག་ཅག་དང་ལྷན་དུ་བཏགས་ཤིང་མཆིས།
ཁྱོད་ཀྱི་བསམ་གཏན་གྲོལ་བར་བྱས་ཏེ། མེ་ཏོག་དང་བདུག་སྤོས་ཟུར་དུ་གཞག་པར་བྱ། ཁྱོད་ཀྱི་ལྭ་བ་གཤག་པར་
འགྱུར་ཞིང་དྲི་མས་གོས་པར་གྱུར་ན་སྐྱོན་ཅི་ཞིག? ཁོང་ལ་མཇལ་བར་གྱིས་ཏེ་དཀའ་སྤྱད་དང་ཁྱོད་ཀྱི་སྨིན་མའི་ཞིམ་མངར་
ཀློང་དུ་ཁྱོད་ཁོང་དང་ལྷན་དུ་བཞེང་བར་བྱ།