藏文 1

རྨ་ཆེན་གངས་བསྐོར།

༢༠༡༦ ལོའི་གངས་ལྷ་རིག་གནས་བོད་ཀྱི་དངོས་བྲིས་གློག་བརྙན་མུ་འགོད་དང་པོ། ༼རྨ་ཆེན་གངས་སྐོར་༽ཞེས་པའི་སྲོལ་རྒྱུན་རིག་གནས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བརྗོད་བྱར་བཟུང་པའི་དངོས་བྲིས་བརྙན་ཐུང་དེ་མི་འགྱང་པར་བོད་མི་བྱིངས་ལ་རིན་མེད་པར་གཟིགས་འབུལ་བྱེད་རྒྱུ་ཡིན། ང་ཚོས་དུས་རབས་འདིའི་གོ་ལ་དྲོད་འགྱུར་གྱི་སྐྱེ་ཁམས་དང་སྤྱི་ཚོགས་གནད་དོན་དག་ལ་གདོང་གཏད་དུས། བོད་མི་རིགས་ཀྱི་ཆོས་ལུགས་དང་དམངས་སྲོལ་རིག་གནས་ཀྱི་རིན་ཐང་ལས་ཁོར་ཡུག་གི་གནད་དོན་ལ་ཐག་གཅོད་ཀྱི་ཁ་ཕྱོགས་ངེས་ཅན་ཞིག་སྟོན་ནུས་པ་བསྙོད་མེད་དུ་མཐོང་པས་ན། ༼རྨ་ཆེན་གངས་སྐོར་༽ཞེས་པའི་བརྙན་ཐུང་འདི་ཡང་དམངས་ཁྲོད་ཀྱི་རི་ཆུའི་རིག་གནས་དང་། ཆེད་མཁས་པའི་སྲོལ་རྒྱུན་དང་ཁོར་སྲུང་གི་འབྲེལ་བའི་ཞིབ་འཇུག་བཅས་ལ་གཞི་བཅས་ཏེ་རང་རེའི་ཁོར་ཡུག་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་ལ་ཡར་སྐུལ་གྱི་ཚུལ་དུ་ཕུལ་བ་དགེ་གྱུར་ཅིག།

བརྙན་ཐུང་འདིའི་བརྙན་དང་པར་རིས། སྒྲ་དང་ཇུས་འགོད། སྒྲིག་སྦྱོར་དང་འཁྲབ་གཞུང་སོགས་མགོ་མཇུག་བར་གསུམ་གྱི་ལས་ཀ་ཆ་ཚང་བོད་རིགས་ན་གཞོན་འགས་ཧུར་ཐག་གིས་བསྒྲུབས་པ་ཡིན་ལ། གཟིགས་མོས་ཡོད་མཁན་ཚོས་གངས་ལྷ་རིག་གནས་ཀྱི་སྐད་འཕྲིན་འཕྲིན་སྟེགས་ganglhaculture འཚོལ་ཞིབ་བྱས་ཏེ་དུས་ལྟར་གཟིགས་པར་དགའ་བསུ་ཞུ།

中文 1

阿尼玛卿转山 – 朝圣之路