༡༠

༄༅། །དེ་སྐད་དུ་ཛ་རཱ་ཐུགས་གྲོལ་གྱིས་རང་གི་སེམས་ལ་གཏམ་པ་ན། ཉི་མ་ནི་གུང་ལ་སླེབས་འདུག །ཁོང་གིས་བྱ་ཡི་སྐད་སྒྲ་རྣོན་པོ་ཞིག་ཐོས་པས་སྟེང་ཕྱོགས་ལ་གཟིགས་འཚོལ་བྱེད་སྐབས། བྱ་རྒོད་ཅིག་གིས་མཁའ་ལམ་ནས་སྐོར་བ་ཆེན་པོ་བྱས་ནས་འཕུར་བ་དང་དེ་ཡིས་སྦྲུལ་ཞིག་བཀལ་ནས་ཡོད་དོ། །སྦྲུལ་དེ་རྔོན་པར་བྱས་པ་མི་འདྲ་སྟེ། བྱ་རྒོད་དེས་སྦྲུལ་དེ་སྐེ་ལ་དཀྲིས་ནས་ཡོད་པས་གྲོགས་པོ་དང་འདྲའོ། །

༄། དེ་གཉིས་ནི་བདག་གི་དུད་འགྲོ་ཡིན། ཛ་རཱ་ཐུགས་གྲོལ་གྱིས་སྨྲས་པ་དང་སེམས་ལ་དགའ་ཚོར་སྐྱེས།

༄། ཉི་མ་འཛམ་གླིང་གི་ཕྱོགས་ཀྱི་ཆེས་ང་རྒྱལ་མཐོ་བའི་དུད་འགྲོ་དང་ཉི་མ་འཛམ་གླིང་གི་ཕྱོགས་ཀྱི་ཆེས་ཤེས་རབ་ལྡན་པའི་དུད་འགྲོ་རྣམ་གཉིས་སོ། །དེ་གཉིས་ནི་མྱུལ་ཞིབ་བྱེད་དུ་ཡོང་བ་ཡིན།

༄། དེ་གཉིས་ཀྱིས། ཛ་རཱ་ཐུགས་གྲོལ་ད་དུང་གསོན་ནས་ཡོད་མེད་མྱུལ་ཞིབ་བྱེད་པ་ཡིན། དོན་དམ་པར། བདག་ནི་ད་དུང་གསོན་ཡོད་དམ།

༄། མི་ཚོགས་ཀྱི་ཁྲོད་དུ་གནས་པ་དེ་དུད་འགྲོའི་ཁྲོད་དུ་གནས་པ་ལས་ཉེན་ཁ་ཆེ་བ་བདག་གིས་ཤེས་བྱུང་། ཛ་རཱ་ཐུགས་གྲོལ་ནི་ཉེན་ཆེ་བའི་ལམ་དེ་ལ་ཞུགས་པ་ཡིན་པས།  བདག་གི་དུད་འགྲོ་ཡིས་བདག་ལ་ལམ་སྟོན་མཛོད་ཅིག

༄། ཛ་རཱ་ཐུགས་གྲོལ་གྱིས་དེ་ལྟར་སྨྲ་སྐབས། ནགས་ཁྲོད་རྣལ་འབྱོར་བའི་གསུང་དྲན་བྱུང་ལ། ཁོང་གིས་རང་ཉིད་ཀྱི་སེམས་ལ་འདི་སྐད་དོ། །

༄། བདག་ནི་སྔར་ལས་ཤེས་རབ་ལྡན་པར་སྨོན། བདག་ནི་བདག་གི་སྦྲུལ་ལྟར་ཤེས་རབ་ཆེན་པོ་ལྡན་པར་སྨོན།

༄། འོན་ཀྱང་བདག་གིས་དམིགས་པ་ནི་མི་སྲིད་པའི་དོན་དག་ཡིན་ཕྱིན། བདག་གི་ང་རྒྱལ་ནི་ནམ་ཡང་བདག་གི་ཤེས་རབ་དང་འགྲོགས་པར་སྨོན། གལ་ཏེ་ཉིན་ཞིག་ཏུ་བདག་གི་ཤེས་རབ་དེ་བདག་དང་གྱེས་འགྱུར་ན་བདག་གི་བླུན་རྨོངས་ཡང་ང་རྒྱལ་གྱིས་ཁྱེར་ནས་འཕུར་བར་ཤོག ཀྱེ། ཤེས་རབ་ནི་འཕུར་ཞེན་ཆེའོ། །

༄། དེ་ནས། ཛ་རཱ་ཐུགས་གྲོལ་བབ་པར་བྱས་སོ། །  ། །           (རྫོགས་སོ།།)

གསལ་བཤད། 

ས་བུ་ཆེ་ལགས་ཀྱིས་སྒྱུར་བཞིན་པའི་ཛ་རཱ་ཐུགས་གྲོལ་གྱིས་ཇི་སྐད་དུ་སྨྲས་པ་ཞེས་པའི་བསྟན་བཅོས་གྲགས་ཅན་འདི་ལས་སྔོན་འགྲོ་ཡོངས་སུ་བསྒྱུར་ཚར་ཏེ་བཙན་པོ་ཚང་ནས་སྤེལ་འདོད་བྱེད་བཞིན་འདུག་ལ། ཁོང་གི་རེ་བ་ལྟར། དུམ་བུ་བཅུ་ལ་ཕྱེས་ཏེ། ངའི་ཟིན་པོད་ནས་གཟའ་ལྷག་པ་ནམ་ཚེས་ལ་རིམ་ཅར་དུ་སྤེལ་འཆར་ཡོད་པས། དེ་དོན་དོན་གཉེར་ཅན་རྣམ་པས་ཐུགས་འཇགས་མཛོད་ཅིག་གུ ། ཞེས་གོ་ཙི་ཙིས།