——རེབ་གོང་མདོ་དཔྱི་གཉིས་ཀྱི་དོན་རྐྱེན་ལས་འཕྲོས་པ།
ས་གང་ཞིག་ནས་མི་ཤི་དོན་རྐྱེན་ཞིག་འབྱུང་དུ་ཡོད་ན་དེའི་ལྟག་རྒྱབ་ཏུ་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་ངེས་ལ། རྒྱབ་ལྗོངས་དེ་གསེད་འགྲོལ་དང་འགག་རྩ་རེ་རེ་གཏོར་ནས་ཀུན་པོར་བསམ་རྒྱུ་ཡོད་པ་དང་མཉམ་འཇོག་རྒྱུ་ཡོད་པ་ཞིག་བྱེད་པ་ནི་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་གི་ལས་ཀ་ཡིན་པ་ལས། མ་བབ་པའི་མི་ག་གེ་མོར་སྐྱོན་འཛུགས་དང་དེའི་ཡུལ་བ་དག་ལ་སྡིགས་དམོད་རྣར་གཟན་པ་རེ་བྱེད་པ་ནི་རྒན་མོའི་ཅོ་འཛིང་གི་བརྟུལ་ཞུགས་མ་ཡིན་ནམ།
རེབ་གོང་མདོ་དཔྱི་གཉིས་ཀྱི་དོན་རྐྱེན་དེ་བྱུང་ནས་ཅང་མ་འགོར་བར་མི་མང་པོ་ཞིག་གི་གུས་བརྩི་བྱེད་པའི་སྤྱི་ཚོགས་དཔྱད་བརྗོད་པ་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་གྱི་སྐད་འཕྲིན་རྒྱབ་ལོགས་སུ་ཉིན་དེའི་པར་ཁ་ཤས་དང་། “བོད་ཀྱི་ལ་རྒྱ་ནང་ནས་རྩོད།། ཁ་ཆེའི་ལ་རྒྱ་ཕྱི་རུ་རྩོད།། ནང་དམེའི་ཁྲག་མཚོ་བསྐྱིལ་བ་ཡི།། རིག་འབྱུང་ཡུལ་གྱི་དཔེ་ལ་ལྟོས།། རེབ་གོང་མདོ་བ་དང་དཔྱི་སས་དམེ་བྱེད་པའི་རྣམ་པ།”ཞེས་ཐིག་ཕྲེང་གསུམ་བྲིས་འདུག སྤྱིར་ན་ཀུན་གྱིས་རེ་ལྟོས་ཆེན་པོ་དང་འགན་འཁུར་ཡོད་པའི་སྤྱི་ཚོགས་དཔྱད་བརྗོད་པ་ཞིག་གིས་སྤྱི་ཚོགས་རིག་པའི་ཟུར་སྣེ་ནས་དོན་རྐྱེན་འདི་ལ་དཔྱད་པ་གནད་ཐིངས་པ་ཞིག་བྲིས་ན་འགྲིག་མོད། ཐ་ན་ཚིག་སྦྱོར་ཀྱང་མི་བདེ་ལ་རེབ་གོང་ཡུལ་སྤྱི་ལ་ཟུར་ཟས་ཁེངས་བའི་སྐད་ཆ་དེ་འདྲ་ཞིག་གཡུགས་རྐྱང་བྱེད་པ་ནི་མཁས་པའི་ཁྲི་ལ་འགྱིང་བ་ཞིག་གི་ལས་ཀ་རེད་དམ།
འཚོ་བ་རོལ་དགོས་ན། རྩོད་པ་ཡོད་ངེས་ལ། འདི་ནི་འགྲོ་བ་སྤྱིའི་ཆོས་ཉིད་ཅིག་ཏུ་གྲུབ་ཡོད། རྩོད་པ་འདི་ཡང་ཁྱེད་ཅག་གི་བཤད་པ་བཞིན་གྱི་རྨོངས་མ་རྨོངས་དང་། ཤེས་མི་ཤེས། དཔལ་ཡོན་དར་མ་དར་གྱི་རྟགས་སུ་མཐའ་གཅིག་ཏུ་མི་རུང་ལ། དཔེར་ན། ཆེ་ས་ནས་བཤད་ན་དམངས་གཙོའི་རྒྱལ་ཁབ་ཏུ་བསྙད་པའི་ཨ་རིས་ཀྱང་ཨིན་ཊི་ཨེན་པའི་རོ་བརྩིགས་ནས་རྒྱལ་ཁབ་བཙུགས་པ་རེད་ལ། དཔལ་ཡོན་གྱི་རིག་གནས་དར་བའི་ཡ་ཧུ་དཱ་བས་ཀྱང་གཞན་གྱི་ས་ཆ་ནས་རང་གི་རྒྱལ་ཁབ་བཙུགས་པ་མ་ཡིན་ནམ། དེས་སྟབས་ཀྱིས། རྩོད་པ་ཕྲན་ཙམ་བྱུང་དུས་ཡུལ་ལུང་དེ་ལ་རེ་བ་མེད་ཚུལ་དང་བོད་གངས་ཅན་ལ་ཡི་ཐང་ཆད་ཚུལ། བླ་མ་དམ་པ་རྣམས་ཀྱི་བཀའ་དང་འགལ་ལུགས་སོགས་ལ་ལུང་དཀྱ་དཀྱོགས་བཅོ་བརྒྱད་དྲུད་ནས་རོ་དོང་ཞབས་ལ་འདྲུད་པའི་ལས་ཀ་མ་བྱེད་ཅིག
འཇིག་རྟེན་པ་སུ་ཡིན་ཀྱང་བདེ་བ་འདོད་ཅིང་། འཁྲུག་པ་དང་རྩོད་པ་མི་འདོད་པའི་སེམས་ཁྱོད་དང་ང་ཀུན་པོ་ལ་ཡོད་པ་རེད་ལ། འོན་ཀྱང་བདེ་བའི་རྩ་བ་གང་ཡིན་པ་ཤེས་ལྡན་དང་མཁས་པ་ཁྱེད་ཅག་གིས་དཔྱད་ནས་ངོ་སྤྲོད་རྒྱུ་ཞིག་ལས། སྡིགས་ནས་ངོ་ཤར་རྒྱུ་ཡོད་པ་ཞིག་མ་རེད། མདོ་དཔྱི་གཉིས་ཀྱི་རྩོད་པ་འདི་ཡང་ཁ་སང་དེ་རིང་བྱུང་བ་ཞིག་མ་ཡིན་པར་སྔར་ནས་བཟུང་སྟེ་སྡེ་ཕན་ཚུན་གཉིས་ལ་དགྲར་འཛིན་གྱི་བསམ་བློ་ཡོད་པ་རེད། དེས་སྟབས་ཀྱིས་དེ་སྔར་དོན་དག་དེ་ཅིའི་ཕྱིར་འདུམ་ཐབས་མ་བྱས་པ་དང་། ས་རྟགས་ཞིབ་བུ་ཞིག་ཅིའི་ཕྱིར་མེད་སོང་བ། ཐེངས་འདིར་བཀག་འགོག་བྱེད་མ་ཐུབ་པའ་རྒྱུ་མཚན། དངོས་གནས་དྲང་གནས་འཚོ་གནས་དཀའ་ཁག་ལ་འཕྲད་ནས་ས་སྤར་མོ་གང་རྩོད་དགོས་པའི་གནས་ལ་ཐུག་སོང་ངམ། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ག་འདྲ་ཡིན་ནམ། སྲིད་གཞུང་གི་ཐུགས་འཁུར་ག་ཙམ་གནང་ངམ་སོགས་ནི་ཁྱེད་ཀྱི་དཔྱད་པ་གཏོང་རྒྱུའི་གནས་སུ་འཁུམས་སོ།།
གཞན། ཁྱེད་ཡིད་སྨོན་ཤོར་སའི་ཁ་ཆེ་བ་དེ་ཚོ་ཡང་། ནང་འཁྲུག་མི་རྒྱག་མཁན་མིན་པར་མཆི་ལ། འོག་གི་མཆན་ས་བདག་ངོ་མ་གཞུང་ཡིན་ན་ས་ལ་བདག་པོ་རྒྱག་མི་དགོས་པའི་དོན་དག་དེ་ཡང་ཁྱེད་ཀྱི་ཁ་ཆུ་འཐོར་བ་ཡིན་གྱི་སྐད་ཆ་བཤད་པ་མིན་པར་ཆ་འཇོག་གོ།
འོད་སྲས་ནི་ཡུལ་ལྷ་ཐར་རོ།།
གསལ་འདེབས། རྩོམ་འདིའི་པར་དབང་ངེད་བཙན་པོ་ཚང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བརྒྱུད་འགོད་བྱེད་མི་ཆོག
རྩོམ་ཁུངས། བཙན་པོ་ཚང་།
རྩོམ་འདིའི་སྦྲེལ་ཐག http://www.tsanpo.com/forum/23042.html
2017 ལོའི་ཟླ 3 ཚེས 23 ཉིན། 15:48
ཞབས་འདྲེན་མ་བྱེད།
ས་རྩོད་ན་རྒྱ་ཡི་ལག་ནས་རྩོད།།. དེ་རྩོད་དང་བུ་རྒོད་ངར་བ་ཡིན།།
ངོ་ཚ། ཡུལ་ལུང་ཕྱོགས་ཞེན་གྱི་དུག་གིས་ཟིན་ཏེ། ལུད་པ་གང་སར་སྐྱུགས་འདུག
ངོ་ཚ་དགོས་པ་རེད།
རེབ་གོང་བའི་ངོ་ཚ་རེད།.
2017 ལོའི་ཟླ 3 ཚེས 22 ཉིན། 17:54
ཁྱེད་རང་གི་སྐད་ཆའི་བབས་ལ་ལྟོས་དང་།
དྲ་ལམ་དུ་འཕུད་སྲོལ་ཡོད་དམ།
གྲོགས་པོ། འུར་མ་ལངས། ཞོགས་འདྲོག་མ་བྱེད།