ཁྱེད་རང་ད་དུང་ཡང་《གངས་རིན་པོ་ཆེའི་》གློག་བརྙན་གྱི་རྣམ་ཤེས་ཁྲོད་དཀྲོལ་ཐབས་མེད་པའི་སྐབས་སུ། མེ་ཏོག་གིས་ཁྱེད་ལ་གངས་རིན་པོ་ཆེའི་བརྗིད་ཉམས་དང་གཟི་བརྗིད་གླེང་བ་མ་ཟད། བོད་མིའི་སེམས་ཁོང་གི་དག་ཞིང་སྟེ་འཛམ་གླིང་གི་ལྟེ་བ་ཡིན་པ་ཞིག་ཀྱང་གླེང་ཡོང་།ཨུ་རུ་སུའི་ཚན་རིག་པ་༡༩༩༩ལོའི་ཟླ་བ་བརྒྱད་པའི་ཚེས་༡༠ཉིན་སྒྲུང་གཏམ་ནང་གླེང་བཞིན་པའི་”དག་ཞིང་”བཙལ་བ་དང་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ནི་བོད་ཡུལ་ནི་འཛམ་གླིང་སྟེང་གཏོར་གཟུགས་མཆོད་རྟེན་ཆེས་མང་པའི་ས་ཞིག་ཡིན་པར་བཤད། ཚན་རིག་པ་འདི་དག་གིས་བོད་ཡུལ་ནས་གྲུབ་འབྲས་དང་ལྡན་པའི་སྒོ་ནས་གནས་ཤུལ་གཏོར་གཟུགས་མཆོད་རྟེན་༡༠༠ ལྷག་རྙེད། མཆོད་རྟེན་དེ་དག་ཚང་མའི་ཁ་ཕྱོགས་གཅིག་ལ་འཁོར་ཡོད་ལ་དེ་དག་ནི་དཀྱིལ་སྙིང་གངས་རིན་པོ་ཆེའི་མཐའ་བསྐོར་ནས་ཡོད་པ་རེད།

ཐེངས་འདིའི་ཚན་རིག་བརྟག་དཔྱད་ནི་ཨུ་རུ་སུའི་《རྩོད་སྒྲུབ་དང་དངོས་ཡོད》གཟའ་དེབ་ལས་བྱུང་བ་དང་། ཨུ་རུ་སུའི་མིག་གི་འཕྲོད་བསྟེན་དང་གཤའ་བཅོས་སྡེ་ཚན་ལྟེ་གནས་ལ་པ་འར་ཅུས་དངུལ་ཁང་གི་མ་དངུལ་བཏང་ནས་ཐོན་པ་རེད། འཛམ་གླིང་སྟེང་མིག་གི་གཤའ་བཅོས་ལ་མཁས་པའི་ཨུ་རུ་སུའི་སྨན་པ་ཨུ་སུ་མོའུ་འར་ཏ་ཧྲུས་ཕོས་恩斯特·穆尔达舍夫·里夫卡多维奇དངོས་ཕུང་ཞིབ་འཇུག་གི་སློབ་དཔོན་བཞིའི་སྡེ་ཚན་བཙུགས་ནས་ལག་ལེན་བྱས་པ་རེད། དེའི་དུས་གཞི་རྒྱ་ཆེ་བའི་ཚན་རིག་རྫས་དངོས་ལ་ལག་ལེན་དང་ཞིབ་འཇུག་བྱས་པའི་གྲུབ་དོན་ལ། ཁོ་ཚོས་གདེང་ཚོད་ཡོད་པའི་སྒོ་ནས་བོད་ཡུལ་ནི་གཏོར་གཟུགས་མཆོད་རྟེན་ཆེས་མང་བའི་ཡུལ་ཡིན་པར་ངོས་འཛིན་བྱས་པ་རེད།

རྩིས་རིག་གིས་ཞིབ་ཚགས་མོས་རྩིས་རྒྱབ་ན་བོད་ཡུལ་ཀྱི་གཏོར་གཟུགས་མཆོད་རྟེན་ཀྱི་ཁྱུ་ཚོགས་དང་ཨེ་རྗིབ་Egypt གཏོར་གཟུགས་མཆོད་རྟེན། མོ་སི་ཁོ་ Moscow གཏོར་གཟུགས་མཆོད་རྟེན། གྲུས་ལུས་ཀྱི་ལྷའི་གླིང་ Easter Island, a Chilean territory དང་། དབྱིན་ཇིའི་སུ་ཐོན་ཞ་ལ་སོགས་པ་བྲག་རྡོས་བརྩིགས་པ་དང་དེ་དག་གིས་བྱང་ཡུལ་གཅིག་ཏུ་སྤྲེལ་ཡོད། བོད་ཡུལ་དུ། ཁོ་ཚོས་གྲུབ་འབྲས་དང་ལྡན་པའི་སྒོ་ནས་གཏོར་གཟུགས་མཆོད་རྟེན་༡༠༠ ཡི་གནའ་ཤུལ་རྙེད་པ་དང་། མཆོད་རྟེན་དེ་དག་མངོན་གསལ་དོད་པོའི་སྒོ་ནས་ཁ་ཕྱོགས་གཅིག་ལ་ཁ་གཏད་ཡོད་འདུག དེ་དག་གིས་ལྟེ་བ་ནི་མཐོ་ཚད་ལ་མི་༦༧༡༤ ཡོད་པའི་གངས་རིན་པོ་ཆེའི་མཐའ་བསྐོར་འདུག

མཆོད་རྟེན་འདི་དག་གི་བཟོ་དབྱིབས་མི་འདྲ་ལ། ཆེ་ཆུང་ཡང་མི་འདྲ། དེས་མི་ལ་ངོ་མཚར་དུ་འཇུག ཚོད་དཔག་གིས་རྩིས་བྱས་ན། དེ་དག་ནི་རི་འདབས་ནས་རི་རྩེའི་བར་དུ་རྨི་༡༠༠ ནས་༡༨༠༠ བར་ན་ཡོད་པ་རེད། ཨེ་རྗིབ་ Egypt ཀྱི་ཆེས་ཆེ་བའི་གཏོར་གཟུགས་མཆོད་རྟེན་དེའི་མཐོ་ཚད་ཡང་རྨི་༡༤༦ ཡོད་པ་རེད། གཏོར་གཟུགས་མཆོད་རྟེན་ཡོངས་བཞེངས་པའི་དུས་ནི་ཧ་ཅང་སྔ་བས་གཏོར་བཤིག་དང་ཆགས་འཇིག་ཧ་ཅང་ཆེ། ཡིན་ཡང་ཞིབ་འཇུག་ཞིབ་ཚགས་མོ་བྱས་ན་གཏོར་གཟུགས་མཆོད་རྟེན་གྱི་བཟོ་དབྱིབས་ཤེས་ཐུབ། དེའི་རྒྱབ་ལྗོངས་སུ་འབུར་དངོས་དང་འཐིམ་དངོས་ཀྱི་རྡོ་གསལ་བོ་མཐོང་ཐུབ། ཚན་རིག་པས་འདི་ལ་”མེ་ལོང”་ཞེས་བོས།

མེ་ལོང་འདི་དག་གི་བཀོད་སྤྱོད་ལ་ཧ་ཅང་ངོ་མཚར་ཆེ་བ་ཡོད། འདིའི་ནང་ནས་ཁོ་ཚོས་མི་མགོ་དབྱིབས་ལྟ་བུའི་བྲག་རི་རྙེད་སོན་བྱུང་བ་རེད། དེ་བས་རྒྱུ་མཚན་ལྡན་པའི་སྒོ་ནས་བོད་ཡུལ་ན་ཡོད་པའི་གཏོར་གཟུགས་མཆོད་རྟེན་གཙོ་བོ་དག་ནི་གནའ་སྔ་མོར་མིས་འཛུགས་བསྐྲུན་བྱས་པར་འདོད།

ཐོག་མར་ཁོ་ཚོའི་བསམ་པ་ལ། དེ་ནི་དུས་ཚོད་རྒྱུ་རྐྱེན་ལ་བརྟེན་ནས་བོད་ཡུལ་གྱི་རི་ཚོགས་ནི་གཏོར་གཟུགས་མཆོད་རྟེན་ལ་འགྱུར་བར་སྙམ། ད་བར་དུ་ཁོ་ཚོས་པར་དང་རི་མོ། བརྙན་སོགས་རྒྱུ་ཆ་ཡོད་ཚད་ལ་ཞིབ་ཚགས་ཀྱིས་ཞིབ་འཇུག་བྱས་པ་དང་། བསམ་ཚུལ་དེ་ཁོ་ཚོ་དང་ཁ་བྲལ་མེད། ནོར་འཁྲུལ་ཡོ་བསྲིང་བྱེད་པའི་ཆེད་དུ། ཁོ་ཚོས་རིའི་བཟོ་དབྱིབས་བྲིས་པ་དང་། གཏོར་གཟུགས་མཆོད་རྟེན་དང་རིའི་རི་མོ་གཉིས་མཉམ་དུ་རྩིས་ཁྲ་ནང་ལ་བཅུག་པར། ཐ་མ་དེར་བཟོ་དབྱིབས་བྲིས་ཡོང་ཐུབ་པ་རེད། འདི་ལྟར་གང་དག་ནི་གཏོར་གཟུགས་མཆོད་རྟེན་དང་གང་དག་ནི་རང་བྱུང་གི་རི་ཡིན་པར་ངོས་འཛིན་གསལ་བོ་ཤེས་ཐུབ།

༡༩༩༨ ལོར་རི་བོ་ཧི་མ་ལ་ཡར་རི་འཛེགས་ཞིབ་འཇུག་བྱས་པའི་ཁྲོད། རྒྱ་གར་གྱི་གྲྭ་བ་ཞིག་གིས་གངས་རི་ཞིབ་འཇུག་མཁན་ཞིག་ལ་བོད་ཡུལ་ན་ཡོད་པའི་གངས་རིན་པོ་ཆེའི་པར་ཞིག་ལ་ལྟ་བར་བཅུག་པ་དང་། དེའི་སྐབས་སུ་མོ་ཌྷི་འར་ཏ་ཕོ་ངོ་མཚར་ནས་སྐད་ཤོར་བ་དང་ཁོས་”འདི་ནི་རི་ཞིག་མ་རེད། འདི་ནི་གཏོར་གཟུགས་མཆོད་རྟེན་རེད་”ཟེར་བ་རེད། ངོ་མཚར་སྐྱེས་མིའི་རྣམ་པ་དེར་ཁོ་ཚོ་ཚང་མར་སྤྲོ་སྣང་སྐྱེས། རྒྱུ་མཚན་ཁོ་ཚོས་ཀྱང་གཏམ་རྒྱུད་ནང་གི་”དག་ཞིང་”དེ་གངས་རིན་པོ་ཆེའི་ས་ན་ཡོད་པར་ཤེས་ཡོད།

བལ་ཡུལ་དང་བོད་ཀྱི་བླ་མས་ཁོ་ཚོ་ལ་གསུང་རྒྱུར། གསང་སྔགས《གནའ་བོའི་རྒྱ་གར་དུས་མཇུག་གི་ནང་ཆོས་》ནུས་ཤུགས་སྤེལ་ཡུལ་ས་གནས་འདི་ཡིན་ཟེར། དེ་ནི་གངས་རིན་པོ་ཆེ་ལ་མཆོད་འབུལ་དུ་ཡོང་བའི་མིས་ད་དཟོད་ཤེས་པ་ཡིན་ཟེར། རྒྱུ་མཚན་ས་འདིའི་མིང་ལ་”འཆི་བདག་གི་གནས་”ཀྱང་ཟེར། ཚན་རིག་པ་རྣམས་མཚོ་ངོས་ལས་མཐོ་ཚད་མིས་༥༦༨༠ ཅན་གྱི་”འཆི་བདག་གི་གནས་ཡུལ་”ལ་བརྒལ། བླ་མས་བསྟན་པའི་ལམ་གོམ་པ་གང་ཡང་བྲལ་མི་འདུག

ཧ་ལས་པ་ཞིག་ལ། སའི་གོ་ལ་འདིའི་སྟེང་ན་སྔར་ནས་ས་སྟོང་ཞིག་མི་འདུག ཨུ་རུ་སུ་སོང་བའི་ས་དེར་མི་གཞན་སྔ་ས་ནས་ཕྱིན་འདུག ཡིན་ཡང་ཁོ་ཚོའི་སྔོན་ལ་མི་སུས་ཀྱང་གཏོར་གཟུགས་མཆོད་རྟེན་མ་མཐོང་བ་ཡིན་ནམ། སྤྱིར་གངས་རིན་པོ་ཆེ་ནི་ས་ཐག་རིང་ཞིང་རི་ཁ་མཐོ། འདི་འདྲ་ཡིན་ཡང་རྒྱ་གར་བ་དང་། འབྲས་ལྗོངས། འབྲུག་པ་ལ་སོགས་པ་ས་ཐག་རིང་པོ་ནས་འདིར་གནས་མཇལ་དུ་འོང་བཞིན་འདུག ལ་ཤས་ནི་གནས་རི་ལ་ལན་གཅིག་ལྟ་རྒྱུ་དེ་ཡིན་པ་དང་། ལ་ཤས་ཀྱིས་བརྩོན་འགྲུས་ཆེན་པོས་གནས་བསྐོར་ལན་ཅིག་བྱེད་རྒྱུ་དེ་རེད། ཡིན་ཡང་གཟུགས་ཕུང་བདེ་ཐང་ཡིན་པའི་མི་ཁོ་ནས་ད་གཟོད་ལེ་བར་༦༠ རིར་བརྒལ་ནས་བསྐོར་བ་ལན་ཅིག་བྱ་ཐུབ།

འཛམ་གླིང་སྟེང་ན་གཏོར་གཟུགས་མཆོད་རྟེན་མང་པོ་ཡོད་པ་དང་། ཨེ་རྗིབ་ནང་༣༤ ཡོད་ལ། ལ་ཏིན་ཨ་མེ་རི་ཀར་༡༦ ཡོད། ཡིན་ཡང་བོད་ཡུལ་ས་ཁུལ་ཆུང་ཆུང་དེ་ནས་མཆོད་རྟེན་༡༠༠ རྙེད་པ་རེད། འོན་ཏེ་བོད་ཡུལ་གྱི་གཏོར་གཟུགས་མཆོད་རྟེན་དང་གཏོར་གཟུགས་མཆོད་རྟེན་གཞན་དག་གི་བར་ན་མི་འདྲ་བ་ཅི་ཞིག་ཡོད་དམ། ཚོགས་གཙོ་མོའུ་འར་ཏེ་ཕོའུ་ཡིས་ཨེ་རྗིབ་Egypt དང་མོ་ཤུ་ཁུའི་Moscow གཏོར་གཟུགས་མཆོད་རྟེན་ལ་བལྟས་ཟིན་པ་དང་། ཁོས་མཐོང་སྣང་ལ་བོད་ཡུལ་གྱི་གཏོར་གཟུགས་མཆོད་རྟེན་ནི་ཆེས་གཟི་བརྗིད་ལྡན་པ་རེད་འདུག།

ཁོའི་བསམ་པ་ལ་བོད་ཡུལ་གྱི་གཏོར་གཟུགས་མཆོད་རྟེན་ཡང་གཞན་དང་འདྲ་བར་གནའ་དུས་མིས་བཞེངས་པར་སྙམ། དེ་ནི་ས་ཁུལ་ཁ་ཤས་ཤིག་གི་གཏོར་གཟུགས་མཆོད་རྟེན་དང་བསྡུར་ནས་ལྟོས་ན་ཤེས་ཐུབ། བོད་ཡུལ་གྱི་གཏོར་གཟུགས་མཆོད་རྟེན་ཕལ་མོ་ཆེ་ནི་ནང་ངོས་སྒོར་སྒོར་དང་ཕྱེད་དབྱིབས་དང་ནང་ངོས་རྡོས་གྲུབ་པ་ཞིག་རེད་ལ། ཁོ་ཚོས་དེ་ལ་”མེ་ལོང་”ཟེར་བ་དང་། དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་དམིགས་བསལ་གྱི་འགྱུར་ལྡོག་བྱུང་བ་རེད།

དུས་ཚོད་ལ་ཇེ་ཐུང་དང་ཇེ་རིང་དུ་གཏོང་བའི་ནུས་པ་ཡོད་པ་རེད། “ཁུ་ཇུས་ལེ་ཧྤོའི་མེ་ལོང་(༡)་ལ་ཇེ་ཐུང་ལ་གཏོང་བའི་ནུས་ཤུགས་ཡོད་པ་རེད། དེ་བས་གནའ་རྫས་བརྟག་དཔྱད་པ་ཚོས་བོད་ཡུལ་གྱི་རྡོའི་མེ་ལོང་དང་”ཁུ་ཇུས་ལེ་ཧྤོའི་མེ་ལོང་”བར་ན་འདྲ་བའི་ཆ་མང་པོ་ཡོད་པ་རེད་ཟེར།དེས་བོད་ཡུལ་གྱི་”རྡོའི་མེ་ལོང་”ལ་ཡང་ཇེ་ཐུང་ལ་གཏོང་བའི་ནུས་ཤུགས་ཡོད་ཟེར་ཀྱང་ཆོག

སྤྱིར་ཚན་རིག་པས་བོད་ཀྱི་བསྟན་བཅོས་ནང་འཛམ་གླིང་གི་གཏོར་གཟུགས་མཆོད་རྟེན་དང་འབྲེལ་བའི་རྒྱུ་ཆ་མ་རྙེད་ཀྱང་། ཁོ་ཚོའི་བསམ་པ་ལ། བོད་ཡུལ་གཏོར་གཟུགས་མཆོད་རྟེན་གངས་རིན་པོ་ཆེའི་མཐོ་ཚད་ལ་རྨི་༧༦༡༤ ཡོད་པ་ནི་གསང་བ་གལ་ཆེན་པོ་ཞིག་ཡིན་པར་སྙམ་འདུགགངས་རིན་པོ་ཆེ་ནས་སུས་ཐོན་ཧྤོའུ་ཇུས་རི་ཚོགས་(༢)ཀྱི་བར་ན་ཡང་ལེ་བར་༦༧༡༤ ཡོད་པ་རེད། དེ་དག་ནི་སུད་ཐོན་ཇ་ཇུས་ནས་པེ་མོ་གསེར་ཁང་(༣)དང་ཡང་དེ་ནས་Easter Island) བར་ཐག་གཅིག་པ་ཡིན་པ་དང་། དེ་ལས་གཞན་གངས་རིན་པོ་ཆེ་ནས་པེ་ཇུས་(༤)བར་ཐག་དེ་ཡང་སྤྱི་ལེ་༦༧༡༤ ཡོད་པརེད།

མིར་ངོ་མཚར་སྟེར་བ་ཞིག་ལ། བོད་ཀྱི་གནའ་བོའི་བསྟན་བཅོས་ནང་ཅུས་ཡད་ལན་ན་པུ་ལེན་ཚུ་ཁ་ཡའི་及叶莲娜·布兰茨卡娅elena Chukovskayaནི་༡༩༣༡ བསམ་ཚུལ་བཏོན་འདུག་པ་ནི། ཆུས་ཆེན་པོ་མ་བསྣུར་གོང་གི་པེ་ཇུས་དེ་བོད་ཡུལ་གྱི་ལྷའི་ཞིང་ཁམས་ཡིན་པར་བསྟན་འདུག ཆུས་ཆགས་འཇིག་དེ་གཡོ་འགུལ་ལས་བྱུང་བ་དང་། གངས་རིན་པོ་ཆེའི་རྩེ་མོ་ན་སྔོན་པེ་ཇུའི་གནས་པའི་ས་གནས་དེ་ཡོད་སྲིད། ངོ་མཚར་ཆེ་བའི་གཏོར་གཟུགས་མཆོད་རྟེན་འཛུགས་བསྐྲུན་མཁན་རྣམས་ཀྱིས་བོད་ཡུལ་གྱི་གཏོར་གཟུགས་མཆོད་རྟེན་གྱི་མཐོ་ཚད་ལས་ས་འགུལ་སྔ་གཞུག་གིས་བར་ཐག་ལ་ཚོད་དཔག་བྱས་པ་རེད།

འདིར་གསལ་བོར་བརྗོད་ཐུབ་པ་ཞིག་ལ། གངས་རིན་པོ་ཆེའི་རྩེ་མོའི་གཏོར་གཟུགས་མཆོད་རྟེན་གྱི་ནུབ་ཀྱི་མེ་ལོང་དེ་ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་གྱི་ཕྱོགས་སུ་ཁ་གཏད་འདུག མ་ཟད་དེའི་བྱང་གཉིས་ཀའི་མེ་ལོང་མོ་ཤུ་ཁུའི་MOSCOWགཏོར་གཟུགས་མཆོད་རྟེན་ལ་གཏད་འདུག ཨེ་རྗིབ་Egypt སེང་གེའི་མི་གདོང་གི་སྐུ་དེ་དག་ཡང་གངས་རིན་པོ་ཆེར་ཁ་གཏད་འདུག རིག་ལམ་ལ་ལྟོས་ན། འདི་འདྲའི་གཏོར་གཟུགས་མཆོད་རྟེན་དང་བཟོ་བསྐྲུན་ཚོགས་སྡེ་ནི་སའི་གོ་ལའི་ཕྱོགས་གཞན་ན་ཡང་ཡོད་ངེས། ཡིན་ཡང་དེ་ནས་གཏོར་གཟུགས་མཆོད་རྟེན་རྙེད་མེད།

ཁོ་ཚོས་སའི་གོ་ལ་གནས་གཞན་ཞིག་ལ་འདིའི་རིགས་ཀྱི་སྣེ་མོ་འཐེན་དུས། མཇུག་འབྲས་དེ་ཨེ་རྗིབ་གཏོར་གཟུགས་མཆོད་རྟེན་དང་མོ་སི་ཁུའི་གཏོར་གཟུགས་མཆོད་རྟེན། སུས་ཐོན་ཇ་ཆུས་རྡོ་ཚོགས་དང་འདྲ་བའི་ས་ཆ་ཚང་མ་ཆུའི་འོག་ན་གནས། དེ་བས་ཁོ་ཚོ་དེ་དག་ལ་རྒྱུས་ལོན་བྱེད་ཐབས་བྲལ། ཨུ་རུ་སུའི་དངོས་ཁམས་རིག་པ་འོ་འར་ཇིན་ཇད་འར་ཐུ་ཧྲུས་ནེས་འཛམ་གླིང་གི་གཏོར་གཟུགས་མཆོད་རྟེན་ལ་ཞིབ་འཇུག་བྱས་མྱོང་། གྲུབ་དོན་དེ་ནི་སའི་གོ་ལའི་སྟེང་ན་ད་དུང་གཏོར་གཟུགས་མཆོད་རྟེན་ཡོད་ངེས་པ་དེ་རེད།

མཐའ་སྡོམ་ཚན་རིག་པས་ད་རུང་འདོད་བློ་ཁེངས་བའི་ཤེས་བྱར་ལན་འདེབས་རྒྱུ་མེད། འཛམ་གླིང་གཏོར་གཟུགས་མཆོད་རྟེན་བཞེངས་པ་དང་གནའ་ཤུལ་བཞེངས་བསྐྲུན་དེ་དག་གི་དམིགས་ཡུལ་ནི་ཅི་ཞིག་ཡིན་ནམ། ཚོད་དཔག་བྱས་པ་ལྟར་ན། གཏོར་གཟུགས་མཆོད་རྟེན་ལས་མི་ག་གེ་མོ་ཞིག་དང་དོན་རྐྱེན་ག་གེ་མོ་ཞིག་གིས་སའི་གོ་ལ་དང་འཇིག་རྟེན་མཐུད་རྒྱབ་པ་རེད།

 

སྒྱུར་པ་པོའི་གསལ་བཤད།

རྩོམ་འདི་ཡོང་ཁུངས་བོད་ཡུལ་གནས་སྐོར་ཅེས་བའི་དུས་དེབ་དང་དྲ་ཐག་ནི་ www.sohu.com
རྩོམ་ཡིག་འདི་དང་འབྲེལ་ཡོད་ཡིག་ཆ་དང་ཡིག་ཚགས་ཕྱོགས་བསྒྲིགས་གློག་བརྙན་ཡང་མང་པོ་ཡོད་འདུག་པར་ཐུགས་སྣང་ཅན་ཚོས་གཟིགས་འཚལ།

སྒྱུར་པ་པོའི་མཆན། (བོད་ཡུལ་སྟོད་མྨད་བར་གསུམ་དུ་གངས་རིན་པོ་ཆེ་ལྟ་བུའི་གངས་རྒན་མང་པོ་ཡོད་པར་བོད་ཀྱི་གནའ་དེང་ཟུང་གིས་དཔྱོད་ཅིག)

(༡)ཁུ་ཇུས་ལེ་ཧྤོའི་མེ་ལོང་”   Kozyrev Mirrors འདི་ནི་ཨུ་རུ་སུས་༡༩༩༠ ལོར་གསར་བཏོད་བྱས་པའི་ཚན་རིག་བརྟག་དཔྱད་ཡོ་ཆས་ཤིག་རེད།
(༢)སུས་ཐོན་ཧྤོའུ་ཇུས་རི་ཚོགས་འདི་ནི་དབྱིན་ཇིའི་ཆེས་མིང་དུ་གྲགས་པའི་ཡུལ་སྐོར་བའི་གནས་དང་ཚན་རིག་པས་འདི་ནི་སྤྱི་ལོ་སྔོན་གྱི་ལོ་༣༠༠༠སྔོན་ནས་བཞེངས་བར་སྙམ་འདུག འདིའི་མིང་གཞན་དུ་མ་ཡོད་ལ་ཉི་མའི་ལྷ་ཁང་ཀྱང་ཟེར་།
(༣)པེ་མོ་གསེར་ཁང་(འདི་མིང་གཞན་ལ་བདུད་ཡུལ་ཟེར་བ་དང་ Atlantic Ocean རྒྱ་མཚོའི་ནུབ་ཕྱོགས་སུ་ཡོད་པའི་བརླག་ཟིན་པའི་ས་ཆ་ཞིག་ཡིན་པ་དང་། འདི་ནས་གནམ་གྲུ་དང་གྲི་གཟེངས་མང་པོ་བརླག་ཟིན་འདུག སའི་གོ་ལའི་སྟེང་གི་ས་ཆ་ཁྱད་མཚར་ལ་ངོས་འཛིན་བྱས་འདུག དབྱིན་ཡིག་ཏུ་
Bermuda Triangle་ཟེར།
(༤)པེ་ཇུས་ Arcticའདི་ནི་སའི་གོ་ལའི་བྱང་མཐར་གནས། རྒྱ་མཚོའི་ Arctic འགྲམ་ན་འཁྱག་རོམ་གྱིས་བཏུམ་ནས་གནས་ཡོད། ཨ་རི་དང་ཁ་ན་ཊའི་ས་མཚམས་ན་ཡོད་པ་དང་། སའི་གོ་ལ་སྟེང་གི་གངས་ཀྱི་འཇིག་རྟེན་ཅིག་རེད།
(༥)ཅུས་ཡད་ལན་ན་པུ་ལེན་ཚུ་ཁ་ཡའི་及叶莲娜·布兰茨卡娅elena Chukovskayaནི་༡༩༣༡ ལོར་ཨུ་རུ་སུའི་ནང་སྐྱེས་པའི་བུད་མེད་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོ་མོ་ནི་ཨུ་རུ་སུའི་རྒྱལ་པོའི་སྲས་མོ་ཡིན་པ་དང་། ཨ་མ་ནི་མིང་གྲགས་ཆེ་བའི་རྩོམ་པ་པོ་དང་སྙན་ངག་པ་ཞིག་རེད། ཁོ་མོ་ཡང་རྩོམ་པ་པོ་དང་སྙན་ངག་པ་ཞིག་རེད། ཁོ་མོའི་བུ་མོ་ཡང་རྩོམ་པ་པོ་ཡིན་པ་དང་མི་ཚང་འདི་ནི་མི་རབས་གསུམ་ལ་རྩོམ་པ་པོ་སྐྱེས་པའི་ཁྱིམ་ཚང་དམིགས་བསལ་ཅན་ཞིག་རེད།

མ་རྩོམ་གི་དྲ་ཐག http://www.sohu.com/a/153661794_168070