ལོས་ཡིན་ཧྥུན་གྱིས་བརྩམ།
གསེར་བུས་བསྒྱུར།

 

འཛམ་གླིང་སྟེང་ནས་ཆེས་མང་བའི་དངོས་པོ་བཟང་གྲས་ཀྱི་སྐོར་དེ་ནི་མི་སྒེར་སྐོར་ཅིག་གིས་བདག་བཟུང་ལྟ་བུ་བྱས་ཡོད། རྒྱུ་མཚན་ནི་བཟང་གྲས་ཀྱི་དངོས་པོར་ནམ་རྒྱུན་ཚད་ཡོད་ཅིག་ཡིན་པས་དེ་ནི་མི་གཅིག་གིས་ལོངས་སུ་སྤྱོད་དབང་དུ་བསྡུས་འགྲོ་མོད། འོན་ཀྱང་། དམིགས་བསལ་གྱི་གཅིག་ཡོད་པ་དེ་ནི་དམངས་གཙོ་རེད།

དམངས་གཙོ་ནི་ལོངས་སུ་སྤྱོད་པས་མིའི་ཁ་གྲངས་མང་ཉུང་གི་རིན་ཐང་ཚད་འཇལ་ཅིག་མིན་སྟེ། ཚབ་ཞུགས་མི་སྣ་ཅི་ལྟར་མང་ན་དེའི་ཕན་ཁེ་དེ་ལྟར་མཐོ་ཞིང་། རིམ་པ་ལྟར་མཐོ་བའི་མཐའ་མེད་ཕན་འབྲས་ཀྱི་“དཔལ་འབྱོར་ལམ་ལུགས་”ཤིག་ཡིན་ངེས་ལ། 

དམངས་གཙོའི་དགེ་མཚན་ནི་མི་རེ་རེའི་མངའ་ཁོངས་སུ་གཏོགས། ཡིན་ནའང་། ཚད་མཐའ་ཆེས་ཆེ་བའི་དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཡོན་ནི་ཕྱིར་མངོན་ཞིང་། དེའི་ངེས་པར་དུ་ཚད་མཐའ་ཆེས་ཆེ་བའི་དམངས་གཙོ་དེ་མུ་མཐུད་དུ་ཁྱབ་སྤེལ་གཏོང་དགོས་པ་ཡིན། ཡིན་ནའང་། སྲོལ་རྒྱུན་དམངས་གཙོའི་མི་ཞིག་གི་ཆ་ནས་བཤད་ན་དེ་འདྲའི་དཀའ་ངལ་མེད་ཡང་། སྒེར་གཅོད་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན་ལྟར་སྣང་མ་ཡིན་པའི་བསླུ་བྲིད་ཅིག་ཐེབས་སྲིད། དབང་འཛིན་པའི་སྣང་ངོར་ངས་ནི་ཆར་རླུང་སོགས་གང་དགོས་ན་དེར་གཏོང་ཐུབ་པའི་ང་ལ་སུའི་དོ་ཟླ་ཡོང་ངམ་འདྲི་སྲིད།

གཏན་ཚིགས་རིག་པ་འདིའི་ཐོག་ནས་བཤད་ན་དབང་འཛིན་པས་སྣང་ངོར་དམངས་གཙོ་ལམ་ལུགས་ནི་དབང་ཆའི་བགོ་བཤའ་བརྒྱབ་ནས་མི་དམངས་ཚོར་རྔན་སྟེར་ནུས་པས་མི་དམངས་ཀྱི་བཟང་ཆ་ཡིན། ཁོ་ཚོས་ངོས་ན་བལྟས་ན་དེ་ལ་ཚོང་ཉེས་དང་གྱོང་གུན་མེད་པར་འདོད། ཡིན་ཡང་། ལོ་རྒྱུས་སྟེང་གི་གོང་མིས་འདི་ལྟར་འདོད་ཏེ་ད་ལྟ་མི་མི་ཉུང་བ་ཞིག་ལ་དེ་ལས་མ་ཡིན་པའི་ལྟ་ཚུལ་ཡོད་པར་གདའ། དོན་གྱིས་
ངོ་མ་དེ་འདྲ་ཡིན་ནམ། ཏག་ཏག་ལྡོག་པའོ།
ལོ་རྒྱུས་ཀྱི་ངོས་ནས་ཀྲུང་གོ་ནི་སྒེར་གཅོད་རྒྱལ་ཁབ་ཅིག་ཡིན་ཞིང་། གཞི་རྒྱ་ཆེ་བའི་གོང་མའི་ཁྲོད་ཁོང་ནི་བླ་ན་མ་མཆིས་པ་དེ་ཡིན་པར་ཐེ་ཚོམ་མེད་ལ། ཁོང་ལ་བློ་དོགས་མེད་པར་མ་ཟད་འགྲན་བཙུགས་མི་ཐུབ་པའི་བཙན་དབང་ཡོད། འོན་དེ། དེ་ལ་དཔེ་བརྗོད་མང་བོ་མི་དགོས་པར་ང་ཚོས་ཡང་ཤེས་སླ་སྟེ། གོང་མ་ནི་ཐུན་མོང་མ་ཡིན་པའི་ཉེན་འཚུབ་ཀྱི་ལས་རིགས་ཤིག་ཡིན་ལ། གོང་མའི་ཕོ་བྲང་ནང་གི་རྒྱལ་སྲས་ནི་ནམ་རྒྱུན་སྐྲག་སྐྲག་འདར་འདར་ངང་གཟབ་ནན་ཆེ་བ་ཅིག་ཡིན།

ཅིའི་ཕྱིར་ཞེ་ན། རྒྱུ་མཚན་ནི་ཁོས་ལག་ན་འགྲན་ཟླ་བྲལ་བའི་རལ་གྲི་རྣོ་ངར་ཅིག་ཡོད་ཀྱང་། མི་ཚང་མ་ཁོང་གི་རལ་གྲི་ལ་སྐྲག་པར་བཀུར་བའི་ཚང་མས་གཞན་ཚབ་རང་བྱེད་སྲིད། འདིའི་ཁུངས་མེད་ལུང་མེད་ཅིག་མངོན་ཞིང་ཆེས་ཆེ་བའི་བཙན་དབང་ནི་མི་གཅིག་མཚོན་ལ་དེར་ནི་སྲུང་སྐྱོབ་སྟོང་བས་ཡིན།
སྤྱིར་མངོན་གསལ་ལྟར་ན་ཀྲུང་གོའི་གོང་མ་ཡི་འཚོ་ཡུན་ནི་རྟ་ནོར་འཚོ་སྐྱོང་གི་འབངས་མི་ལས་ཐུང་སྟེ། རྒྱལ་རབས་རིམ་བྱོན་གྱི་གོང་མའི་སྐྱེ་འཆི་ཡི་ལོ་ཟླ་གནད་ལ་འཁེལ་ཐུབ་པའི་མི་ནི་ཁྱོན209ཡོད་ཞིང་། དེར་ཆ་སྙོམས་ཀྱི་འཚོ་ཡུན་ནི་ལོ་39.2%ཡིན་ཞིང་། 
ཁུང་ཙི་རང་ལོ་སུམ་བཅུར་བུད་དུས་རང་ཚུགས་ཐུབ་ཞིང་། བཞི་བཅུར་བུད་དུས་སོམ་ཉིས་རྒྱ་ལས་གྲོལ་ཞེས་བཤད་མོད། འོན་ཀྱང་། ཀྲུང་གོའི་གོང་མ་མང་ཆེ་ཤོས་ལོ་བཞི་བཅུར་སླེབས་མི་ཐུབ་སྟེ། དེའི་གཙོ་བོའི་རྒྱུ་རྐྱེན་ནི་རྒྱུན་ལྡན་ལྟར་མིན་པས་འཆི་བ་དེ་རེད། ཀྲུང་གོའི་ལོ་རབས་སུ་ཅང་ཧྲིན་གཅིག་གྱུར་བྱས་པའི་མངའ་བདག་ཁྲོའོ་དང་ཟུར་དུ་གནས་སྐབས་གཞིས་ཆགས་པའི་མངའ་བདག་ཆུང་བར་སོགས་ཁྱོན་རྒྱལ་བོ་611ཡོད་ཞིང་། དེའི་ནང་དུ་རྒྱུན་ལྡན་ལྟར་སྙུང་གཞི་དང་རྒས་འཁོགས་ཀྱིས་ཤི་བ་339དང་། བདེ་བར་གཤེགས་པ་མ་ཡིན་པའི་མི་ནི་272ཡོད་སྟེ། རྒྱུན་ལྡན་མ་ཡིན་པའི་ཤི་ཚད་ནི་44%ཡིན་པས་དེ་ནི་སྤྱི་ཚོགས་ཀྱི་རང་བཞིན་མ་ཡིན་པའི་ལས་སྦྱོར་བྱེད་སྒོ་ཅིག་ཡིན།

གོང་མའི་ཁྱད་དབང་སྒེར་འཛིན་བྱས་པ་ནི་དོན་བཟང་ཞིག་མིན་ལ། གོང་མ་མང་ཆེ་ཤོས་ནི་རྨོངས་གཉིད་ལས་གཏན་དུ་མི་སད་པ་དང་ཡང་ན་སད་དུས་འཕྱི་སོང་བ་རེད། ཁྲུང་ཏོའོ་ནི་དེའི་ཁྲོད་ཀྱི་གཅིག་ཡིན་ལ1644ལོའི་ཟླ་4བའི་ཚེས་24ཉིན། ལས་ཙི་ཁྲུན་དང་ཞིང་བ་འོས་ལངས་བྱས་ཏེ་པེ་ཅིན་གྱི་མཁར་དམག་དང་རིམ་བཞིན་གོང་མའི་ཕོ་བྲང་སོགས་སྟོར་བས། ཁྲུན་ཏོའོ་ཡི་མངའ་ཐང་ཡང་ཉམས་ཤིང་ཆེས་མཐའ་མའི་གོང་མིའི་བཀའ་ཡིས་ཆབས་ཅིག་བཙུན་མོ་སོགས་ཀྱང་ལྕེབ། 

སྐབས་དེར། རྒྱུན་འདུག་ཀོང་ཇོ་ནི་ལོ་16ཅན་ཞིག་ཡིན་ལ། ཁོ་མོ་ནི་དེ་ལྟར་འཆི་མི་འདོད་ཡང་ཁྲུན་ཏོའོ་གོན་པར་འཇུས་ནས་ལེ་བདའ་དང་མིག་ཆུ་འབྱིན་ཞོར་ཨ་ཕར་སྐྱབས་འཇུག་ཞུས་ཏེ་མི་ཚེའི་འཕེན་པ་རྫོགས་དགོས་བྱུང་། ཁྲུན་ཏོའོ་ཡིས་ཀྱང་རལ་གྲི་བཟུང་ནས་ཁྱེད་ཉིད་ཅིའི་ཕྱིར་གོང་མའི་ཁྱིམ་དུ་སྐྱེ་བ་ཡིན་ཞེས་ཕར་བུ་མོར་སྨད།

ཁྲུན་ཏོའོ་འགྱོད་པ་ཅིག་སྐྱེས་བ་ནི་ཤ་ཆད་བུ་མོ་གོང་མའི་ཁྱིམ་དུ་སྐྱེས་པ་ཡིན། འོན་ཀྱང་། ཁོས་རྟོགས་སད་ནི་དེ་ལྟར་མི་མཐོ་ལ་ཤེས་བྱ་དེ་བས་ཀྱང་མི་ཟབ་མོད། ཁོས་ནི་བུ་མོར་ལེ་བདའ་བྱེད་པ་ལས་རང་ཉིད་ནི་ལམ་ལུགས་ཅིག་གི་བདག་པོ་ཡིན་པར་ལེ་བདའ་མི་བྱེད། དེ་ལྟར་འང་ཡིན་སྟེ། དོན་དངོས་ཀྱི་གནད་དོན་ནི་ཁོས་ལུས་སྟེང་ན་མེད་པར་ངན་པ་དགུ་ཚང་གི་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་དེ་ཡིན།

སྐབས་རེར་འཚོ་བ་ནི་མནར་གཅོད་གཏོང་བའི་མི་གཤིས་ཀྱི་རང་དབང་མནན་པའི་སྤྱི་ཚོགས་ཞིག་ཡིན་ལ་དེའི་དཀའ་ངལ་ནི་མི་སོ་སོའི་རང་སྲུང་གཙོ་བཞག་དེ་ཡིན། གོང་མ་ལ་མཁོ་བ་ནི་དོན་ལྡན་གྱི་སྲུང་སྐྱོབ་གཙོ་བོ་ལས་མི་དམངས་གཙོ་བོ་མིན་པའི་ཕན་ཚུན་གྱི་འགལ་བ་གཞི་གྲུབ་བྱུང་བའང་དེའི་དོན་ཡིན། 
ཆེས་གོད་ཆག་ནི་མེན་ཁྲོའི་དཔོན་རབས་ཡིན་ཞིང་ཀྲུའོ་ཡཱན་ཀྲུའུ་ནི་ཞིང་བ་ཅིག་ཡིན་པར་མ་ཟད། ཤེས་རྨོངས། བཙན་ཧམ། གདུག་རྩུབ། ད་དུང་ཧ་ཅང་རླུང་ལངས་སླ་བོ་ཞིག་ཡིན་པས། རང་ཉིད་དཔོན་པོར་འདུག་འདོད་དེ་ནི་རྟ་ནོར་ལས་སྡུག་ཅིང་། ལོ་རྒྱུས་ཐོག་ནས་གླ་ཕོགས་ཆེས་ཉུང་བ་ནི་མེན་ཁྲོའི་དཔོན་རབས་ཡིན། འོན་ཀྱང་། སྤྱིར་སྒོར་མོ་ཉུང་ན་བདེ་འཇགས་ཡིན་མོད། མེན་ཁྲོ་ཆེན་མོའི་རྫིག་ཉམས་ཆེ་བའི་དབང་འཛིན་འོག་བློན་ཆེན་གྱི་བྱས་ཚད་དང་ནོར་སྐྱོན་སོགས་གང་དུ་ཐུག་ན་གསོད་གཏུབ་བྱེད་བཞིན་ཡོད།

གཅིག་ནི་གོ་གནས་འཕར་བར་བརྩོན་པ་དང་། གཞན་ནི་གསར་བརྗེའི་བྱས་རྗེས་ལ་བརྩོན་པ་གཉིས་ཀྱི་ངོས་ནས་ཆབ་སྲིད་ལམ་ཁའི་གནོན་ཤུགས་ནི་དགུང་སྔོན་གནམ་ལ་འཕུར་སྐྱོད་བྱ་འདོད་དེ་ཡིན། བདེ་འཇགས་ལས་ཀ་དེ་སྟབས་ཡག་པོ་བྱུང་ན་མཱེན་ཁྲོའི་དཔོན་པ་དག་དང་ཕལ་ཆེར་གཅིག་འདྲ་ཡིན་སྙམ་ལ་དེ་ལས་ལྡོག་པ་འང་ཡོད་སྟེ གོང་མའི་དབང་ཆ་ཤུལ་མེད་དུ་གྲུབ་ཚུལ་ཁྲོད་མི་དམངས་ཀྱི་ཚེ་སྲོག་ནི་ཚད་ཡོད་ཅིག་ཡིན་ཞིང་གོང་མའི་ཞབས་གཡོག་གྱི་མི་ཡི་ཚེ་སྲོག་ནི་ཚད་མེད་ཅིག་ཡིན། མི་དེ་དག་གིས་བཟོད་སྒོམ་མི་ཤེས་པར་མ་ཟད་སྣང་ཆུང་དུ་འང་འཇོག་ངེས་མོད། དམངས་གཙོའི་ལམ་ལུགས་ཆེས་ཆེ་བའི་ཕན་ཁེ་ནི་མི་དམངས་དང་དམའ་རིམ་སྤྱི་ཚོགས་ཁོ་ན་ཙམ་མིན་པར་ཆེས་མཐོ་བའི་དབང་འཛིན་སྒེར་གཅོད་ཀྱི་ལག་ནས་རལ་གྲི་ཐང་དུ་ལྷུང་རུ་འཇུག་རྒྱུ་དེ་ཡིན་ཞིང་དེའི་ཕུགས་གཏན་གྱི་བདེ་འཇགས་འང་སྲུང་སྐྱོབ་ཐུབ་པ་ཡིན།

མི་ལ་སྟབས་བདེ་བཟོས་ན་རང་ལ་སྟབས་བདེ་བཟོ་ཡོང་བ་དང་། རང་ལ་བདེ་འཇགས་བསྐྲུན་ན་གཞན་ལའང་བདེ་འཇགས་བསྐྲུན་ཡོང་སྟེ། དམངས་གཙོ་ནི་དེ་ལྟ་བུའི་ལམ་ལུགས་ཅིག་ཡིན་ཞིང་། ཁོས་སྤྱི་ཚོགས་ཧྲིལ་བོའི་ཁྲོད་ཀྱི་མི་སྒེར་རེ་རེ་ཆེས་ཆེ་བའི་བརྩི་བཀུར་དང་བདེ་འཇགས་བསྐྲུན་ཐུབ་པས་དེ་ནི་སྒེར་གཅོད་ལམ་ལུགས་དང་ཡོངས་སུ་མི་འདྲ། 
དམངས་གཙོའི་དགེ་མཚན་ནི་མི་རེ་རེར་དབང་བའི་འདྲ་མཉམ་གྱི་གར་སྟེགས་ཏེ་ཡིན་དེ། སྐྱུག་བྲོ་བའི་ལམ་ལུགས་ཀྱིས་མི་ཚང་མར་སྟབས་ལེགས་པོ་མ་བྱུང་ན་གཡོལ་ས་མེད་པ་དང་གནོན་འཚེ་ནི་དེ་ལས་སྡུག་པོ་ཞེ་དྲག་འབྱུང་བ་ཡིན།