——དགེ་རྒན་ཞེས་པའི་འཕྲིན་སྟེགས་སུ་རྒྱ་མི་འཛིན་བདག་ཅིག་གིས་ཁྱིམ་བདག་ཚོར་བསྒྲགས་པའི་གཏམ། 

1 ངས་ཁྱེད་ཚོར་བཀའ་དྲིན་མི་ཞུ་སྟེ། འདི་ནི་ཁྱོད་ཀྱིས་བསྒྲུབ་འོས་པ་དེ་ཡིན།

ངས་ནི་ཁྱེད་ཚོར་ལས་བྲེལ་ཧ་ཅང་ཆེ་བའི་ངང་ནས་ཁྱིམ་བདག་འཚོགས་འདུར་ཞུགས་པར་བཀའ་དྲིན་མི་ཞུ་སྟེ། རྒྱུ་མཚན་ནི་ཁྱེད་ཀྱི་བུ་ཕྲུག་གིས་གནས་འདིར་སློབ་གཉེར་གྱི་གོམ་ཁ་ཡངས་བོ་ཕྱེ་བས་ཡིན། ཁྱོད་ཀྱི་ལས་ཚེགས་དང་དོན་སྣ་མང་བོའི་གནད་དོན་ཐག་གཅོད་སེལ་བའི་འོས་འགན་ཡོད་རུང་རང་གི་འགན་འཁྲི་དང་ལེན་བྱས་ནས་འདིར་ཐེངས་གཅིག་འོང་བ་དེ་ནི་བསྒྲུབ་འོས་པ་ཞིག་ཡིན། ཁྱིམ་བདག་འཚོགས་འདུར་ཐེངས་གཅིག་འོངས་བའི་གྲུབ་འབྲས་ནི་ངས་གསལ་བོ་བཤད་དཀའ་མོད། འོན་ཀྱང་། ཁྱོད་འདིར་མ་ཞུགས་ན་གཞན་གྱི་ཁྱིམ་བདག་ཚོའི་རང་གི་བུ་ཕྲུག་ལ་སློབ་གསོ་གཏོང་བའི་ཁྱད་པར་དེ་གཏན་ནས་ཤེས་ཐབས་བྲལ་བས་མ་ཡོང་བ་དང་གཏན་ནས་མི་འདྲ།

2 བྱིས་པ་ནི་དགེ་རྒན་གྱི་མིན་ལ། ཁྱོད་ཀྱིས་ཤ་ཆད་བུ་ཕྲུག་རེད།

བྱིས་པ་ལ་སློབ་གསོ་གཏོང་རྒྱུ་ནི་ངེད་དགེ་རྒན་ཚོས་ཁྱེད་ཚོར་ཞུ་བ་བྱེད་མི་དགོས་པས་འགན་འཁྲི་ཅིག་ཡིན། ཕ་མ་ཞིག་གི་ངོས་ནས་རང་གི་བུ་ཕྲུག་གྱི་སྤྱིའི་བསམ་ཕྱོགས་ལ་ཐབས་ཤེས་འདོན་པ་དང་ཕུགས་བསམ་སོགས་ལ་སྣེ་ཁྲིད་བཟང་པོ་བྱེད་དགོས། འོན་ཀྱང་། ཁྱིམ་བདག་འཚོགས་འདུ་ཚོགས་ཐེངས་རེ་རེར་ང་ལ་འཁྲུལ་སྣང་ཅིག་ཡོད་པ་ནི་ཁྱིམ་བདག་ཕལ་ཆེ་བའི་བྱིས་པ་ནི་དགེ་རྒན་གྱི་བུ་ཕྲུག་ཡིན་པ་ལྟ་བུའི་འདུ་ཤེས་ཏེ་རེད། དགེ་རྒན་གྱིས་ཁྲིད་སྟེགས་ནས་ངལ་བ་བརྒྱ་ཕྲག་དང་ཞེ་སྡང་ཆེན་པོའི་སྒོ་ནས་སློབ་མའི་མི་འདང་ས་དང་ཁྱིམ་བདག་གྱིས་བྱ་བ་མི་འཁྱོངས་པ་དག་བཤད་བཤད་ནའང་ཁྱིམ་བདག་ཚོའི་ནི་སྐད་ཅིག་ཙམ་ལ་རྣ་བ་གཏད་ནས་ཉན་པ་ལས་ལག་བསྟར་ནི་ཅི་ཡང་མི་བྱ།

སྤྱིའི་ངོས་ནས་ཁྱེད་ཚོས་རང་གི་བྱིས་པ་ཚོར་ཅི་ལྟར་ཡ་རབས་སྤྱོད་བཟང་གྱི་ལམ་ཁར་ལྟ་སྐྱོང་དང་དོ་དམ་སོགས་གནང་གི་ཡོད་དམ། ཁྱེད་ཚོས་རང་གི་བྱིས་པའི་སྟོང་ཆ་དེར་སེམས་པ་སྐྱོ་སྲིད་ལ་དགེ་རྒན་དག་ནི་དེ་བས་ཀྱང་བཟོད་ཐབས་བྲལ།

3 སློབ་སྦྱོང་བཟང་ངན་ནི་ཁྱིམ་བདག་གི་འགན་ཁུར་ཆེ་ཤོས་ཏེ་ཡིན།

ཁྱོད་ཀྱི་བྱིས་པའི་སློབ་སྦྱོང་གི་གྲུབ་འབྲས་བཟང་ན་ང་ལ་བཀའ་དྲིན་ཞུ་མི་དགོས་ཤིང་དེ་ལས་ལྡོག་སྟེ་སློབ་སྦྱོང་གི་གྲུབ་འབྲས་ཞན་ནའང་ང་ལ་མི་དགའ་བའི་རྣམ་འགྱུར་སོགས་སྟོན་མི་དགོས། སློབ་སྦྱོང་གི་གྲུབ་འབྲས་བཟང་བོ་ཅན་གྱི་རིགས་ལ་རང་བྱུང་གི་ཁོ་ཚོར་རྒྱུ་རྐྱེན་ཡོད་སྲིད་མོད། སྤྱིར་བཏང་གི་སྐད་ཆ་བཤད་ན་གཙོ་བོ་ནི་ཁོ་རང་ལ་རག་ལས་ཤིང་གཞན་ཞིག་ནི་ཁྱིམ་བདག་ལ་འབྲེལ་བ་ངེས་ཅན་ཡོད་ངེས་སྟེ། སློབ་སྦྱོང་གི་གྲུབ་འབྲས་ཞན་པ་ཚོར་སྤྱིའི་རྨང་གཞི་དང་སློབ་སྦྱོང་བྱེད་ཐབས་མ་འགྲིག་པའམ་ཡང་ན་དགེ་རྒན་དང་ལྷག་ཏུ་ཁྱིམ་བདག་སོགས་ཀྱིས་དོ་སྣང་མ་བྱས་པའི་རྒྱུའང་ཡོད་ངེས།

འཛིན་གྲྭ་གཅིག་གི་སློབ་མ་ཚོར་མཚོན་ན་དེའི་ནང་དུ་སློབ་སྦྱོང་རྩེ་གྲས་ཅན་དང་ངན་པའི་རིགས་ནི་ཡོད་སྲིད་སྟེ། དེ་ནི་དགེ་རྒན་ཅིག་ལ་མཚོན་ན་རྒྱུན་ལྡན་ཅིག་ཡིན་པས་བཟང་ངན་ཚང་མ་འཛིན་གྲྭ་གཅིག་གི་གྲུབ་ཆ་ཅིག་ཡིན་འོས། འོན་ཀྱང་། ཁྱེད་ཚོར་ཁྱིམ་བདག་ཅིག་གི་ངོས་ནས་བཤད་ན་བྱིས་པའི་སློབ་སྦྱོང་བཟང་པོའམ་ཡང་ན་ངན་པ་དེ་ནི་ཁྱིམ་ཚང་དེའི་ཡོད་ཚད་ཡིན་པས་འགན་ཁུར་ཧ་ཅང་ཆེ།

4 དགེ་རྒན་གྱིས་རང་གི་མྱང་པའི་སློབ་གསོའི་རྩ་འཛུགས་ཏེ་བཤད་པ་ལས་གཞན་ཅི་ཡང་མེད།

དགེ་རྒན་ནི་ལས་རིགས་ཤིག་དང་ལྟོ་གོས་འཚོལ་བའི་བྱ་ཐབས་ཤིག་རེད། ཁྱེད་ཅག་གིས་རང་ཉིད་ཀྱི་བྱ་བའི་ངོ་བོའི་ཐོག་ནས་རྒྱུན་ལྡན་ལྟར་ང་ཚོ་ལ་ཆ་རྐྱེན་བཏོན་ཆོག་ཆོག་ཡིན་པས་འདི་དག་ཚང་མ་ནི་རྒྱུན་ལྡན་གྱི་དོན་དག་ཅིག་ལས་འཛེམ་བྱ་ཅི་ཡང་མེད།

རྒྱུ་མཚན་ནི་བདག་གི་དེ་རིང་བཤད་པའི་གཏམ་དག་ངེས་པར་དུ་ཉན་དགོས་པའི་ངེས་པ་མེད་པ་དང་ཁྱེད་ཚོར་སློབ་གསོ་གསོ་གཏོང་བའི་ཐོབ་ཐང་འང་ང་ལ་མེད། ཡིན་ན་ཡང་། དེ་རིང་བཤད་པའི་གཏམ་དག་ལས་ང་ཚོས་ཅི་ཞིག་བྱེད་དགོས་པ་དང་གང་ཞིག་འཚམ་མིན་ནི་སོ་སོའི་བསམ་གཞིག་གཏོང་རྒྱུ་དེ་རེད་ལ། བྱིས་པ་དང་འབྲེལ་བའི་སློབ་གསོ་ནི་ང་ལས་ཁྱེད་ཚོར་ཆེད་ལས་པ་ཡིན་མཁན་འང་ཡོད།

5 ཕ་མས་ཀུན་སྤྱོད་ནི་ཆེས་གལ་ཆེ་བའི་གནད་འགག་ཅིག་ཡིན།

ཁྱིམ་བདག་གི་ཤེས་བྱའི་གདེང་འཇོག་གྱིས་བྱིས་པའི་འཚར་ལོངས་དང་ནུས་རྩལ་ཐག་གཅོད་བྱེད་ངེས་པས། ཁྱེད་ཀྱིས་སེམས་སུ་ད་ལྟ་སློབ་སྦྱོང་བྱས་ན་སྤྱོད་སྒོ་ཆེན་མོ་མེད་སྟེ། སློབ་གྲྭ་ཆེན་མོ་ནས་ཕྱིར་ཡོང་ན་སྔར་བཞིན་བྱ་བ་རྙེད་དཀའ་བས་འདུ་ཤེས་འཛིན་མོད། དེ་ལྟར་བྱས་ན་ཁྱེད་ཀྱི་བུ་ཕྲུག་གིས་སློབ་སྦྱོང་ལ་དེ་འདྲའི་གཙིགས་ཆེན་འཛིན་མི་སྲིད། གལ་ཏེ་ཁྱོད་ཀྱིས་བྱིས་པའི་ཆེད་དུ་ནུས་ཤུགས་བཀོལ་ནས་བྱིས་པ་དང་འབྲེལ་བའི་རྒྱུན་ཤེས་དབྱེ་ཞིབ་དང་དོ་སྣང་བྱས་ན་ཁྱོད་ཀྱི་བྱིས་པའི་ངན་གོམས་མང་བོ་འབྱུང་བར་དཀའ།

ཁྱོད་ཀྱིས་རྒྱུན་པར་བརྙན་འཕྲིན་དང་གློག་ཀླད་ལས་རྩེད་མོ་རྩེ་དྲག་ནས་བྱིས་པར་དོ་སྣང་མ་བྱས་ན་བྱིས་པ་ལའང་དེའི་ངན་གོམས་ཆགས་པ་དང་ལས་བྱ་མི་འབྲི་བ་སོགས་ཀྱི་སྐྱོན་ཡོད་སྲིད་ལ། གལ་ཏེ་ཁྱེད་ཉིད་དཔེ་ཀློག་ལ་དགའ་མཁན་ཞིག་ཡིན་ན་བུ་ཕྲུག་ཀྱང་དཔེ་ཀློག་ལ་སྤྲོ་བ་ཡོད་མཁན་ཞིག་ཏུ་འགྱུར་སྲིད་ཞིང་། ཡང་ན་ཁྱེད་ཉིད་ལྗོངས་རྒྱུ་ལ་མོས་པ་ཡོད་མཁན་ཞིག་ཡིན་ན་བུ་ཕྲུག་ཀྱང་དེ་བཞིན་མོས་པ་ཡོད་སྲིད་པས་མོས་པ་ནི་གཙོ་ཆེ་བའི་དགེ་རྒན་དེ་ཡིན།

དོན་དག་ལ་ཤས་ཀྱི་ངོས་ནས་ཀྱང་དེ་བཞིན་ཡིན་འོས་སྟེ། ཁྱེད་ཀྱིས་དངོས་པོ་ཡར་ལེན་མར་ལེན་རྩུབ་པོ་དང་སྐད་ཆ་སྡུག་པོ་སོགས་ལབ་ན་བྱིས་པ་ལའང་དེའི་ངན་གོམས་སོགས་འབྱུང་སྲིད་པས་ཀུན་སྤྱོད་ནི་ཧ་ཅང་གི་གལ་ཆེན་ཞིག་ཡིན།

6 སྐད་ཡིག་གི་གྲུབ་འབྲས་ནི་སློབ་ཁྲིད་རྐྱང་བའི་མཐོར་འདེགས་སུ་གཏོང་མི་ཐུབ།

སྐད་ཡིག་བསླབ་ཚན་གྱི་སློབ་ཁྲིད་ཁྲོད་སྐད་ཡིག་གི་ནུས་པ་མཐོར་འདེགས་ཆེན་མོ་ཐོན་མི་ཐུབ་སྟེ། གཟའ་འཁོར་གཅིག་ནང་དུ་སྐད་ཡིག་སློབ་ཐུན་བདུན་མཆིས་ཤིང་དགེ་རྒན་དག་ལ་འང་དེས་རང་བཞིན་གྱི་འོས་འགན་ཡང་མང་བས། གཙོ་བོ་ལུས་སེམས་ཡོད་ཚད་ཀྱི་ཤུགས་ཀྱིས་བྱིས་པ་ཚོའི་ཤེས་པ་དང་ཀློག་འདོན། གོ་རྟོགས། རྩོམ་འབྲི་སོགས་ལ་སློབ་སྟོན་གནང་དགོས།

དེའི་དུས་ཚོད་ནང་དུ་མི་གཅིག་གི་ཡོད་ཚད་ཁོ་ན་ལ་བལྟ་ག་ལ་རུང་སྟེ་ད་དུང་མྱི་48ལ་ལྟ་སྐྱོང་བྱེད་དགོས་སྟེ། ངས་རྒྱུན་པར་བསམ་གཞིག་ལས་དུས་ཚོད་80%ཡིས་ཅི་ཡང་ནུས་པ་ཐོན་གྱིན་མེད་སྟེ། དུས་ཚོད་མང་ཆེ་ཤོས་ནི་ལུས་སྟོབས་ཡོད་ཚད་ཀྱིས་སློབ་སྦྱོང་གི་གྲུབ་འབྲས་ཞན་པ་ཚོར་བཀོལ་སྤྱོད་བྱེད་བཞིན་ཡོད་ལ། དེའི་ནང་དུ་ལས་བྱ་རྟགས་རྒྱག་པ་དང་ཏག་བཅོས་ད་དུང་ཅི་ལྟར་དཔེ་ཀློག་དང་རྩོམ་འབྲིའི་ནུས་པ་སོགས་སློབ་སྟོན་གནང་དགོས། དཔེར་ན། གཟའ་མཇུག་ལ་རྒྱུགས་ཤོག་སོགས་རྟགས་རྒྱག་དགོས་ཤིང་སློབ་མ་སྐོར་ཞིག་གིས་གཟབ་ནན་གྱིས་བྲིས་པ་དང་མ་བྲིས་པ་ཀུན་དུ་དབྱེ་ཞིབ་བྱས་ནས་སློབ་ཁྲིད་སྐབས་ཡང་དེར་ལམ་སྟོན་བྱེད་དགོས་པའི་ང་ལ་སྐབས་རེར་ཅི་བྱ་གཏོལ་མེད་དུ་གྱུར་འགྲོ། གལ་ཏེ་སློབ་མ་ཚོས་རང་ཁྱིམ་ནས་དཔེ་ཀློག་མི་བྱེད་པ་དང་བསམ་གཞིག་ཡང་མི་གཏོང་བར་བྱེད་ན་སློབ་ཁྲིད་ཀྱི་དུས་ཚོད་ཉུང་ངུ་དེས་སྐད་ཡིག་གི་ཆུ་ཚད་གོང་འཕེལ་གང་ནས་གཏོང་ཐུབ་བམ

7 སྐད་ཡིག་ནི་ཉིན་རེ་ནས་ཉིན་རེར་དོ་སྣང་མི་བྱེད་པའི་གནས་སུ་གྱུར་འདུག

སྐད་ཡིག་གི་གོ་བབ་ཉིན་རེ་ནས་ཉིན་རེ་འཕར་ཀྱིན་ཡོད་མོད་མི་ལ་ཤས་ཀྱིས་དེ་ལས་ལྡོག་སྟེ་དོ་སྣང་མི་བྱེད། འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་བཅོས་བསྒྱུར་བྱེད་བཞིན་ཡོད་ལ་སྐད་ཡིག་གི་ཚད་གཞི་འང་རིམ་བཞིན་ཡར་དུ་འཕར་ངེས་ཤིང་། ད་ལྟ་སློབ་གྲྭའི་སློབ་གསོ་དེའང་གཏིང་རིམ་གྱི་ངོ་བོར་འཕར་ནས་རྒྱལ་གཅེས་ཀྱི་ངོ་བོའི་རྣམ་པར་འགྱུར་སྲིད། གཞན་ཡང་། མཐོ་རྒྱུགས་སྐབས་སུ་རིན་ཚན་དང་རྩིས་ཚན་ཀྱི་སྐར་གྲངས་དེ་རིམ་བཞིན་མེད་པར་གྱུར་ངེས་ལ་སྐད་ཡིག་གི་ནུས་པ་ཇེ་ཆེར་འཕར་སྐབས། ད་ལྟའི་སློབ་ཆུང་སྐབས་ཀྱི་སྐད་ཡིག་་གི་ཤེས་བྱ་སོགས་དོ་སྣང་མི་བྱེད་པར་དམའ་འབྲིང་དང་མཐོ་འབྲིང་བརྒྱུད་ཡོང་ན། སློབ་སྦྱོང་གི་ནུས་ཚད་ཇེ་ལྗི་ཡི་རྣམ་པའི་ངང་ནས་སློབ་མའི་སློབ་སྦྱོང་གི་ཤེས་བྱ་མང་བོ་ཞིག་ཅི་ལྟར་མཐོར་འདེགས་སུ་གཏོང་ཐུབ་བམ།

8 ཁྱེད་ཅག་གིས་གཙོ་སྐུལ་གྱིས་ང་ལ་འབྲེལ་བ་མང་པོ་གནང་རོགས།

འདི་དག་ཚང་མ་ནི་བདག་གི་སྙིང་གཏམ་ཡིན་མོད་དེའང་མཐའ་གཅིག་ཏུ་འགྲིག་པའི་ངེས་པ་ནི་མེད་སྟེ། ཁྱེད་ཚོའི་བསམ་འཆར་བཏོན་ནས་འདྲི་བ་སོགས་འདྲི་ཆོག་ལ་ང་བཙལ་འོངས་ནས་གླེང་མོལ་བྱས་ནའང་ཆོག འོན་ཀྱང་། ཆེས་དཀའ་ངལ་ནི་ངས་ཁྱེད་ཚོར་ལོ་གཅིག་གི་ནང་སྐད་ཆ་བཤད་ས་མང་བོའི་གླགས་མི་རྙེད་ལ་ཐ་ན་ཁ་པར་ཡོང་མཁན་གྱི་ཁྱིམ་བདག་ཀྱང་ནམ་མཁའི་སྐར་མ་བཞིན་ཡིན་པས། ཁྱེད་ཚོ་ཚང་མས་བྱིས་པ་སློབ་གྲྭ་བསྐྱལ་བ་ནས་བཟུང་ཡོད་ཚད་དགེ་རྒན་ལ་སྤྲད་པ་བཞིན་སེམས་བག་ལྷོད་ལ་བབས་ནས་བསྡད་འདུག

དྲང་མོར་བཤད་ན་ང་སྐད་ཅིག་ཙམ་ལ་སེམས་བག་ཕེབས་སུ་གནས་ཐབས་མི་འདུག་སྟེ། ངས་རང་ཉིད་ཀྱི་ནུས་རྩལ་དེ་ཚད་ཡོད་ཅིག་ཡིན་པ་ཤེས་པས་རྒྱུན་དུ་སློབ་མ་རེ་རེ་དང་ལྷན་དུ་ཟབ་ཞུགས་དང་གསབ་ཁྲིད་སོགས་ཅི་འདྲ་བྱས་རུང་རྒྱུགས་འབྲས་ལེགས་པོ་ཞིག་ལོན་པར་བྱ་ཐབས་ཟད་པ་ཡིན་པས། འདིར་བཤད་པ་ཚང་མ་ནི་རང་ཉིད་ཀྱིས་གབ་སྦས་ཅི་ཡང་མེད་པའི་སྒོ་ནས་བསམ་ཚུལ་གླེང་བ་ཡིན་ཞིང་། སྐད་ཆ་དང་ཚིག་གི་འཁོར་ཕྱོགས་ཀྱིས་མི་འདང་ས་དང་མ་བདེ་ས་ཡོད་ན་ངས་མ་འགྲིག་པ་ཡིན་ལ། གལ་ཏེ་སྐད་ཆ་འདི་དག་གིས་ཁྱེད་ལ་བསམ་གཞིག་གི་སྒོ་མོ་ཕྱེ་ཡོང་ན་རང་གི་སྐད་ཆའི་དམིགས་འདུན་དེའང་འགྲུབ་སོང་བ་ཡིན།

2017/11/25