ཁ་བ་མར་མར་འབབ་པ་དང་ཙག་རླུང་འུར་འུར་ལྡང་བའི་ཁྲོད་ནས་སྤྱི་ལོ2017ལོ་ཕར་བསྐྱལ་ཞིང་། ཕུགས་བསམ་དང་རེ་སྨོན་གྱི་ངང་ནས་སྤྱི་ལོ2018ལོའི་ཉི་གཞོན་བསུ་མགོ་ཚུགས།

ལོ་གསར་གྱི་སྐྱ་རེངས་ཤར་བ་དང་མཉམ་དུ་ངས་རང་ཉིད་ཀྱི་འདས་པའི་ལོ་ཡི་འཁོར་མོ་གཅིག་རིང་གི་མཐོང་ཐོས་མྱོང་གསུམ་དང་ཐོས་བསམ་རྩོམ་གསུམ་ལ་ཕྱི་མིག་ཅིག་བལྟས་ཤིང་། དེ་དག་ལས་དཔེ་ཀློག་དང་བྲིས་རྩོམ་སོགས་ཀྱི་སྐོར་དྲན་པའི་ངོས་སུ་ཉར་འདོད་སྐྱེས་བྱུང་། ལོ་གསར་པའི་ཁ་བ་དང་མཉམ་དུ་ཉར་འདོད་སྐྱེས་བྱུང་། ལོ་གསར་པའི་ཉི་འོད་དང་མཉམ་དུ་ཉར་འདོད་སྐྱེས་བྱུང་།

 

དང་པོ། དཔེ་ཀློག་རབ་བྱེད།

1.མེ་སོན་གྱི«མི་ཚུལ་རིག་གནས་ཀྱི་བེའུ་བུམ»(ཀྲུང་གོ་ཧྥེ་ཞིན་དཔེ་སྐྲུན་ཁང་། 2016ལོའི་ཟླ11པའི་པར)

2.བྱང་སྐར་གྱི«དབང་ཆར་ཚད་འཛིན་དང་ཐོབ་ཐང་སྲུང་སྐྱོབ»(ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་། 2016ལོའི་ཟླ12པའི་པར)

3.ར་རྫ་འཇམ་དབྱངས་སྐྱིད་ཀྱི«ཐོབ་ཐང་དང་བདེ་ཐང»(ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དཔེ་སྐྲུན་ཁང་། 2016ལོའི་ཟླ12པའི་པར)

4.རོང་བོ་དགེ་འདུན་ལྷུན་གྲུབ་དང་རོང་བོ་གངས་དཀར། རླངས་ཚང་བསོད་ནམས་རྡོ་རྗེ་བཅས་ཀྱིས་རྩོམ་སྒྲིག་བྱས་པའི«དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི»(ཀྲུང་གོ་རིག་གནས་ཐོན་ལས་དཔེ་སྐྲུན་ཁང་། 2016ལོའི་ཟླ12པའི་པར)

5.དགུ་རོང་སྤུན་གྲོལ་གྱིས་གཙོ་སྒྲིག་བྱས་པའི«ང་ཡི་བུ་དོན་གྲུབ་རྒྱལ—མ་མྱིང་མེད་ཀྱིས་རང་གི་བུ་དོན་གྲུབ་རྒྱལ་ཆུང་ངུ་ཡིན་དུས་ཀྱི་འཚོ་བ་ཕྱིར་དྲན་བགྱིས་པའི་སྒྲ་ཕབ»(ཀྲུང་གོ་ཧྥུན་ཧོང་དཔེ་སྐྲུན་ཁང་། 2017ལོའི་ཟླ2པའི་པར)

6.གནས་བརྟན་སཱི་རི་དྷམ་མས་བརྩམས་ཤིང་ངེས་དོན་རྒྱ་མཚོས་བསྒྱུར་པའི«སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང»(བོད་ཀྱི་དཔེ་མཛོད་ཁང་། 2009ལོའི་པར)

7.འགྱན་སངས་རྒྱས་དོན་གྲུབ་ཀྱི«གངས་ལྗོངས་ཐུབ་བསྟན་གྱི་ལྟ་བའི་གནས་འགྱུར»(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017ལོའི་ཟླ7པའི་པར)

8.རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི«རྩོམ་པ་བོ་རང་གི་བྱུང་བ་བརྗོད་པ་རང་གསལ་ཨཱ་དར་ཤ་ཞེས་བྱ་བ་བཞུགས་སོ»(རང་རྣམ་འདི«རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ་པོད་དང་པོ»རུ་བསྡུས་འདུག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ4པའི་པར)

9.ཚེ་ཏན་ཞབས་དྲུང་གི«ཐོན་མིའི་ཞལ་ལུང»(ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ11པའི་པར)

10.ལྗགས་མདའི«དྲན་པ་ཉེར་བཞག»(ཀྲུང་གོ་ཧྥུན་ཞིན་དཔེ་སྐྲུན་ཁང་། 2017ལོའི་ཟླ8པའི་པར)

11.《邹氏女》章诒和 著 广西师范大学出版社 2014年8月版

12.《鲁迅遗风录》孙郁 著 江苏凤凰文艺出版社 2016年9月版

13.《东风:法国知识分子与20世纪60年代的遗产》[美]理查德·沃林 著 董树宝 译 中央编译出版社 2017年3月版

14.《希特勒的哲学家》[英]伊冯·谢拉特 著 刘曦 杨阳 译 上海社会科学院出版社 2017年7月版

15.《东噶·洛桑赤列活佛传》慈海 著 国际炎黄文化出版社 2010年4月版

 

གཉིས་པ། དྲ་རྩོམ་རབ་བྱེད།

1.པད་མ་འབུམ་གྱི«རིག་གནས་སྲུང་སྐྱོབ་བམ»(བཙན་པོ་དྲ་བ། http://www.tsanpo.com/forum/24392.html)

2.བསྟན་འཛིན་དགེ་ལེགས་ཀྱི«ཆོས་དུང་དཀར་པོའི་རང་མདངས—སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནུབ་ཕྱོགས་ཡུལ་དུ་སྔ་ཕྱིར་མཇལ་བའི་བག་ཆགས་རགས་རིམ»(སྔ་དུམ་དང་ཕྱི་དུམ། རྫ་ཆུའི་རླབས་སྒྲ། http://sunzachu.gotoip1.com/bo/Essays/2017-08-21/1015.html)

3.ཚངས་དབང་གི«བླ་མ་རིན་པོ་ཆེ་ཤར་གདོང་ཚང་ལ་མཇལ་བའི་ཟིན་ཐོ་ཞིག»(བཙན་པོ་དྲ་བ། http://www.tsanpo.com/forum/24668.html)

4.སྐྱབས་ཆེན་བདེ་གྲོལ་གྱི«རྒྱུན་ཤེས་ཀྱི་སྐོར་ལ་རྩོད་པ་བྱ་རྒྱུ་དེ་བླུན་རྩེད་ཅིག་ཏུ་མཐོང»(བཙན་པོ་དྲ་བ། http://www.tsanpo.com/forum/24827.html)

5.ཨ་རྡོར་གྱིས་བསྒྱུར་པའི«མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་དབྱིན་ཇིའི་སྐད་དུ་བསྒྱུར་བའི་རྒྱལ་དབང་ལྔ་བའི་རང་རྣམ་གྱི་དབུའི་མཚམས་སྦྱོར་རྩོམ་ཡིག་བཞུགས་སོ»(མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། http://www.tibetcm.com/contemporary/critical/2017-11-21/8525.html)སོགས།

 

གསུམ་པ། གློག་བརྙན་རབ་བྱེད།

1.《速度与激情8》  

2.《摔跤吧!爸爸》

3.《冈仁波齐》  

4.《绣春刀II:修罗战场》

5.《全球风暴》

6.《引爆者》

7.《芳华》

 

བཞི་པ། འཆད་ཁྲིད་རབ་བྱེད།

1.རིན་ཆེན་རྡོ་རྗེ་ལགས་ཀྱིས་སྤྱི་ལོ2017ལོའི་ཟླ6པའི་ཚེས1ཉིན་ནུབ་བྱང་མི་རིགས་སློབ་ཆེན་དུ་གནང་བའི་འཆད་ཁྲིད་དེ“ཚེ་ཏན་ཞབས་དྲུང་གི་རིག་གཞུང་བསམ་བློ་ལ་དཔྱད་པ”ཞེས་བྱ་བ།

2.འཆི་མེད་ལགས་ཀྱིས་སྤྱི་ལོ2017ལོའི་ཟླ10པའི་ཚེས16ཉིན་ལན་གྲུ་ནུབ་ཡུལ་ལས་རིགས་གསོ་སྦྱོང་སློབ་གྲྭར་གནང་བའི་འཆད་ཁྲིད་དེ“«འདི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག»ཅེས་པའི་སྙན་ངག་གི་རྒྱབ་ལྗོངས་དང་འབྲེལ། བདག་གི་བག་ཆགས་ཁྲོད་ཀྱི་རྒན་དོན་གྲུབ་རྒྱལ་གླེང་བ”ཞེས་བྱ་བ།

3.ནོར་བུ་བསམ་འཕེལ་ལགས་ཀྱིས་སྤྱི་ལོ2017ལོའི་ཟླ10པའི་ཚེས31ཉིན་ནུབ་བྱང་མི་རིགས་སློབ་ཆེན་དུ་གནང་བའི་འཆད་ཁྲིད་དེ“སྡེ་པ་གཞུང་དང་འབྲེལ་བའི་གནད་དོན་སྐོར”ཞེས་བྱ་བ།

4.བདུད་ལྷ་རྒྱལ་ལགས་ཀྱིས་སྤྱི་ལོ2017ལོའི་ཟླ11པའི་ཚེས29ཉིན་ནུབ་བྱང་མི་རིགས་སློབ་ཆེན་དུ་འཚོགས་པའི“རང་གྲོལ་དང་བོད་ཀྱི་རྩོམ་རིག་གསར་པ”ཞེས་པའི་རྗེས་དྲན་བགྲོ་གླེང་སྟེང་གནང་བའི་གཏམ་བཤད།(སྒྲ་ཕབ་གཏམ་བཤད་འདི་ལ་སྐད་འཕྲིན་སྒང་ནས་ཉན་པ་ཡིན)

5.གུར་མགོན་སྐྱབས་ལགས་ཀྱིས་སྤྱི་ལོ2017ལོའི་ཟླ12པའི་ཚེས7ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་གནང་བའི་འཆད་ཁྲིད་དེ“མདོངས་མཐའ་ཟད་པའི་ལེགས་བྱང”ཞེས་བྱ་བ།(སྒྲ་ཕབ་འཆད་ཁྲིད་འདི་ལ་སྐད་འཕྲིན་སྒང་ནས་ཉན་པ་ཡིན)

 

ལྔ་པ། བྲིས་རྩོམ་རབ་བྱེད།

1.«གྲོགས་པོ་ཡིན་ཡང་གནས་ལུགས་བཤད་དགོས—གྲོགས་རབ་འབྱམས་པ་དག་ལ་བགྲོ་གླེང་དུ»(སྤྱི་ལོ2017ལོའི་ཟླ6པའི་ཚེས19ཉིན་གྲུབ)

2.«རང་མོས་སྙན་ངག་གི་རྐང་མཐར་ཤད་ཡོད་ན་ལེགས»(སྤྱི་ལོ2017ལོའི་ཟླ6པའི་ཚེས23ཉིན་གྲུབ)

3.«མིག་མཐའ་མཆི་མས་བརླན་བཞིན་ཕེབས་སྐྱེལ་ཞུ—སེམས་དཔའ་ཆེན་པོ་ལིའུ་ཞའོ་པོ་མཆོག་གི་དགོངས་རྫོགས་ལ»(སྤྱི་ལོ2017ལོའི་ཟླ7པའི་ཚེས14ཉིན་གྲུབ)

4.«“ཇོ་མོ་གླང་མའི་བྱ་དགའ”དང་དེ་འབྲེལ་གྱི་གཏམ་རེ་གཉིས»(སྤྱི་ལོ2017ལོའི་ཟླ9པའི་ཚེས5ཉིན་གྲུབ)

5.«བྱ་དགའ་དང་ངོ་དགའ། ད་དུང་རུལ་ལད་ངན་ལྷུང་གི་ཡོན་ཏན་པའི་སྡེ»(སྤྱི་ལོ2017ལོའི་ཟླ9པའི་ཚེས25ཉིན་གྲུབ)

6.«གསར་བརྗེའི་ལོ་རབས་ཁྲོད་ཀྱི་རང་གྲོལ་དང་། ཁོང་གི<ལང་ཚོའི་རྦབ་ཆུ>ཡི་སྐོར་གླེང་བ»(སྤྱི་ལོ2017ལོའི་ཟླ11པའི་ཚེས15ཉིན་གྲུབ)

7.«གསར་བརྗེའི་ཞྭ་མོ་བླ་མའི་དབུ་ན་ལྕི»(སྤྱི་ལོ2017ལོའི་ཟླ11པའི་ཚེས23ཉིན་གྲུབ)

8.«ཤད་དོར་བ་ནི་དོན་ལ་ཡི་གེ་དོར་བ་རང་རེད»(སྤྱི་ལོ2017ལོའི་ཟླ12པའི་ཚེས5ཉིན་གྲུབ)

བརྗེད་ཐོ་འདི་ནི་སུ་ཞིག་གི་ཁ་ངོ་སྲུང་བ་མ་ཡིན་ལ། གང་ཞིག་ལ་ངོམ་སོ་བྱེད་པ་ནི་དེ་བས་ཀྱང་མིན་པར་ཁོ་བོ་མི་སྒེར་གྱི་ལོ་ངོ་གཅིག་རིང་གི་ཐོས་བསམ་རྩོམ་གསུམ་དང་འབྲེལ་བའི་དོན་གནད་གལ་ཆེ་བ་ཁག་ཅིག་བརྗེད་ངས་ཀྱི་རྐུན་པོས་མི་འཁྱེར་བའི་ཕྱིར་དུ་ཡི་གེར་བཏབ་པ་ལགས་ཤིང་། གཞན་འདས་ལོ2017ལོར་གུས་པར་དཔེ་ཆ་སྣ་ཚོགས་ལེགས་སྐྱེས་སུ་སྩོལ་མཁན་གྱི་གྲོགས་པོ་གྲོགས་མོ་རྣམས་དང་། ད་དུང་ངའི་བྲིས་རྩོམ་ལ་དྲང་ལྡོག་ཅི་རིགས་ནས་དགོངས་འཆར་ལྷུགས་པོར་འདོན་མཁན་གྱི་རིགས་པ་སྨྲ་བ་དག་ལ་འདིར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བའོ། །

 

སྤྱི་ལོ2018ལོའི་ཟླ་དང་པོའི་ཚེས19ལ།