བྷེ་བྷེ་སི་ཚན་རིག་དང་འཁོར་ཡུག་ཅེས་པའི་ནང་བཀོད། རྐ་འོད་ཟེར་གྱིས་བསྒྱུར།

སི་ཊེ་ཧྥི་ཧོ་ཁེང་དགུང་ལོ་ 76 ཐོག་འདས་གྲོངས་སུ་གྱུར་འདུག ཁོང་གིས་དབང་རྩ་ཉམས་པའི་ནད་ལ་ཁ་གཏད་བཅཊ་ཏེ། ཁོང་དང་ན་མཉམ་གྱི་ཚན་རིག་པ་དག་གི་ཁྲོད་ནས་ཆེས་གུས་བརྩི་དང་། སྙན་གྲགས་ཆེས་ཆེ་བའི་ཚན་རིག་པ་ཞིག་ཏུ་གྱུར་བ་རེད། སྤྲོ་སྣང་ཆེ་བའི་ཁོང་ནི། ཚན་རིག་གི་ཐད་ནས་མིང་དུ་གྲགས་པའི་འཐུས་ཚབ་མི་སྣ་ཞིག་ཏུ་གྱུར་བ་རེད། ཁོང་གིས་རྒྱུན་པར་རང་ཉིད་ཀྱི་བྱ་གཞག་ལ་མི་མང་སྤྱིས་འབྲེལ་གཏུག་ཐུབ་པར་དོ་ནན་གནང་ཡོད།

ཁོང་གི་དེབ། དུས་ཀྱི་ལོ་རྒྱུས་སྙིང་བསྡུས། ཞེས་པ་དེ། སྤྱིར་མི་ཅི་ཙམ་མང་པོ་ཞིག་གིས་བཀླཊ་ནས་མཇུག་བསྐྱེལ་ཐུབ་ཡོད་མེད་མི་ཤེས་མོད། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་ནི་ཆེས་ཚོང་རྒྱུཊ་པའི་དེབ་ཞིག་ཏུ་གྱུར་བ་རེད། སྙན་གྲགས་ཆེ་བའི་བརྙན་འཕྲིན་མང་པོའི་ནང་ཁོང་མཐོང་ཐུབ་ཅིང་། འཕྲུལ་ཆས་བརྒྱུད་ནས་བསྐྲུན་པའི་ཁོང་གི་སྐད་ཆ་དག་སྒྲ་འཇུག་སྣ་ཚོགས་བྱས་ཡོད།

སི་ཊེ་ཧྥི ཝེ་ལེམ ཧོ་ཁེང་ནི། 1942 ལོར་ཟླ་ 1 ཚེས་ 8 ལ་དབྱིན་ཡུལ་དུ་ཨོག་སི་ཧྥོར་ཊིར་སྐྱེས། ཁོང་ཨ་ཕ་ནི་སྐྱེ་ངོས་རིག་པ་བ་ཞིག་ཡིན་ལ། འཇར་མན་པའི་འབར་མདེལ་ལ་ཡོལ་བའི་ཆེད། ཁོང་གི་ཨ་མ་དང་ལྷན་དུ་ལོན་ཌོན་ནས་གནས་སྤོས་པ་རེད། ཧོ་ཁེང་ནི་ལོན་ཌོན་དང་སེ་ཊི་ཨ་བྷིན་སི་ནས་མཚར་ལོངས་བྱུང་བ་དང་། ཨོག་སི་ཧྥོར་ཊི་གཙུག་ལག་སློབ་ཆེན་ནས་དངོས་ཁམས་རིག་པའི་ཐོག་གནས་རིམ་དང་པོའི་ལག་ཁྱེར་ཐོབ་རྗེས། ཁམ་བྷི་རེ་ཇི་གཙུག་ལག་སློབ་ཆེན་དུ་སྣང་སྲིད་རིག་པར་གཙུག་ལག་གོང་མའི་ཞིབ་འཇུག་གི་ཆེད་དུ་སློབ་ཞུགས་བྱས།

གཞོན་ནུའི་དུས་སུ་ཁོང་རྟ་ཞོན་རྒྱུ་དང་གྲུ་གཏོང་རྒྱུར་དགའ་མོད། ཁོང་ཁམ་བྷི་རེ་ཇི་གཙུག་ལག་སློབ་གྲྭར་ཡོད་སྐབས། ཁོང་ལ་དབང་རྩ་ཉམས་པའི་ནད་བྱུང་སྟེ། ཕལ་ཆེར་ཁོའི་ལུས་ལ་ཚོར་བ་དང་འགུལ་བསྐྱོད་ཅི་ཡང་མེད་པར་གྱུར། 1964 ལོར་ཁོང་གིས་ཆུང་མ་དང་པོ་ཇིན་ལ་གཉེན་སྒྲིག་པའི་གྲྭ་སྒྲིག་བྱེད་སྐབས། ཁོང་གི་སྨན་པ་ཚོས། ཁོང་ལོ་གཉིས་སམ་གསུམ་ལྷག་མི་འཚོ་བར་བཤད། འོན་ཀྱང་། ན་ཚ་དེ་མངོན་དཔག་བྱས་པ་ལས་འདས་ཏེ། དལ་བུར་འཕེལ་བསྐྱེད་བྱུང་ཞིང་། ཁོང་ཁྱོ་ཤུག་གཉིས་ལ་བྱིས་པ་གསུམ་བྱུང་བ་རེད། སྐབས་དེར་ཧོ་ཁེང་གིས་འཕྲུལ་ཆས་བརྒྱུད་ནས་མ་གཏོགས་སྐད་ཆ་ཤོད་མི་ཐུབ་ཀྱང་། 1988 ལོར་ཁོང་གི་དེབ། དུས་ཀྱི་ལོ་རྒྱུས་སྙིང་བསྡུས་སམ། ཆེད་ལས་མེད་པའི་མི་ཞིག་གི་སྣང་སྲིད་རིག་པའི་མཛུབ་སྟོན། ཞེས་པ་ཡོངས་སུ་བརྩམས་གྲུབ་པ་རེད།

མི་ཚོས་དེབ་དེ་ནི་སྐད་སྦྱོར་བྱས་པ་ལས་བརྩམས་པ་ཞིག་ཡིན་པ་ཤེས་ཀྱི་ཡོད་མོད། གཏན་ནས་བཀླཊ་མ་མྱོང་ཞིང་མིང་དུ་གྲགས་པའི་དེབ་དེ། ས་ཡ་བཅུ་ལྷག་ཉོ་མཁན་བྱུང་བ་རེད། ཁོང་གི་ཕྱག་ལས་ཐད་གསེར་གྱི་རྟགས་མ་དང་། བྱ་དགའ་སོགས་ཆེ་མཐོང་གི་ཕྱག་ཁྱེར་མང་པོ་ཐོབ་ཅིང་། 1982 ལོར་དབྱིནCEB གཟེངས་རྟགས་ཐོབ་པ་དང་། 1990 ནང་ཁོང་ལ་དབྱིན་ཇི་གོང་མའི་གཟེངས་རྟགས་སྤྲོད་རྒྱུར་བསྒྲཊ་མོད། སྲིད་གཞུང་གི་ཚན་རིག་ཐེབས་རྩའི་གནད་དོན་གྱི་རྐྱེན་པས། ཁོང་གིས་གཟེངས་རྟཊ་དེ་མ་དང་ལེན་བྱས་མེད་པ་རྗེས་སུ་ཤེས་རྟོགས་བྱུང་བ་རེད།

སྙན་གྲགས།

སི་ཊེ་ཧྥི་ཧོ་ཁེང་གིས “ཧོ་ཁེང་འཕྲོ་འབྱེད”་ཅེས་གྲཊ་པ་སྟེ། བུ་ག་ནག་པོ་ལས་ནུས་ཤུགས་བརྡོལ་ཞིང་། ཅི་ཡང་མེད་པའི་ངོ་བོར་ཡལ་འགྲོ་བ་གསར་རྙེད་བྱུང་བ་རེད། རྩིས་ཞིབ་དང་བརྟག་དཔྱད་མེད་པའི་ཁོང་གི་ཐུན་མོང་མ་ཡིན་པའི་ཚན་རིག་གི་དཔྱད་ཐབས་དེས་ཁོང་གི་སྙན་གྲགས་རྒྱས་སུ་བཅུག་པ་རེད།

གཅིག་བྱས་ན་ཁོང་གི་སྙན་གྲགས་རྒྱས་དོན་ནི། ཁོང་གི “ཡོད་ཚད་ཀྱི་རྣམ་བཞག”སྟེ། འཇིག་རྟེན་གྱི་ཁམས་ནི། ལས་སླ་བའི་གཏན་ཚིགས་དག་ལ་བརྟེན་ནས་འཕེལ་འགྱུར་འགྲོ་བར་བཤད་པ་དེས་རྐྱེན་གྱིས་ཡིན་ཡང་སྲིད། ཁོང་གིས་ “ཆ་ཚང་བའི་གཏན་ཚིགས་འདི་དག་གིས། འཇིག་རྟེན་ཅི་ལྟར་བྱུང་བ་ཡིན་ནམ་ཞེས་པ་ལྟ་བུའི་དྲི་བ་དང་། དེ་བཞིན་འཇིག་རྟེན་ནི་ཅི་ལྟར་མུ་མཐུད་ནས་གང་དུ་བསྐྱོད་ཀྱིན་ཡོད་དམ་དང་། ཡང་ན། དེ་མཇུག་སྒྲིལ་བར་འགྱུར་རམ། གལ་ཏེ་མཇུག་སྒྲིལ་བར་འགྱུར་ན་ཅི་ལྟར་མཇུག་སྒྲིལ་བ་ཡིན་ནམ་ལྟ་བུའི་དྲི་བ་དག་ལ་ལེན་འདེབས་པ་ཡིན་ལ། གལ་ཏེ་ང་ཚོས་དྲི་བ་འདི་དག་གི་ལེན་འཚོལ་དགོས་ན། ང་ཚོས་དཀོན་མཆོག་གི་ཐུགས་རྟོགས་དགོས་པ་ཡིན།” ཟེར།

ཧོ་ཁེང་གི་སྙན་གྲཊ་ནི་ཐ་ན་སེམ་པི་སོན་འགུལ་རིས་གློག་བརྙན་ལས་ཀྱང་ཤེས་པ་ཡིན་ཏེ། འགུལ་རིས་གློག་བརྙན་དེའི་ནང་དུ། ཁོང་ཆང་ཁང་ཞིག་ཏུ་གློག་བརྙན་དེའི་མི་སྣ་ཧོམ་མིར་དང་ལྷན་དུ་ཆང་འཐུང་བཞིན་པ་བྲིས་ཡོད་ལ། ཁོས་ཧོམ་མུར་གྱི་འདོད་ཚུལ་ཏེ། འཇིག་རྟེན་ནི་གདུབ་ཁུར་སྒོར་སྒོར་ཞིག་དང་འདྲ་བའི་འདོད་ཚུལ་དེ་རྐུ་སྲིད་པ་ཡིན་ཞེས་བཤད་པ་བཞིན་པ་འགུལ་བརྙན་དུ་བཀོད་ཡོད།

ད་དུང་ཁོང་བྷེ་བྷེ་སི་བཞད་གར་མུ་འབྲེལ་ཁྲབ་ཚན། རེ་ཊི་ཌོ་ཧྥི་ཞེས་བའི་ལེའུ་ཞིག་གི་ནང་ཁོང་ཁྲབ་སྟོན་བྱས་ཡོད་ལ། ཚན་རིག་རྟོགས་བཏཊ་གློག་བརྙན་སྐར་འགྲུལ་ལས། མི་རབས་གསར་བ་ཞེས་པའི་ནང་ཡང་ཁོང་གི་བརྙན་པར་བཀོད་ཡོད། འཕྲུལ་ཆས་བཀོལ་ནས་བཏོན་པའི་ཁོང་གི་ཐུན་མོང་མ་ཡིན་པའི་སྐད་དེ། 1994 ལོར་ཕེན་ཁི་ཧྥོ་ཊི་ཞེས་བའི་རོལ་ཚོགས་ཀྱིས་ཁོ་ཚོའི་གླུ་གཞས་བརྙན་འཁོར་ཊེ་ཝེ་ཤོན་བྷེལ་ཞེས་བ་དེ་མཚམས་སྦྱོར་བྱེད་པར་བཀོལ་ཡོད།

ཁོང་གིས་རང་གི་གནས་བབས་ལ་མ་བལྟས་པར་ཁམ་བྷི་རེ་ཇྷི་གཙུག་ལག་སློབ་གྲྭ་ཆེན་མོའི་རྩིས་རིག་གཙུག་ལག་སློབ་དཔོན་གྱི་ཕྱག་ལས་མུ་མཐུད་ཡོད་ལ། 2001 ལོར་ཁོང་གི་དེབ་གཉིས་པ་<>ཞེས་པ་དེ་དཔར་སྐྲུན་བྱས།

ཐུན་མོང་མ་ཡིན་པ།

ཁོང་གིས་ན་ཚ་དེས་ཁོང་ལ་ཁེ་ཕན་སྤྲད་ཡོད་པར་འདོད་པ་རེད། ན་ཚ་དེ་མ་བྱུང་གོང་ཁོང་གིས་འཚོ་བ་ལ་ཉོབ་སྣང་སྐྱེ་བྱུང་ཞེས་བཤད་ཡོད།
འོན་ཀྱང་། ཁོང་གི་ནད་མནར་གནས་བབས་ཀྱི་རྐྱེན་གྱིས་ཁོང་མི་གཞན་ལ་མི་བརྟེན་ཐབས་མེད་བྱུང་བ་རེད། ཁོས་རང་ཉིད་ལ་ལོ་ངོ་ཉི་ཤུ་ལྷག་གི་རིང་ལྟ་སྐྱོང་བྱས་བའི་རང་གི་ཆུང་མར་རོགས་དངུལ་ཡང་ཡང་སྤྲད་པ་རེད་ལ། ཁོས་རང་གི་ཆུང་མ་ནད་གཡོག་མ་ཞིག་གི་ཆེད་དུ་བསྐྱུར་ནས། 1995 ནད་གཡོག་མ་དེར་གཉེན་བསྒྲིགས་པས་ཁོའི་གྲོགས་པོ་དང་ཉེ་འབྲེལ་རྣམས་ཧང་སངས་སུ་བཅུག་པ་རེད།

2000 ལོར་རྨས་སྐྱོན་སྣ་ཚོགས་ཤིག་ལས་དྲག་སྐྱེད་ཡོང་ཆེད། ཧོ་ཁེང་གིས་ཁམ་བྷི་རེ་ཇྷིའི་ནང་འེ་ཌེན་བྷི་རོ་ཁི། ཛ་དྲག་སྨན་ཁང་དུ་བསྟན་གཏུག་ཐེངས་མང་བྱས་པ་རེད། ཁོང་ལ་ལོ་འགའ་ཤས་རིང་ལུས་ངག་གཉིས་ཀ་ནས། བརྙས་བཅོས་བྱས་ཡོད་པའི་ཁུངས་བསྐྱེལ་འཚོལ་ཆེད་གཉེན་རྟོགས་པས་མི་མང་པོར་འདྲི་རྩད་བྱས། ཧོ་ཁེང་ནི་གཞན་དང་མི་འདྲ་བའི་མི་ཞིག་ཡིན་ཏེ། རང་ཉིད་ཀྱི་གློག་གི་ཁྲེའུ་འཁོར་གྱི་ཁ་ལོ་བ་ཉེན་གཟབ་གཏན་ནས་མེད་པ་ཞིག་རེད། ཁོང་གིས་རྨས་སྐྱོན་དེ་དག་བརྙས་བཅོས་བྱས་ནས་བྱུང་བ་མིན་པ་དང་། བྱ་བ་དེ་འདྲ་བྱུང་མེད་པར་ནན་བཤད་བྱས།

2017 ལོར་ཁོང་ལྗིད་ཤུགས་མེད་པའི་འཕུར་གྲུ། ཝོ་མེ་ཊི ཁོ་མེ་ཊི་ཞེས་བའི་ཐོག་བསྡད་པའི་ཉམས་མྱོང་ཅན་གྱི་ཞ་བོ་ཐོག་མར་གྱུར། འཕུར་གྲུ་དེ་ནི་འཐེན་ཤུགས་བྲལ་བར་དཔེ་ལེན་བྱས་ཏེ་ལེགས་བཅོས་བྱས་པ་ཞིག་རེད། ཁོང་གིས་འཕུར་གྲུ་དེར་འདུག་དོན་ནི། སྟོང་དབྱིངས་སུ་འགྲུལ་བཞུད་བྱེད་པར་སྐུལ་སློང་བྱེད་པའི་ཆེད་ཡིན་ཞེས་བཤད།  ཁོང་གིས་ “སའི་གོ་ལའི་སྟེང་གི་ཚེ་སྲོག་ནི། གློ་བུར་གྱི་ཆགས་སྒོ་ཉིང་རྡུལ་དམག་འཁྲུག་ལྟ་བུ་དང་། རིགས་རྒྱུན་ལ་བརྟེན་ནས་བཟོས་པའི་ནད་དུག ད་དུང་ཉེན་ཚབས་གཞན་དག་བཅས་ཀྱིས་གཙང་ཕྱགས་གཏོང་བའི་ཉེ་ཁ་སྔར་ལས་ཆེ་བའི་གནས་སུ་གྱུར་ཡོད”ཞེས་བཤད།

2014 ལོར་གློག་བརྙན་ཡོད་ཚད་ཀྱི་རྣམ་བཞག་ཅེས་པ་སྟེ། ཇེན་ཧོ་ཁེང་གིས་ཁོང་གཉིས་ཀྱི་གཉེན་འདུན་དང་། གཉེན་སྒྲིག་གི་སྐོར་བཤད་པར་གཞི་བཅོལ་བའི་གློག་བརྙན་དེ་འགྲེམ་སྤེལ་བྱས། གློག་བརྙན་དེའི་ཚན་རིག་གི་སྐོར་ལ་ཁྲབ་སྟོན་པའི་གྲྭ་སྒྲིག་གི་ཆེད་དུ། ཧོ་ཁེང་དངོས་སུ་ཁྲབ་སྟོན་པ་ཨེ་ཊི་རེ་ཌི་མེན་ཐུག་ཕྲད་བྱས། གསར་རྙེད་ཅེས་བའི་བརྙན་འཕྲིན་རྒྱུད་ལམ་གྱི་ཚན་པ་ཞིག་གི་ནང་། ཧོ་ཁེང་གིས་འཇིག་རྟེན་གཞན་ཞིག་ཏུ་སྤྱང་གྲུང་ལྡན་པའི་སྲོག་ཚེ་གཞན་ཡོད་པ་ནི། རྒྱུ་མཚན་ལྡན་པའི་བསམ་ཚུལ་ཞིག་ཡིན་ལ། གླིང་ཕྲན་གཞན་གྱི་མི་ཚོས། གོ་ལ་འདི་ཁོང་ཚོའི་ཐོན་ཁུངས་ཀྱི་ཆེད་དུ་བཙན་འཛུལ་བྱས་ནས། མུ་མཐུད་འགྲོ་སྲིད་པ་རེད་ཅེས་ཉེན་བརྡ་བཏང་ཡོད།

ཐེངས་ཤིག་ཁོང་གིས་ “རང་ཉིད་ལ་དར་མའི་མི་ཚེ་ཧྲིལ་བོའི་རིང་དབང་རྩ་ཉམས་པའི་ནད་བྱུང་མོད། དེས་ཁོང་ལ་ཡིད་དུ་འོངས་ཁྱིམ་ཚང་ཞིག་དབང་བ་དང་། རང་ཉིད་ཀྱི་ལས་ཀ་ལམ་ལྷུངས་བྱུང་བར་བཀག་འགོག་བྱེད་ཐུབ་མེད་པས། དེ་ཡིས་སུ་ཡིན་ཡང་རེ་བ་བརླགས་དགོས་དོན་མེད་པ་སྟོན་པ་རེད”ཅེས་བཤད།