བྱིས་པར་སྨྲ་བ་ཉུང་ཞིང་ཉིན་གང་བོར་འཛུམ་མདངས་མེད་པས་རྒྱུ་མཚན་ཁྱེད་ཀྱིས་ཤེས་སམ། བྱིས་པའི་བྱ་སྤྱོད་ཐ་དག་ཕ་མའི་སློབ་གསོ་དང་འབྲེལ་བ་ཡོད། གཤམ་གྱི་ཚད་ལྡན་མིན་པའི་ཁྱིམ་བདག་དེ་དག་གིས་བདེ་སྐྱིད་ལྡན་པའི་བྱིས་པ་ཞིག་གསོ་སྐྱོང་བྱེད་རྒྱུ་ཧ་ཅང་དཀའ། དགོས་སུ་རིགས་གསུམ་པ་བ་ཚོས་དཀའ། དེ་བས་མྱུར་དུ་རང་ལ་བཅོས་བསྒྱུར་བྱེད་རྒྱུ་གལ།

གཅིག རྒྱུན་པར་བཟའ་འཁོན་མང་བའི་ཁྱིམ་ཚང་།

རྒྱུན་པར་འཁོན་འཛིང་ཁྲོད་ནར་སོན་པའི་བྱིས་པ་ནི་ཅི་འདྲ་ཞིག་ཡིན་པ་ཤེས་སམ། ཕ་མས་བཟའ་འཁོན་བྱེད་པ་ནི་ཕ་མ་ཁོ་ནའི་དོན་ཞིག་ཡིན་ནམ། ཕ་མ་མང་པོ་ཞིག་གིས་འཁོན་འཛིང་ནི་མི་རྒན་དག་གི་བར་གྱི་དོན་ཞིག་ཡིན་པར་བསམ་ཡོད། འོན་ཀྱང་རྒྱུན་པར་བཟའ་འཁོན་བྱེད་པའི་ཁྱིམ་ཚང་གི་བྱིས་པར་བདེ་སྐྱིད་ལྡན་མི་སྲིད། བྱིས་པས་བརྩེ་སེམས་ཀྱི་མྱོང་ཚོར་ཧ་ཅང་རྣོ། དུས་ཡུན་རིང་བོའི་ནང་གི་གནོན་ཤུགས་དང་ཛ་དྲག་གི་འཚོ་བའི་ཁོར་ཡུག་གིས་བྱིས་པའི་བདེ་ཐང་འཚར་ལོངས་ལ་ཤིན་ཏུ་གནོད།

རང་ཉིད་ལ་ཆེས་ཤ་ཉེ་བའི་མི་གཉིས་ཀྱི་བར་འགལ་བ་བྱུང་དུས། བྱིས་པས་རང་ཉིད་ཀྱིས་ཆེས་བདེ་འཇགས་ཤིག་ཏུ་འདོད་པས་འཚོ་གནས་མེད་པར་ཆགས་འགྲོ་བ་དང་། བྱིས་པས་སྤོབས་པ་བསྐྱེད་ནས་ཕ་མ་ལ་ཁ་ཏ་བྱས་ཀྱང་མ་ཕན་ཚེ། ཁོ་ཚོ་སྡུག་ལ་ཐུག་ནས་གྲོགས་མེད་ཁེར་རྐྱང་དང་། མཐོང་ཆེན་མི་བྱེད་པ། ཐ་ན་སྐྱོ་སྣང་གི་ངང་ནས་འཚོ་བ་ལ་དོན་སྙིང་མེད་པར་འདོད་ངེས་ཡིན།

དུས་ཡུན་རིང་པོར་འཆམ་མཐུན་མེད་པའི་ཁྱིམ་ནང་དུ་འཚོ་བ་རོལ་ན་བྱིས་པའི་སེམས་ཁམས་དང་རང་གཤིས་ལ་འགྱུར་བ་བྱུང་ནས་བརྩེ་སེམས་མེད་པར་ཆགས་འགྲོ་བ་དང་གཞན་ལ་ཡིད་ཆེས་མེད་པ། མི་ལ་སྣང་དོགས་མི་བྱེད་པ། དཀྲུག་སློང་བར་དགའ་བ། སྤྱོད་པ་རྩུབ་པའམ་ཁ་གྲགས་རྒྱུར་མི་དགའ་བ། ཡོད་ཚད་སེམས་ལ་འཛིན་པ། ཕྱི་ནུར་བྱེད་རྒྱུར་དགའ་བ། ཕྱིའི་དངོས་པོ་ལ་སྤྲོ་སྣང་མེད་པར་གྱུར་ནས། འཚར་ལོངས་བྱུང་ཚེ་ལམ་ལོག་ཏུ་འགྲོ་སྲིད།

གཉིས། སྐད་ཆ་ཡག་པོ་བཤད་མི་ཤེས་པའི་ཁྱིམ་ཚང་།

སྐད་ཆའི་ནང་དུ་རྣམ་འགྱུར་སྐོང་ཡོད། ཁྱེད་ཀྱིས་བཤད་པའི་སྐད་ཆ་རེ་རེས་ཀྱང་མི་ལ་སྤྲོ་སྣང་སྟེར་ཐུབ་ལ་གནོད་ཀྱང་སྐྱེལ་ཐུབ། ཁྱིམ་བདག་མི་ཉུང་བ་ཞིག་གིས་བྱིས་པ་ལ་བསྟོད་བསྔགས་དང་ཁས་ལེན་མི་བྱེད་པར། འཕྱ་དམོད་དང་མཚིང་འབྲུ། རྡུང་རྡེག་བྱེད་པ་སོགས་ཀྱི་ཐབས་ཀྱིས་བྱིས་པར་སློབ་གསོ་གཏོང་། སློབ་གསོ་གཏོང་སྟངས་འདི་ལ་ཆེད་བཀོད་མིང་ཚིག་ཅིག་ཡོད་པ་ནི༼རྡུང་རྡེག་རྣམ་པའི་སློབ་གསོ༽ཟེར་བ་དེ་ཡིན།

རྒྱུན་མཐོང་གི་སྐད་ཆ་དག་ནི་གཤམ་གསལ་ལྟར་ཡིན་དེ། ཁྱོས་ལྟོས་དང་མི་ག་གེ་མོས་ཅི་འདྲའི་བསམ་ཤེས་པ་ལ་ཨང་། ཁྱོད་མི་དེའི་རྐང་ཡས་ལ་དོ་ན་ང་བསོད་ནམས་ཆེ་ལྟ་བུ། ཁྱོས་དོན་དག་དེ་སྒྲུབ་བསམ་མམ། ཆོག་ནི་བྱས། ངས་བལྟས་ན་ཁྱོད་ཨ་ལག་སར་ལ་འོ་དྲི་རེད། དོན་དག་འདི་འདྲའི་སློ་མོ་ཞིག་ཀྱང་སྒྲུབ་མི་ཐུབ་ན་ཁྱོད་ལ་དགོས་པ་ཅི་ཞིག་ཡོད། གླེན་པ་ནོར་འདྲ་ཞིག་རེད། གོང་གི་རྡུང་རྡེག་དེ་དག་གིས་ན་ཆུང་ཅི་འདྲའི་མང་པོ་ཞིག་ལ་ལྐོག་ནས་མིག་ཆུ་འཛད་མེད་ཅིག་བཞུར་དུ་བཅུག་ཡོད་ཨང་། སྐད་ཆ་འདི་འདྲ་ཞིག་བཤད་ཡོད་པ་དེ་ཤིན་ཏུ་ལེགས། ཕ་མའི་སྤྲད་པའི་རྡུང་རྡེག་རེ་རེའི་ངན་རྐྱེན་ནི་གནས་སྐབས་ཙམ་མ་ཡིན་པར། རྣོ་ཁབ་ཅིག་དང་འདྲ་བར་ལོ་ཟླའི་གོས་ཆེན་ཕིག་ནས་བྱིས་པའི་སེམས་གཏིང་དུ་ཟུག་འགྲོ་ཞེས་བཤད་ཡོད།

གསུམ། ཆུང་མ་ལ་རྒྱུན་པར་གཙི་མཐོང་མེད་པའི་ཁྱིམ་ཚང་།

ཁྱིམ་ཚང་ཞིག་ཏུ་བཟའ་ཟླའི་འབྲེལ་བ་ནི་ཀུན་ལས་ཀྱང་གལ་ཆེ། ཐ་ན་ཕ་བུའི་འབྲེལ་བ་ལས་ཀྱང་གལ་ཆེ། བཟའ་ཟླའི་འབྲེལ་བ་བཟང་བོ་ཞིག་ཆགས་པའི་རྨང་གཞི་ནི་གཙི་བཀུར་ཡིན། དེ་བས། ཁྱོ་གས་ཆུང་མ་ལ་གཙི་མཐོང་ཆེ་དང་མི་ཆེ་བས་བྱིས་པ་གསོ་སྐྱོང་ལ་གནམ་སའི་ཁྱད་པར་ཡོད། བཟའ་ཟླ་འབྲེལ་བ་མི་བཟང་ན་ཕ་བུའི་འབྲེལ་བ་ཡང་བཟང་མི་སྲིད་པ་ནི་འགྱུར་བ་མེད་པའི་ཆོས་ཉིད་ཅིག་ཡིན། ངེད་ཚང་གི་ཁྱིམ་མཚེས་ཀྱི་ཁྱོ་གས་རྒྱུན་པར་བྱིས་པའི་གོ་ས་ནས་ཆུང་མར་སྡིགས་མོ་བྱེད། དེས་མཇུག་འབྲས་ནི་དོན་དག་ཆུང་ངུ་ཞིག་གི་དོན་དུ་ཡང་བྱིས་པས་ཕ་ལ་ལད་མོ་བྱས་ནས་ཨ་མར་སྡིགས་མོ་བྱེད་པ་སྟེ། ༼ངས་བལྟས་ན་ངའི་ཨ་ཕས་ཉིན་འགར་ཁྱེད་ལ་གཅར་རྡུང་མ་བྱས་ན་ཁྱེད་འདུག་མི་ཚུགས་པ་འདྲ༽སོགས་ཟེར། དེ་ནི་ཅི་འདྲའི་བསྙེན་བཀུར་མེད་པ་ཞིག་རེད་ཨང་། ད་སྐབས་བྱིས་པ་དེ་གཞན་ལ་འཛིང་རེས་བྱེད་རྒྱུར་དགའ་ཞིད་། ཐ་ན་རང་གི་ཕས་ཀྱང་བདག་ཐུབ་ཀྱིན་མེད།

ཞིབ་འཇུག་བྱས་པ་ལས་ཤེས་གསལ་ལྟར་ན་ཁྱོ་གས་ཆུང་མར་སྡིགས་མོ་བྱེད་པ་དག་གི་བྱིས་པ་ནར་སོན་སྐབས་མི་དང་མིའི་འབྲེལ་བ་ཧ་ཅང་རྫོབ་པོ་ཡིན་པ་དང་། བྱ་སྤྱོད་ཡ་མ་གཟུངས་ཡིན། ཆུང་མ་ལ་རྡུང་བར་དགའ་བ་ཚོའི་བྱིས་པ་ནི་སློབ་གྲྭར་གནས་སྐབས་སྐད་ཆ་རྩོག་བཤད་ལ་དགའ་བ་དང་སྐོར་རྡུང་རྒྱག་རྒྱུར་དགའ་བ་ཡིན།

གོང་གི་དཔེ་གཞི་ལས་ཤེས་ཐུབ་པ་ནི་ཁྱོ་གས་ཆུང་མར་གཙི་བཀུར་མ་བྱས་པར། ཆུང་མར་ཁྱིམ་ནང་དུ་གོ་ས་མེད་སོང་ན། བྱིས་པའི་མིག་ནང་དུ་ཡང་ཨ་མའི་སྣང་བརྙན་བཟང་པོ་མེད་པ་དང་ཨ་མས་བྱིས་པ་ལ་སློབ་གསོ་ཡང་རྒྱག་དཀའ། བྱིས་པས་ནོར་འཁྲུལ་བཟོ་སྐབས་ཨ་མས་སློབ་གསོ་ཅི་ལྟར་བཏང་ན་ཡང་བྱིས་པས་ཁ་ཡ་མི་བྱེད་པར་མ་ཟད། ཐ་ན་མཐོང་ཆུང་བྱས་ནས། ཨ་ཕས་ཁྱེད་རང་གླེན་པ་ཞིག་རེད་ཟེར་བས་ངས་ཁྱེད་ཀྱི་ཁ་ལེན་དོན་མེད་སོགས་ཟེར་བ་དང་། དེ་ལྟར་ཡུན་རིང་འགོར་རྗེས་བྱིས་པས་མི་སུ་ཞིག་གི་ཁ་ལ་ཡང་ཉན་མི་སྲིད།

བཞི། ཁ་པར་ལ་ཁ་འགར་མི་ཐུབ་པའི་ཁྱིམ་ཚང་།

བྱིས་པས་ལས་བྱ་འབྲི་དུས་ཁྱེད་ཀྱིས་ཁ་པར་རྩེད། བྱིས་པས་དཔེ་ཆར་ལྟ་དུས་ཁྱེད་ནི་ཁ་པར་རྩེད། བྱིས་པར་ཁྱེད་ཀྱི་འདུག་རོགས་མཁོ་དུས་ཁྱེད་སྔར་བཞིན་ཁ་པར་རྩེད། ཤེས་ནུས་ཆ་འཕྲིན་གྱི་དུས་སྐབས་འདིར་མི་རྣམས་ཁ་པར་དང་འབྲལ་དཀའ་བ་ངོ་མ་རེད་མོད། ཁ་པར་མེད་ཚེ་གསོན་ཐབས་བྲལ་བའི་དུས་སྐབས་ལ་ཐོན་མེད། ཁྱེད་ཀྱིས་རང་ཉིད་བྱིས་པ་དང་ལྷན་དུ་ཡོད་ན་ད་གཟོད་ཁོ་ཚོར་འདུག་རོགས་བྱས་སོང་འདོད་དམ། ཁྱེད་ཀྱིས་བསམ་ན་ཁ་པར་བཀོལ་ནས་བྱིས་པར་དྲིས་ལན་འཚོལ་བཤེར་བྱེད་རོགས་བྱས་ན་འགྲིག་གམ།

དེ་འདྲ་ཞིག་ཁྱོན་ནས་མིན། བྱིས་པ་ལ་དགོས་པ་ནི་ཟོལ་གྱི་རོགས་རམ་ག་ལ་ཡིན། ཐ་ན་སེམས་བདེ་མོས་བྱིས་པའི་གམ་དུ་དུས་ཚོད་ཕྱེད་ཙམ་བསྡད་པ་དེ་ཁ་པར་བཟུང་ནས་བྱིས་པ་དང་ལྷན་དུ་དུས་ཚོད་གཉིས་ལ་བསྡད་པ་ལས་ཀྱང་བཟང་། དུས་ཚོད་ནི་སྐད་ཅིག་གིས་འདས་འགྲོ བྱིས་པར་ཁྱེད་རང་མཁོ་བས་དུས་སུ་ཁྱེད་ཀྱིས་ཁ་པར་གདམ་པ་རེད། དེ་ལས་ཁྱེད་བྱིས་པ་དང་ལྷན་འཚར་ལོངས་བྱུང་བའི་གཏམ་རྒྱུད་མང་པོ་ཞིག་ལ་གོ་འཛོལ་འགྲོ་ལ། བྱིས་པ་དང་བར་ཐག་རིམ་བཞིན་རིང་དུ་སོང་ནས་ཕ་མ་བུ་ཕྲུག་གི་འབྲེལ་བ་ཟབ་མོ་ཞིག་ཆགས་མི་ཐུབ།

དེ་མ་ཟད་བྱིས་པའི་ལད་ཟློས་ཀྱི་ནུས་པ་ཧ་ཅང་ཆེ་བས་ཁྱིམ་བདག་གིས་ཁ་པར་རྩེད་དུས་ཁོ་ཚོས་ཀྱང་ལད་མོ་བྱེད་པ་རེད། བྱིས་པ་ཁ་པར་ལ་མགོ་འཁོར་ཚར་དུས་ད་གཟོད་ཁ་པར་ནི་གནོད་བྱེད་ཅིག་ཡིན་པ་ཧ་གོ བདེ་སྐྱིད་ལྡན་པའི་བྱིས་པ་ཚང་མར་འདྲ་ས་ཞིག་ཡོད་དེ། ཁྱིམ་ཚང་ནི་ཨ་མའི་འཇིག་རྟེན་དང་ཨ་ཕའི་རྒྱལ་ས། བྱིས་པའི་རྩེད་ར་ཡིན་པ་དེ་རེད། དེ་ནི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་གི་སྣང་བརྙན་དངོས་ཡིན།