ལྕམ་པེ་ཧུ་ཡིས་བརྩམས། ཐེ་རྐྱང་ཉག་ཕྲན་དང་སྒྲོལ་དཀར་ཚེ་རིང་གཉིས་ཀྱིས་བསྒྱུར།

1

གཞན་ལ་འཕྲད་ན་ཐོག་མར་འཚམས་འདྲི་ཞུ་དགོས།
གཞན་གྱིས་ཕན་པ་དང་རོགས་རམ་ཅི་ཞིག་ཐོབ་ཀྱང་།
ངེས་པར་དུ་ཡིག་ངག་གང་རུང་ནས་བཀའ་དྲིན་ཞུ་དགོས་ལ།
གཞན་ལ་དཀའ་ངལ་བཟོས་པའི་དོན་བསྒྲུབས་ཕྱིན།
ངེས་པར་དུ་དེ་འཕྲལ་དགོངས་དག་ཞུ་དགོས།

2

སྤྱི་བའི་འདུ་གནས་སུ།(གང་འདོད་དུ་རྩེ་ཆོག་པའི་གནས་ལས་གཞན)
སྐད་མགོ་ཇེ་དམར་བཏང་ནས་མི་གསུམ་པས་མི་གོ་བར་བྱེད་དགོས།
བྱ་བ་སྒྲུབ་དུས་གང་བསམ་ཅི་འདོད་བྱ་མི་རུང་ལ།
ཆུང་དུས་ནས་གཞན་ལ་འདང་རྒྱག་ཤེས་དགོས།

3

ཕ་ལ་བཤད་མི་འདོད་པའི་དོན་དག་དེ།
ཨ་མ་གཅིག་པུར་བཤད་ཆོག
ཨ་མར་བརྗོད་མི་འདོད་པའི་བྱ་བ་དེ།
ཨ་ཕ་གཅིག་པུར་བརྗོད་ཆོག
ཡིན་ཡང་གཉིས་ཀའི་གང་རུང་ལ་ངེས་ཅན་དུ་བཤད་དགོས།

བྱིས་པ་ལ་མཚོན་ན།
ཕ་མ་གཉིས་ཀ་ནི་ཆེས་སྙིང་ཉེ་བ་དང་།
ཆེས་བློ་གཏད་ཆོག་པའི་མི་ཡིན་པ་ཤེས་སུ་འཇུག་དགོས་ལ།
སེམས་ཀྱི་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་མི་དགོས།

4

གཞུང་རྒྱུད་དྲང་བ་ནི་ཆེས་ལེགས་པའི་བཟང་སྤྱོད་ཡིན་ལ།
གཞན་ལ་རྫུན་བཤད་ཅིང་མགོ་སྐོར་མི་རུང་།
གྲོགས་པོ་དང་ཁྱིམ་མིའི་ཆེས་རྩ་ཆེ་བའི་ཡིད་ཆེས་བརླག་ན།
ཁྱེད་རང་ཚེ་གང་བོར་འགྱོད་པ་སྐྱེ་ངེས།

5

གལ་སྲིད་འཁོན་འཛིང་ལ་གཡོལ་ཐབས་མེད་ན།
ལག་ཆ་བཀོལ་མི་ཆོག་ལ་སོ་འདེབས་མི་རུང་ཞིང་།
གཞན་གྱི་མིག་ལ་གཟས་ནས་ཀྱང་རྒྱག་མི་རུང་།
དེ་ལས་གཞན་དུ་སྟོབས་ཤུགས་གང་ཡོད་ཀྱིས་རྒྱག་དགོས།
ཨ་མས་ཁྱེད་རང་རྒྱལ་ན་བསམ་བྱུང་།

བརྙས་བཅོས་མྱོང་བའི་དུས་སུ།
གུས་པས་གཉོམ་འཁུར་བའི་བྱིས་པ་ནི།
ནམ་ཡང་གཞན་གྱིས་བརྙས་བཅོས་བྱ་ཡུལ་དུ་འགྱུར་ངེས།

6

ས་ངོས་ལ་ལྷུང་བའི་དངུལ་སྒོར་ཡར་འཐུས་ཤིང་།
རང་ཁྱིམ་ལ་ཁྱེར་ནས་གསོག་ན་ཆོག
ཡིན་ཡང་སྒོར་ཁུག་ལ་བདག་འཛིན་གྱི་བསམ་པ་སྐྱེ་མི་རུང་།
སྒོར་མོས་མི་བསླུ་བ་ནི་བླ་ན་མེད་པའི་བཟང་སྤྱོད་ཅིག་ཡིན།

7

གཞན་གྱིས་གཏོང་ཕོད་ཀྱིས་ཟས་མགྲོན་གཏོང་དུས།
གལ་ཏེ་ཁྱེད་ལ་སྤྲོ་བ་མེད་ན།
ང་རང་ཕོ་བ་འགྲང་འདུག་ཅེས་བཤད་ཆོག
ཡིན་ཡང་ཁྱེད་ཀྱིས་ཞིམ་པོ་མི་འདུག་ཅེས་གཏན་ནས་ཟེར་མི་རུང་།

8

ཟས་རིགས་གང་ཡིན་རུང་སྔོན་ཆད་དེ་ལ་ཚེ་སྲོག་ལྡན་པ་རེད།
ཟ་ན་འདོད་དུས་ཟ་བ་དང་གཡུག་ན་འདོད་དུས་གཡུག་མི་རུང་།
འདི་ནི་ཆོས་ཐམས་ཅད་ལ་གུས་ཞུད་བྱེད་པའི་ལྟ་ཚུལ་ཞིག་ཡིན།
འདི་ཡིས་ཉི་ཧོང་གི་མཛེས་ཤིང་སྡུག་པའི་རང་བྱུང་ཁོར་ཡུག་སྔར་ལྟར་རྒྱུན་བསྲིངས་ཡོད།

9

མི་གཞན་ལ་གཟས་ནས་བསྡུར་བ་བྱེད་དོན་མེད་ལ།
དེ་ནི་མིང་དང་བྱད་གཟུགས་ཇི་བཞིན་ཕན་ཚུན་གཅིག་འདྲ་མིན།
མི་ཚང་མ་གཅིག་ལས་གཉིས་སུ་མེད་པས།
འཇིག་རྟེན་འདི་ལྟར་ཕུན་སུམ་ཚོགས་ལ་མཚར་སྣང་ལྡན་ལ།
མི་ཚེ་ཡང་འདི་ལྟར་ངོ་མཚར་གྱིས་ཁེངས་པར་བྱས།

10

ཉེན་ཁ་དང་དགོས་ངེས་གྱི་དུས་ལ་ཐུག་ན།
སྒྲིག་ལམ་གང་ཡང་སྲུང་མི་དགོས།
རྒྱུ་མཚན་ཚེ་སྲོག་ནི་ཡོད་ཚད་ལས་རྩ་ཆེ་བས་སོ། །

རང་ཉིད་གཅིག་པུ་མི་ངན་དང་རྐྱེན་ངན་ལ་འཕྲད་ཚེ།
རང་ཉིད་སྲུང་སྐྱོབ་བྱེད་ཐུབ་མཁན་ལ།
རང་ཉིད་མ་གཏོགས་མེད།