ཁ་བ་ཉིན་དགུ་མཚན་དགུ་བབས།།

ཆ་ལ་ཉིན་མཚན་བཅོ་བརྒྱད་བབས།།

འབབ་ཆེ་སྟེ་ཆེ་བ་བལ་འདབ་ཙམ།།

འདབ་ཆགས་བྱ་ལྟར་ལྡིང་ཞིང་བབས།།

ཆུང་སྟེ་ཆུང་བ་འཕང་ལོ་ཙམ།།

བུང་བ་ལྟ་བུར་འཁོར་ཞིང་བབས།།

ཡང་ཆུང་སྲན་མ་ཡུངས་འབྲུ་ཙམ།།

ཁུ་འཕངས་བཞིན་དུ་འདྲིལ་ཞིང་བབས།།

གོང་གི་མགུར་གླུ་འདི་བཞེངས་མཁན་དང་བཞེངས་ས་གང་ཡིན་ནམ།

སྐྱབས་རྗེ་ནུབ་པ་རིན་པོ་ཆེ།

སྐད་འཕྲིན་དང་ངོ་དེབ། ཁ་པར་སོགས་བརྒྱུད་ནས་བཀའ་བརྒྱུད་པའི་(འབྲི་གུང་བཀའ་བརྒྱུད། ཀརྨ་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད)བླ་བཙུན་བཅས་ལ་འབྲེལ་གཏུགས་བྱས་ཚེ། མགུར་བཞེངས་མཁན་ནི་རྗེ་མི་ལ་རེད། (1040-1123) བཞེངས་སའི་གནས་ནི་འབྲོག་ལ་ཕྱི་(lapchi)གངས་ཀྱི་ར་བ་རེད་ཅེས་ལན་རྙེད་པ་དང་ཟུར་ལྟའི་དཔེ་དེབ་ངོ་སྤྲོད་གནངས་པ་མ་ཟད།

ལ་ཕྱི་རྡོར་འཛིན།

ལ་ཕྱི་ལ་རྗེ་མི་ལའི་རྗེས་འཇུག་པ་རས་ཆུང་རྡོ་རྗེ་གྲགས་པ་དང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་རྒྱུད་སྤྱན་སྔ་ཤེས་རབ་འབྱུང་གནས། ལ་ཕྱི་ནམ་མཁའ་རྒྱལ་མཚན། ད་དུང་ཞབས་དཀར་ཚོགས་དྲུག་རང་གྲོལ་(ལ་ཕྱིའི་དགོན་པ་ཞབས་དཀར་གྱིས་བཏབ)་སོགས་སྐྱེས་ཆེན་བགྲང་ལས་འདས་པ་བྱོན་ཚུལ་ ངོ་སྤྲོད་ཙམ་བྱེད་འདོད་རུང་། ལོ་རྒྱུས་ཡིག་ཚགས་ལ་རྒྱུས་མངའ་ཞན་པས་རེ་ཞིག་མི་བསྐྱུར་ཐབས་མེད་བྱུང་།

དེང་སྐབས་ལ་ཕྱིར་འབྲི་གུང་བཀའ་བརྒྱུད་ཀྱི་སྐྱབས་མགོན་ཆེ་ཚང་མཆོག་དང་སྐྱབས་རྗེ་ནུབ་པ་རིན་པོ་ཆེ་སོགས་ཀྱིས་བདག་སྐྱོང་བྱེད་ཚུལ་གསལ་བོ་གོ་ནའང་།

དེང་འདིར་བལ་ཡུལ་གཞུང་རྗ་ན་ཁ་ཕོར་མངའ་སྡེའི་(Janakapur)རྡོ་ལ་ཁ་(Dolakh)(རྫོང་ན་གནས་པ་དང་དེ་སྔོན་བོད་ཁོངས་ཡིན་མིན་ཤེས་འདོད་ཆེ་རུ་ཕྱིན་ནས། རྗེ་མི་ལའི་མགུར་ལ་མཇལ།མགུར་གླུའི་ཁྲོད་ན་གཉའ་ནང་ཞེས་པའི་ས་ཆ་ཞིག་ཡང་ཡང་མངོན་པས།གཉའ་ནང་ངམ་གཉའ་ལམ་(日客则区尼拉木县)་ས་ཆ་གཅིག་ཡིན་མིན་ཐེ་ཚོམ་ཆེ་ཞིང་།


རྗེས་སུ་གངས་བུར་སྲས་པ་རིན་ཆེན་དར་ལོས་མཛད་པའི་((གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ))p26-27

རགས་ཙམ་མཇལ་བའི་ཁྲོད། ཕྱི་ལོ་1962ཡར་སྔོན་ལ་ལ་ཕྱི་གངས་ཀྱི་ར་བ་ནིྒ་གཉའ་ནང་(གཙང་གཞིས་ཀ་རྩེའི་གཉའ་ལམ་རྫོང)གི་ཁོངས་སུ་གཏོགས་ཤིང་། ཀྲུང་བལ་སྐུ་ཚབ་ཟུང་སྦྲེལ་ས་ཞིབ་བྱས་པའི་རྗེས་སུ་ལ་ཕྱི་ཆོས་རྭ་མན་ཆད་བལ་གཞུང་ལ་རྩིས་སྤྲོད་བྱས་འདུག་ཅེས་གསལ་ན།

(ཉུང་བསྡུས་བྱས་ནས་དྲངས་པ་ཡིན) ཡང་གང་ཞིག་ལྷག་སོང་སྙམ་བཞིན་བསམ་བློ་བཏང་མཐར། ཕྱི་ལོ་2011ལོར་སྐྱབས་རྗེ་ནུབ་པ་རིན་པོ་ཆེ་སྐུ་དངོས་སུ་ཞབས་ཐང་གིས་ལ་ཕྱིར་བཅར་ནས་གུ་རུའི་འབུམ་ཚོགས་འཚོགས་གནང་པའི་བརྙན་ཞིག་ཡོད་པ་དྲན་ཞིང་། རིན་པོ་ཆེ་ལ་ཕྱི་གྲོང་གསེབ་ལ་ཕེབས་ནས་རྒྱ་སྐད་ཀྱིས་ཁོང་གི་དགེ་ཕྲུག་ཚོར་ཕྱི་ལོ་1959ལོར་གྲོང་གསེབ་འདིར་དུད་ཁྱིམ36ཡོད། དེང་འདིར་ཕྱི་ལོ2011ལོར་དུད་ཁྱིམ་14ཙམ་མ་གཏོགས་མེད། མང་ཤོས་གཉའ་ལམ་ལ་ལོག་པ་དང་ཀ་ཐ་མན་ཀྲུར་སྤོར་བ་རེད་ཅེས་གསུངས་སོ།།