སློབ་གསོའི་ངོ་བོ་ནི་བྱིས་པར་དགའ་བ་དེ་ཡིན་མོད།
དགའ་བ་དང་མཉམ་དུ་བྱིས་པ་རྟོགས་དགོས་ལ། རྟོགས་པ་ནི་དགའ་བ་ལས་ཀྱང་གལ་ཆེ།

བྱིས་པ་ན་ཚོད་ག་འདྲ་ཞིག་ཡིན་རུང་།
ཚང་མར་བརྩི་བཀུར་དང་ཁས་ལེན་ཐོབ་དགོས།

“དར་མ་དག་གིས་ཁ་བརྡ་བྱེད་དུས། བྱིས་པ་སྐད་ཆའི་བར་དུ་འཚང་མི་རུང་།”
“བྱིས་པ་ཆུང་ཆུང་ལ་གསང་བ་ཞིག་གང་ན་ཡོད།”
“ཕ་མ་གཉིས་ལས་ཀར་བྲེལ་བས་ཁྱོད་ལ་འདུག་རོགས་བྱེད་ཁོམ་མེད།”
“ཁྱོད་ད་རུང་ལོ་ན་ཆུང་བས། ཕ་མ་གཉིས་ཀྱིས་ཁ་ལ་ཉན་དགོས། འདི་དག་ཚང་མ་ཁྱོད་བསམ་པ་ཡིན།”
… …
སྐད་ཆ་འདི་དག་རྣ་ལ་བྱང་འདུག་གམ།
ཡིན་ཡང་བྱིས་པས་ང་རང་ཆུང་རྒྱུ་མི་འདུག་སེམས་ངེས།
བྱིས་པ་འཚར་ལོངས་འབྱུང་བ་ནི་ངོ་མཚར་བའི་བརྒྱུད་རིམ་ཞིག་ཡིན་ཏེ།
སྐབས་འགར་ཁོ་རང་རང་བཞིན་དྲང་ལ། ལན་རེར་ཁོ་རང་ཨུ་ཚུགས་ཆེ། སྐབས་འགར་ཁོ་རང་ཕ་མར་བརྟེན་ལ། ལན་རེར་རང་ཉིད་རང་ཚུགས་ཐུབ་པར་རེ།

གཤམ་གསལ་ལེགས་བཤད་བརྒྱད་ཀྱིས། ཁྱེད་ཀྱིས་བྱིས་པར་ཇི་ལྟར་སློབ་གསོ་ཡང་དག་པ་བྱས་ཏེ། གནམ་འོག་གི་ཕ་མ་རྣམས་དང་མཉམ་དུ་འབད་ཚུལ་རྟོགས་སུ་འཇུག་ངེས་ཡིན།
1
ཁྱེད་རང་སུ་ཡིན་རུང་། བྱིས་པས་བློ་སེམས་གཅིག་ཏུ་སྒྲིམ་དུས།
གང་ནུས་ཀྱིས་བྱིས་པར་བར་ཆད་མི་བཟོ་རོགས།
བྱིས་པར་རང་གི་དུས་ཚོད་དང་རེ་འདུན་ལྟར་དུ་དོན་ཞིག་འགྲུབ་ཏུ་ཆུགས།
2
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་། བྱིས་པའི་“གོམ་སྟབས་”ལ་བརྩི་བཀུར་གནང་རོགས།
ཁྱེད་ཀྱིས་སྐུལ་འདེད་དང་། ལེ་བདའ། འཁང་ར་བྱས་ཏེ་བྱིས་པའི་“གོམ་སྟབས་”ཇེ་མགྱོགས་སུ་མི་གཏོང་རོགས།
3
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་། བྱིས་པར་ཁ་བརྡ་བྱེད་དུས།
མར་སྒུར་ནས་བྱིས་པའི་མཐོ་ཚད་དང་མཉམ་པོར་སྡོད་ཅིང་།
བྱིས་པའི་མིག་ལ་བལྟས་ནས་ཁ་བརྡ་བྱེད་རོགས།
4
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་།
བྱིས་པའི་རང་གི་དངོས་རྫས་ཀྱི་བདག་དབང་དང་བཀོལ་དབང་ལ་བརྩི་བཀུར་གནང་རོགས།
ཁ་བརྡ་བསླབ་བྱ་གཏོང་བ་དང་། ཐ་ན་བྱིས་པར་རང་གི་དངོས་རྫས་མཉམ་སྤྱོད་བྱེད་པའི་རེ་བ་མི་འདོན་རོགས།
5
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་། བྱིས་པའི་གདམ་གསེས་ཀྱི་དབང་ཆ་ལ་བརྩི་བཀུར་གནང་རོགས།
བྱིས་པའི་དགའ་ཕྱོགས་དང་མོས་པ་ལ་བརྩི་བཀུར་གནང་རོགས།
ཁྱེད་རང་གི་བསམ་ཚུལ་དང་འདོད་འདུན་བཙན་གྱིས་དེ་ལ་མི་སྦྱོར་རོགས།
6
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་། བྱིས་པས་ངུ་འབོད་བྱེད་པ་མཐོང་དུས།
བྱིས་པའི་སེམས་ཀྱི་འགྱུར་བ་ལ་ཁས་ལེན་དང་བར་སྟོང་ཞིག་སྟེར་བ་མ་ཟད།
བཟོད་བསྲན་དང་བསམ་ཤེས་ཆེན་པོ་བྱེད་རོགས།
7
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་།
དོན་དག་ཅི་ཞིག་བྱུང་ཡང་། ནམ་ཡང་བྱིས་པ་ལ།
“ཁྱོད་ཀྱིས་ད་རུང་དེ་ལྟར་བྱེད་ན། ཨ་མ་(ཡང་ན་ཨ་ཕ)ལ་ཁྱོད་མི་དགོས་(ཡང་ན་ཁྱོད་ལ་མི་དགའ་ཟེར་བའམ་ཁོང་ཁྲོ་ལངས་བྱུང)”ལྟ་བུའི་སྐད་ཆ་གཏན་ནས་མི་བཤད་རོགས་མཁྱེན།
8
ཁྱེད་རང་སུ་ཡིན་རུང་། གནས་གང་དུ་སྡོད་ཀྱང་།
བྱིས་པ་ཞིག་གིས་ཁྱེད་ལ་སྐད་ཆ་བཤད་ཅིང་བསམ་ཚུལ་སྟོན་དུས།
མིག་གིས་བྱིས་པ་ལ་བལྟས་ནས་ནན་ཏན་སྒོས་གཟབ་ཉན་བྱེད་རོགས།

མི་ཚང་མར་གཞན་གྱིས་བརྩི་བཀུར་འཐོབ་པར་རེ་ལ།
བྱིས་པའང་དེ་དེ་བཞིན་ཡིན།

བྱིས་པ་ཞིག་ལ་དར་མས་བརྩི་བཀུར་ཐོབ་ན།
ནར་སོན་རྗེས་ཁོས་ཀྱང་གཞན་ལ་བརྩི་བཀུར་ཇི་ལྟར་བྱེད་དགོས་པ་ཤེས་པར་འགྱུར།

སློབ་གསོའི་ཆེད་ལས་མཁས་པས་བསྟན་དོན།
བྱིས་པར་ཆེས་ཐོག་མར་གཞན་གྱིས་བརྩི་བཀུར་ཐོབ་པའི་མྱོང་བ་ནི་ཕ་མ་ལས་ཐོབ་པ་ཡིན་ལ།
གཞན་ལ་བརྩི་བཀུར་བྱེད་པའི་འདུ་ཤེས་ལའང་ཉིན་རྒྱུན་གྱི་འཚོ་བ་ལས་སྦྱོང་བརྡར་དང་སློབ་གསོ་མང་པོ་བརྒྱུད་ནས་ཐོབ་ཡོད་ཅིང་། ཟམ་མི་ཆད་པར་ཤུགས་སྣོན་དང་རིམ་གྱིས་གྲུབ་པ་ཞིག་ཡིན།

བརྩི་བཀུར་ལ་རང་བཞིན་དང་འཆམ་མཐུན་གྱི་ཁོར་ཡུག་ཅིག་གྲུབ་པ་ན།
དེ་ཉིད་རང་བཞིན་སྒོས་ཡང་དག་པར་མངོན་ཐུབ།

དེ་ཡང་སྤྱི་ཚོགས་ཧྲིལ་བོར་ཕན་ཚུན་བརྩི་བཀུར་བྱེད་པའི་དར་སྲོལ་ཞིག་ཆགས་པ་ལ།
ངེས་ཅན་དུ་བྱིས་པའི་དུས་ནས་བཟུང་དམ་འཛིན་བྱེད་དགོས།