གནའ་མཁར།

ལོ་ཤས་སྔོན་ནས་བཟུང་གུས་པས་གཉི་ཤང་ལུང་པའི་སྐོར་ལ་བཅར་འདྲི་བྱེད་སའི་མི་སྣ་བཙལ་ཡང་ཡུལ་མི་ཁ་ཤས་ཐུག་མོད། ཁོ་ཚོ་ཆུང་དུས་ནས་ཕ་ཡུལ་གཉི་ཤང་ལ་ཁ་བྲལ་ནས་གསལ་བོར་བཤད་རྒྱུ་མི་འདུགཁྱི་ར་བ་མགོན་པོ་རྡོ་རྗེས་རྗེ་མི་ལ་མཆོག་ལ་འབུལ་བའི་གཞུ།

ཁ་སྔོན་མངའ་རིས་འབོ་དཀར་དགོན་པའི་བླ་མ་འཕྲིན་ལས་བརྒྱུད་ནས་བལ་ཡུལ་ཀརྨ་ལེགས་བཤད་གླིང་གི་གཉི་ཤང་བླ་མ་ཕུན་ཚོགས་ལགས་ལ་གཉི་ཤང་ལུང་པའི་སྐོར་བཅར་འདྲི་བྱེད་པའི་དུས་ཤིག་རེག

བྲག་དཀར་དགོན།

བླ་མ་ཕུན་ཚོགས་ལགས། ཁམས་བཟང་།  གཉི་ཤང་ཚོ་དྲུག་ཅེས་པའི་མིང་ནི་དེབ་དང་མིའི་ཁ་རྒྱུན་ལས་གོ་བ་ཙམ་མ་གཏོགས། ཡུལ་དེ་རྒྱལ་ཁོངས་གང་ལ་གཏོགས་པ་དང་མངའ་སྡེ་གང་ན་ཡོད་པ། རྫོང་གང་ན་ཆགས་པ་སོགས་རྒྱུས་ལོན་བྱེད་འདོད་ཆེ་བ་ལྟར།བླ་མ་ཁྱེད་ལ་འབྲེལ་གཏུགས་བྱས་པ་ཡིན།བུ་ཙུག་དགོན།

གཉི་ཤང་ཚོ་དྲུག་ཅེས་པ་ཡུལ་དྲུག་ཡིན་ནམ། ཡང་ན་ཡུལ་དྲུག་གི་ཁོངས་སུ་གྲོང་ཚོ་ག་ཚོད་ཡོད་དམ། གཉི་ཤང་ལུང་པ་རུ་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་མང་པོ་ཡོད་རབས་གོ་ན། གསལ་བོ་མི་ཤེས་ཕྱིར།

ཏ་རེ་དགོན།

བླ་མ་ལགས་ལ་བཀའ་འདྲི་ཞུ་བ་ཡིན།  དྲིས་ལན། གཉི་ཤང་བླ་མ་ཕུན་ཚོགས་ཀྱིས།  བཀྲ་ཤིས་བདེ་ལེགས། སྤྱིར་བཏང་བོད་སྐད་དུ་གཉི་ཤང་ཞེས་གྲགས་ཤིང་བལ་ཡུལ་པ་རྣམས་ཀྱིས་དམའ་ནང་(manang)ཞེས་འབོད། བལ་ཡུལ་རྒྱལ་ཡོངས་ལ་མངའ་སྡེ་བདུན་དང་རྫོང་ཁག་ ༧༥ ཡོད་པ་ལས།

གཉི་ཤང་གི་རྫོང་ནི། གན་ངྷན་གི(gangdaki) མངའ་སྡེའི་ཁོངས་ན་ཆགས། གཉི་ཤང་གི་ནུབ་ན་གློ་ཆུ་མིག་བརྒྱ་རྩ་དང་ ཤར་ན་ལམ་ཅུང་རྫོང་ཡིན། བྱང་ཕྱོགས་ལ་བགྲོད་ལམ་མེད་ཀྱང་སྟོད་མངའ་རིས་བྱང་ཐང་ཕྱོགས་ལ་ཐག་ཉེ་ཞིང་། ལྷོ་ནས་སྨད་དམའ་ནང་བརྒྱུད་དེ་པོག་ར་( pokhara)ལབགྲོད་ལམ་ཡོད་པའི་བརྗོད་སྲོལ་འདུག དམའ་ནང་་འདི་ལ་ཡང་སྟོད་སྨད་གཉིས་སུ་ཕྱེས་བས་གཉི་ཤང་ཚོ་དྲུག་ནི། 1དམའ་ནང་།2ཁང་གསར།3བྲག་དཀར། 4བང་བག5རྒྱ་རུ།6སྤི) བཅས་ཡིན། དེང་སང་གྲོང་ཚོ་བདུན་དུ་དབྱེ་ཞིང་། གྲོང་ཚོ་བདུན་ནང་ནས་དམའ་ནང་ནི་གནའ་སྔ་མོ་ནས་གཉི་ཤང་གི་གྲོང་ཚོ་ལྟེ་བའམ་ཆེ་ཤོས་ལྟ་བུ་ཞིག་རྩིས་པ་ལས་རྫོང་གི་མིང་ལ་དམའ་ནང་ཇི་ལ་(ཇི་ལ་ནི་བལ་པོའི་སྐད། རྗོང་གི་དོན)ཞེས་གྲགས་པ་རེད། གྲོང་ཚོ་བདུན་ནི། ༡ དམའ་ནང་། ༢ སྟེང་སྐྱིད་དམའ་ནང་། ༣ ཁང་གསར། ༤ བྲག་དཀར། ༥ བང་བ། ༦ རྒྱ་རུ། ༧ སྤི་བཟང་བཅས་སྟོད་དམའ་ནང་ཆར་གཏོགས་པ་མ་ཟད།

1སྣར་སྟོད་སྨད་གཉིས་དང་། 2བྲག་ཐང་། 3ཏང་ལ་ཁུང་སོགས་གྲོང་ཚོའི་ཡན་ཆད་སྟོད་དམའ་ནང་གི་ཆར་གཏོགས་པ་རེད་འདུག སྨད་དམའ་ནང་ནི་རྩེ་སྨད་ཅེས་པའི་གྲོང་ཚོ་མན་ཆད་ནས་གྲོང་ཚོ་མང་ཙམ་ཡོད་པ་རྣམས་མར་རོང་གི་ས་གནས་དང་འབྲེལ་བ་ཆགས་ཡོད། གཉི་ཤང་ངམ་དམའ་ནང་རྫོང་གི་ས་གནས་བབས་དང་མི་འབོར་ནི། ཕྱི་སྡོད་(ཀ་ཐ་མན་གྲུ་གཙོའི་ཕྱི་རྒྱལ་ཁབ་ཁག)དང་། ནང་སྡོད་(གཉི་ཤང་ལུང་པ)གཉིས་བསྡོམས་ན་གཉིས་ཁྲི་ཙམ་ཡོད་ཤག་ལས་ངེས་གཏན་མེད། སྤྱིར་གཉི་ཤང་གི་ལུང་པ་ནི་ཧི་མཱ་ལ་ཡའི་རི་རྒྱུད་སྤྱི་མཚུངས་བཞིན་ཆོས་དང་རིག་གཞུང་གོམས་གཤིས་ལུགས་སྲོལ་ཐམས་ཅད་བོད་དང་འབྲེལ་བའི་དབང་གིས་ནང་པ་ཡིན་པ་དང་། ལྷག་པར་དུ་རྗེ་བཙུན་མི་ལ་རས་པ་མཆོག་གཉི་ཤང་ལུང་པ་ལ་ཞབས་བཅགས་ཏེ་ཁྱི་ར་མགོན་པོ་རྡོ་རྗེ་དང་།ཤྭ་བོ། ཁྱི་བཅས་རྗེས་སུ་བཟུང་ནས་ངན་འགྲོ་ལས་སྐྱོབས་པར་མཛད་པའི་གནས་གཉི་ཤང་འགུར་རྟ་ཕུག་ཅེས་པའི་གནས་མཆོག་ཏུ་ཁྱི་ར་བས་ཕུལ་བའི་གཞུ་དང་བཞུགས་གནས་ཁྱད་པར་ཅན་ད་ལྟ་ལ་ཡང་མཇལ་རྒྱུ་ཡོད་ཅིང་། གཉི་ཤང་གྲོང་ཚོ་ནང་དགོན་ཆུང་རེ་རེ་ཙམ་ལས་ཡོད་མ་རེད། སྔ་མོའི་ངག་རྒྱུན་ལ་དགོན་སྡེ་ཁག་གསུམ་ནི་(བྲག་དཀར་དགོན། བོ་གཙོདགོན། ཏ་རེ་དགོན།)ཞེས་བཤད་སྲོལ་འདུག འོན་ཀྱང་དུས་དབང་གིས་དགེ་འདུན་པའི་སྡེ་གཏན་ནས་མེད་པ་ཆགས་སོང་འདུག སྤྱི་ལོ་༡༩༦༣ ་ཙམ་ལ་ ཐོག་མར་རྒྱ་གར་འབྲས་ལྗོངས་རུམ་བཏེགས་གདན་སར་༧ དཔལ་རྒྱལ་བའི་དབང་པོ་ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་ཞབས་པད་དྲུང་དུ་གཉི་ཤང་པ་ཁ་ཤས་བཅར་ཏེ་རབ་ཏུ་བྱུང་བ་ནས་དགེ་འདུན་སྡེ་རིམ་བཞིན་འཕེལ་བ་ལ་བརྟེན་ནས་ཀརྨ་བཀའ་བརྒྱུད་གྱི་དགོན་སྡེ་བྱུང་བ་རེད།