ཧྭ་ཧྥོའི་སེམས་ཁམས་རིག་པའི་སློབ་དཔོན་ཆེན་མོ་ཆེ་གེ་མོ་ན་རེ། ལྔ་ལྔའི་དུས་ཆེན་གྱི་ཉིན་མོར་ང་རང་གྲོགས་པོའི་ཁྱིམ་ལ་རྩེ་རུ་སོང་བ་ཡིན། མོས་ཕྲུ་གུ་ལ་ལས་བྱ་འབྲི་རོགས་བྱེད་པའི་རྣམ་པར་བལྟས་ནས་བསྡད།བྱིས་གཉོར་ཁང་གི་འབྲིང་རིམ་འཛིན་གྲྭ་ནས་ལས་བྱ་བཀོད་སྒྲིག་ཡོད་ལ། སྤྱིར་བཏང་དགེ་རྒན་རྣམས་ཀྱིས་ནམ་རྒྱུན་ཁྱིམ་གྱི་ལས་བྱ་གོ་སྒྲིག་བྱེད་སྲིད། ལས་བྱ་དེ་དག་དེ་འདྲ་དཀའ་མོ་མིན་ནའང་།དེ་བྱིས་པ་དག་ལ་ཆུང་དུས་ནས་ལས་བྱ་འབྲི་བའི་འདུ་ཤེས་ཤིག་སྐྱེད་བསྲིང་བྱ་ཆེད་རེད།དེ་ལྟར་སློབ་ཆུང་ལ་ཐོན་ན་ལས་བྱ་འབྲི་རྒྱུར་ཅུང་གོམས་ངེས།

གྲོགས་པོའི་ཁྱིམ་གྱི་བྱིས་པའི་ལྔ་ལྔའི་དུས་ཆེན་གྱི་ལས་བྱ་ནི་གླུ་དབྱངས་དང་། ལྔ་ལྔའི་དུས་ཆེན་དང་འབྲེལ་བའི་བྱིས་གླུ།ཡང་ན་གཡོར་གྲུ་བཟོ་བ་སོགས་རེད།བྱིས་གླུ་ལ་ཚིག་ཕྲེང་རེ་འགའ་ལས་མེད་པས། བྱིས་པས་བལྟས་ན་སྟབས་བདེ་ལ་གླུ་དབྱངས་ལེན་པར་ཕན་པ་ཞིག་རེད། ལས་ཤེས་བཟོ་བཀོད་ཀྱི་ཚན་པ་ལ་སླེབས་ན།བྱིས་པ་ཆེ་ཆུང་གང་རུང་གིས་ཤོག་བུ་དྲས་ནས་གྲུ་ཆུང་བཟོ་བ་དང་། ཤོག་གྲུའི་སྟེང་ལ་འབྲུག་གི་རི་མོ་དང་འབྲུག་ལྕིབས་སོགས་འབྲི་བ་རེད།བྲིས་ནས་ཡུན་རིང་སོང་ན་བྱིས་པ་དག་སུན་སྣང་སྐྱེས་ནས་རི་མོ་ཡང་ཇེ་བཙོག་ལ་བུད་འགྲོ། སྐབས་འདིར་ངའི་གྲོགས་པོ་ཅུང་ཁོང་ཁྲོ་ལངས་ནས་བྱིས་པར།”ཁྱོས་ལས་བྱ་འདི་འདྲ་ཞིག་དགེ་རྒན་ལ་སྤྲོད་རྒྱུ་ཡིན་ནམ།”ཟེར་ནས་སྡིག་དམོད་བྱས། བྱིས་པས་ཀྱང་རང་གི་རི་མོ་ལ་ལྟ་ཙམ་བྱས་ནས་རང་གི་འབྲུག་བྲིས་པ་མི་ཡག་པ་ཡང་ཤེས། འོན་ཀྱང་། བྱིས་པས་བསམ་གཟས་ནས”་བྱིས་པ་ལ་ལས་ལས་བྱ་རྩ་བ་ནས་་བྲིས་མེད་ཀྱང་སྲིད་”ཟེར་ནས་ཡ་ལན་སྤྲད་བྱུང་།

ངའི་གྲོགས་པོར་ཁོང་ཁྲོ་ཆེ་བས་ཅི་བྱ་གཏོལ་མེད་ཀྱིས་ང་ལ་སྐད་ཆ་མང་པོ་བཤད་བྱུང་།ཁོས་”ངེད་ཚང་གི་བྱིས་པ་ལ་གནད་དོན་འདི་འདྲ་ཞིག་ཡོད།བྱ་བ་གང་སྒྲུབ་རུང་རང་ཉིད་ལ་རེ་བ་འདོན་པ་ཆུང་དྲག་ནས། བྱ་བ་གང་ལའང་བརྩོན་སེམས་མི་འདུག ཁྱོས་ཁོ་ལ་སློབ་གསོ་བཏང་ནས་སྡིགས་དམོད་ཅུང་ཙམ་བོར་ན།ཁོས་ཕྱིར་ལན་དུ་ཁོ་ལས་དམན་པའི་བྱིས་པ་དག་ལ་བསྡུར་ནས་བཟང་བས་སེམས་བདེ་མོ་འདྲ་བྱེད་པ་དང་།རང་ཉིད་ཆེས་རྗེས་ལུས་མིན་ན་ཆོག་འདུག་བསམ་ཡོད”ཟེར།

(འབྲུག་ལྕིབས་ཀྱི་རི་མོར་ཡང་འབྲུག་མགོ་ནས་ཞིབ་ཕྲ་ལྡན་རུང་མཇུག་གི་རི་མོ་རགས་པར་གྱུར་ཡོད།)ངས་གྲོགས་པོའི་ཁོང་ཁྲོ་ཆེ་བར་བཟོད་སྒོམ་བྱེད་ཐུབ། ངས་ཆིན་ཞོན་གྱིས་ཐོག་དང་པོར་རི་མོ་འབྲི་བའི་རྣམ་པ་དེ་མཐོང་མྱོང་། མགོ་བརྩམས་མ་ཐག་ཡག་པོ་ཞིག་འབྲི་བ་དང་།ཡུན་གྱིས་ཇེ་བཙོག་ལ་བུད་འགྲོ། ཡང་ན་ཁོས་སྐྱ་ཐིག་འབྲི་དུས་ཞིབ་ཚགས་ཡོད་ནའང་། ཁ་དོག་བྱུགས་དུས་བག་ཕེབས་སུ་སོང་ནས་གང་དྲན་བྱས་ཡོང་། ངས་ཀྱང་ཁོའི་རི་མོ་དང་པོ་དེ་མཐོང་དུས་ཁོང་ཁྲོ་ལངས་འོང་བ་ཞིག་རེད། ང་ཚོས་བྱིས་པ་ལ་དོན་དག་ཅིག་སྒྲུབ་དུས་ལེགས་པོ་ཞིག་འགྲུབ་པའི་རེ་བ་མེད་ནའང་། ཁོ་ཚོས་བྱ་བ་སྒྲུབ་དུས་ནན་ཏན་མིན་པའི་རྣམ་འགྱུར་དེ་བློར་མི་འབབ་པ་ཞིག་རེད།

ཡིན་ཡང་ངས་ཕྱིར་འདང་ཞིག་རྒྱབ་ན། བྱིས་པའི་ན་ཚོད་འདི་འདྲ་ཞིག་ལ་བྱ་བར་གཟབ་ནན་དེ་འདྲ་མི་བྱེད་པ་རྟོགས་བྱུང་། དང་པོར་ཁོ་ཚོས་བྱ་བ་འདི་སྒྲུབ་དགོས་པའི་རྒྱུ་མཚན་མི་ཤེས་ལ།དཔེར་ན་ལས་བྱ་ཅིའི་ཕྱིར་དུ་འབྲི་བ་མི་ཤེས་པ་ལྟ་བུ་རེད། ཁྱོས་དོན་དང་མཐུན་པའི་གནས་ལུགས་མོད་པོ་ཞིག་ལབ་ཡོང་རུང་། བྱིས་པའི་ན་ཚོད་འདི་འདྲ་ཞིག་ལ་ཀླད་པ་རྩངས་པོར་ཡོད་པས།(རྩངས་པའི་ཀླད་པ་ནི་མིའི་ཀླད་པའི་ནང་ནས་བདག་སྐྱོང་གི་འདུ་ཤེས་རྗེས་དཔག་གི་བསམ་བློ་ལ་འབྲེལ་བ་གཏན་ནས་མེད་པའི་ཆ་ཡིན།)རྒྱུས་ལོན་བྱེད་མི་ཐུབ་པ་དང་། རྒྱུ་མཚན་མི་ཤེས་པས་གཟབ་ནན་གྱིས་གཏན་ནས་སྒྲུབ་མི་སྲིད།

གཉིས་པ་ཡིན་ན། བྱིས་པས་བྱ་བ་ཞིག་སྒྲུབ་ནས་ཚད་ག་འདྲ་ཞིག་ལ་སླེབས་དགོས་པ་མི་ཤེས་པ་དང་། ག་འདྲ་ཞིག་ཚད་ལྡན་ཡིན་པ། ཆ་རྐྱེན་ཡང་བྱིས་པ་སློབ་ཆུང་འགྲིམས་ནས་རྒྱུགས་འབྲས་ལ་བསྡུར་བ་བྱེད་པའི་སྐབས་ལ་ཐོན་ན་ད་བཟོད་ཤེས་རྟོགས་བྱུང་བ་རེད། དམིགས་འབེན་མེད་ན་བྱ་བ་ཞིག་སྒྲུབ་པའི་སྒུལ་ཤུགས་ཅི་ཡང་མེད། ང་ཚོ་བྱིས་པ་ཡིན་དུས།ཕ་མས་ཇི་ལྟར་གཉོར་སྐྱོང་བྱེད་པ་རེད་ཟེར་ན། ཕྱོགས་གཅིག་ནས་གཅེས་ཕྲུག་ལྟར་གཉོར་བ་དང་།ཕྱོགས་གཞན་ཞིག་ནས་གཅར་རྡུང་སྐོར་གསུམ་ཡང་བྱེད་པ་རེད།གནོན་ཤུགས་ཆེ་སྟེ། ཕ་མས་”གན་ཚང་གི་བྱིས་པ་ལ་ལྟོས་དང་།ཁྱོད་ལ་ཅི་བྱུང་སོང་”སོགས་ཟེར་བ་དང་།གནོན་ཤུགས་ཆེ་བའི་ཁོར་ཡུག་ཁྲོད་དུ།ཤུགས་རྐྱེན་ཡང་ངེས་ཅན་ཞིག་ཡོད་སྲིད་དོ།།

ཡིན་ཡང་འགྲན་རྩོད་ཀྱི་གནོན་ཤུགས་ཀྱིས་ཕྱི་ཡི་ཤུགས་རྐྱེན་ཐག་གཅོད་པ་རེད། ང་ཚོས་ཕྱི་རོལ་གྱི་ཤུགས་རྐྱེན་གྱི་གནད་དོན་ཤེས་པ་རེད།བྱིས་པས་ཕྱི་ཡི་ཤུགས་རྐྱེན་གྱིས་བྱ་བ་གང་སྒྲུབ་རུང་། སྤྲོ་སྣང་དང་གྲུབ་འབྲས་ཐོབ་པའི་ཚོར་བ་རྙེད་མི་ཐུབ་པ་དང་། ཕྱི་རོལ་གྱི་ཤུགས་རྐྱེན་མེད་པར་སོང་ཚེ། རང་འགུལ་གྱི་ནུས་པ་མེད་པར་གྱུར་བ་རེད།ང་རང་སློབ་ཆེན་ཡིན་དུས་གྲོགས་པོ་མང་པོ་ཞིག་ལ་གནད་དོན་འདི་ཡོད། སློབ་ཆེན་ལ་རྒྱུགས་སྤྲོད་དུས་ཧུར་ཐག་བྱེད་པ་དང་།རྒྱུགས་འཕྲོད་ནས་སློབ་ཆེན་དུ་ཡོང་རྗེས་དམིགས་འབེན་མེད་པར་གྱུར་ནས་རང་ཉིད་རྒྱ་ཡན་དུ་བཏང་ནས་ནམ་རྒྱུན་རོལ་རྩེད་ལ་འཁོར་ཡོད།
དེས་རྐྱེན་གྱིས་གནད་དོན་ནི།ཕྱི་རོལ་གྱི་ཤུགས་རྐྱེན་ལ་མ་བསྟེན་པར་བྱིས་པའི་རང་རྟོག་གི་འདུ་ཤེས་སྐྱེད་སྲིང་བྱེད་པ་དེ་ནི་གནད་དམ་པའོ།།

ཐབས་བཀོད་གཅིག་འདུག དེས་ལག་བསྟར་བྱས་མ་ཐག་ནུས་པ་ཡང་ཅུང་ཐོན་འདུག དེ་ནི་བྱིས་པ་ལ་ཡིད་ཆེས་ཀྱིས་ཁྱབ་པའི་ཇུས་བཀོད་རྒྱག་རྒྱུ་དེ་རེད།

ཁྱོས་རང་གི་བྱིས་པ་ད་སོ་མ་མིང་ལ་གྲགས་མ་ཐག་པའི་སྐར་མ་ཆུང་ཆུང་ཞིག་དུ་འཛིན་པ་དང་། རང་ཉིད་ནི་བར་ཚོང་བ་ཞིག་བྱ་རྒྱུ་དེ་རེད། སྐར་མ་ཆུང་ཆུང་དེས་རང་གི་ནུས་པ་དང་ངོས་འཛིན་ད་རུང་མག་མོག་ཅིག་ཡིན། ཁོས་བྱ་བ་གང་ཞིག་སྒྲུབ་ཐུབ་པ་དང་ལེགས་འགྲུབ་འབྱུང་ཐུབ་མིན་ཅི་འདྲ་ཡིན་པ་མི་ཤེས་ལ།རང་ཉིད་ལ་ཡིད་ཆེས་མེད་པ་དང་། སེམས་ཁམས་ལ་འགྱུར་ལྡོག་ཤིན་ཏུ་ཆེ།ངོས་འཛིན་མི་གསལ་བ་དང་། ཡིད་ཆེས་མེད་པ་སོགས་ཀྱིས་ཁོ་ཚོའི་བྱ་སྤྱོད་ནི་གཟབ་ནན་མིན་པའམ་འབད་པ་མི་བྱེད་པ་འབྱུང་ཡོང་།

བར་ཚོང་བ་ཡིན་པའི་ཆ་ནས།ང་ཚོས་སྒྲུབ་དགོས་པ་ནི་ཁོ་ཚོའི་བློ་སེམས་བདེ་ལ་འབབ་པ་དང་། ཁོ་ལ་ཁྱེད་ཀྱི་འཆར་གཞི་ག་འདྲ་ཡིན་པ་དང་།ཁྱོས་ཅི་འདྲ་སྒྲུབ་ཐུབ་པ་སོགས་བཤད་ནས་ཁ་ཕྱོགས་དེ་ལ་བློ་སེམས་བདེ་མོས་འབད་པ་བྱེད་དུ་འཇུག་རྒྱུ་དེ་ཡིན།

གྲོགས་པོའི་སྒྲུབ་སྲོལ་དེ་ནི་ལེ་བདའ་རྐྱང་རྐྱང་ཡིན།”ཁྱོས་རང་གིས་སྒྲུབ་པ་ལ་ལྟོས་དང་། ལས་བྱ་འདི་ལྟ་བུ་སློབ་གྲྭ་ལ་ཁྱེར་སྲོལ་ཡོད་དམ། “ལྟ་བུའི་དགག་བཞག་གི་སྐད་ཆས་བྱིས་པས་སྔར་ལས་ཀྱང་སྒྲུབ་མི་འདོད་པའི་སེམས་ཁམས་བསྐྱེད་ནས་དོན་དག་ཇེ་སྡུག་ལ་འགྲོ་བ་རེད།

ང་ཚོས་ཐབས་བཀོད་གཞན་ལ་ཚོད་ལྟ་བྱས་ནས་བྱིས་པར་ཡིད་ཆེས་ཡོད་པའི་མི་ཞིག་བྱེད་དུ་འཇུག་པ་དང་། བྱིས་པ་ལ་མཐོང་ཆེན་བྱས་ནས་”དེ་འདྲ་མིན་པ།ཨ་མའི་སེམས་ནས་ཁྱོད་ནི་བྱིས་པ་བཟང་པོ་ཞིག་ཡིན་པས་འདི་ནི་ཁྱོད་ཀྱི་གྲུབ་འབྲས་ངོ་མ་དེ་མ་རེད་”་སོགས་བཤད་པ་ལྟ་བུ་རེད།
བྱིས་པས་མྱུར་དུ་བཅོས་སྒྱུར་བྱ་ཐུབ་པའི་ངེས་པའང་མེད།ད་དུང་ཡིད་མི་ཆེས་པའི་ལན་རྒྱག་པ་རེད། ཡིན་ཡང་སྐད་ཆ་དེ་དག་སེམས་ལ་སོང་ཡོད་པས་(རང་ཉིད་ལ་ཁས་ལེན་དང་།སྤོབས་པ་སྟེར་བའི་སྐད་ཆར་མིས་ཉན་རྒྱུ་སྤྲོ་པས)རིམ་གྱིས་འགྱུར་ལྡོག་འབྱུང་སྲིད།

ཆིན་ཞིན་གྱིས་རི་མོ་འབྲི་དུས།ཁ་མདོག་བྱུགས་པ་ལ་གཟབ་ནན་བྱས་མེད་པས་ངས་བློ་འགྱོད་ལྟ་བུའི་རྣམ་འགྱུར་གྱིས་བཤད་རྒྱུར། “ཇུས་བཀོད་འདི་ངོ་མ་མཛེས་ཤིང་སྡུག བལྟས་མ་ཐག་བྱིས་པ་རིག་རྒོད་ཅིག་གིས་བྲིས་པ་ཤེས་ཡོང་། ཡིན་ཡང་ཁ་མདོག་བྱུགས་པ་ནན་ཏན་མིན་པས་ཅུང་ཇེ་བཙོག་ལ་སོང་འདུག ཤུ་རེ་ཁོ། “དང་ཐོག་མོར་ལྟོས་ཡོང་ན་འགྱུར་ལྡོག་ཅི་ཡང་མེད་རུང་།
རིམ་གྱིས་ངས་ཐེངས་གང་མང་ལ་བསྟོད་པ་བྱས་མཐར་མོས་ཀྱང་སེམས་ནས་རང་ཉིད་ལ་ངོས་འཛིན་ཡག་པོ་དང་།རང་ལ་མཐོང་ཆེན།ཡང་ན་རེ་བ་མཐོན་པོ་བཅངས་སོང་།

ད་སྐབས་ཆིན་ཞོན་གྱིས་ལག་ཤེས་བཟོ་བཀོད་བྱེད་དུས་འབད་པ་ཧུར་ལེན་བྱེད། ཐེངས་ཤིག་ལ་མོས་སྨྱུག་གསུབ་ཀྱིས་རྐེ་རྒྱན་ཞིག་བཟོས་ནས་སློབ་ཐུན་གྲོལ་རན་ལ་སླེབས་དུས་ཀྱང་། རང་གི་བརྩམས་ཆོས་ལ་བློ་ཡིད་ཚིམ་གྱིན་མི་འདུག ངས་མོར་རང་གི་བརྩམས་ཆོས་ངོ་སྤྲོད་ཅིག་མི་རྒྱག་གམ།ཅུང་ཙམ་གྱིས་བྱིས་པ་ཐམས་ཅད་ཡུལ་ལ་ལོག་རྒྱུ་རེད་ཅེས་བཤད་པ་ན།མོས་རང་ཉིད་ཀྱིས་ལེགས་པོ་ཞིག་འགྲུབ་པར་ཡིད་ཆེས་ཡོད་པས་ཡང་བསྐྱར་བཟོ་བར་སེམས་ཐག་བཅད་སོང་།

མཐར་སློབ་གྲོགས་ཚང་མ་སྒོར་བུད་སོང་། མོས་ཡང་རང་གི་བརྩམས་ཆོས་ལེགས་འགྲུབ་བྱུང་སོང་། ང་གཅིག་པུས་མོའི་ངོ་སྤྲོད་ལ་ཉན་པ་ཡིན། ངོ་མར་བཤད་ན་ང་རང་སེམས་ནས་དགའ་བྱུང་། མོས་རང་ཉིད་ལ་རེ་བ་མཐོན་པོ་རྒྱབ་འདུག་ལ། དེ་ནི་ཕྱི་རོལ་ཡུལ་གྱིས་ཆ་རྐྱེན་བཏོན་པ་ལྟར་ཡང་མ་ཡིན་པར་སློབ་གསོའི་ནུས་པའང་མཐོ་རུ་ཕྱིན་འདུག

ཅིའི་ཕྱིར་བྱིས་པ་ལ་ཡིད་ཆེས་སྟེར་དགོས་ཟེར་ན།དེས་རང་སྡོམ་ནུས་པ་ཆེར་བསྐྱེད་པ་དང་། ཁོ་ཚོས་ནུས་ཤུགས་ཅི་ཡོད་འདོན་པའི་རྣམ་འགྱུར་ལེགས་པོ་འཛིན་པ་རེད་ཟེར་ན། དེའི་ཤུགས་སུ་སློབ་གསོ་རིག་པའི་མིང་གྲགས་ཅན་གྱི་གྱོད་དོན་འདི་འདྲ་ཞིག་ཡོད་དེ། དེ་ལ་”ལོའོ་སེན་ཐར་ཨར་ཕན་ནུས”་ཟེར།
ལོའོ་སེན་ཐར་ཨར་ནི་ཧ་ཧྥོ་སློབ་ཆེན་གྱི་སེམས་ཁམས་རིག་པའི་དགེ་རྒན་ཆེན་མོ་ཞིག་ཡིན་ལ།ཁོ་དང་ཁོའི་ལས་རོགས་གཉིས་སློབ་ཆུང་ཞིག་ལ་བསྐྱོད་ནས་ལོ་རིམ་དང་པོ་ནས་ལོ་རིམ་དྲུག་པའི་བར་གྱི་འཛིན་གྲྭ་18ལྷག་བདམས་རྗེས། སློབ་གྲོགས་རྣམས་ལ་”མ་འོངས་འཕེལ་རྒྱས་ཐད་ཀྱི་བརྟག་དཔྱད་”ཅིག་སྤེལ་ནས་ལོའོ་སེན་ཐར་ཨར་གྱིས་སློབ་མ་20%ལྷག་བདམས་ནས་ཆེས་འཕེལ་རྒྱས་ཡོད་པའི་མིང་ཐོ་ལ་བཀོད་ནས་སློབ་གཙོ་དང་དགེ་རྒན་ལ་སྤྲད།

ཟླ་བ་བརྒྱད་ཀྱི་རྗེས་ནས་ཁོང་གཉིས་ཕྱིར་སློབ་གྲྭ་དེར་སླེབས་ནས་ཚོད་ལྟ་བྱས་པ་ན།མིང་ཐོར་བཀོད་པའི་འཛིན་གྲྭ་བཅོ་བརྒྱད་པོའི་སྦྱངས་འབྲས་སྔར་ལས་འཕེལ་རྒྱས་སོང་ཡོད་པ་དང་། གཤིས་ཀ་ཡང་ཇེ་བཟང་ལ་སོང་ཡོད་པ་མ་ཟད། རང་རློམ་ཡོད་པ་དང་ཤེས་འདོད་འདུན་པ་སྔར་ལས་ཇེ་ཆེར་སོང་འདུག
དོན་ངོ་མར་བཤད་ན།འཕེལ་རྒྱས་ཡོད་པའི་མིང་ཐོ་དེ་དག་ལོའོ་སེན་ཐར་ཨར་གྱིས་གང་འདོད་དུ་བདམས་པ་ཡིན་ལ།བཀོད་སྒྲིག་རྫུན་མ་འདིས་དགེ་རྒན་ལའང་སེམས་ཁམས་ཐད་ཤུགས་རྐྱེན་ཐེབས་པ་དང་། ཟླ་བ་བརྒྱད་ཀྱི་རིང་ལ་དགེ་རྒན་གྱིས་བྱ་བྱེད་གང་རུང་ཕྱོགས་ནས་སློབ་མ་ལའང་ཤུགས་རྐྱེན་ཐེབས་ནས་སློབ་མ་རྣམས་ཀྱི་འཕེལ་རྒྱས་ལ་སྔར་ན་མེད་པའི་ནུས་པ་ཐོན།

རྗེས་སུ།མི་རྣམས་ཀྱིས་གཞན་ལ་བཅངས་བའི་རེ་བ་དང་།གཞན་གྱི་སྤྱོད་པ་དང་རེ་བ་གཉིས་གཅིག་གྱུར་དུ་སོང་བའི་གནས་ཚུལ་འདི་ལ་”ལོའོ་སེན་ཐར་ཨར་ཕན་ནུས”་ཟེར།ཁྱེད་ཅག་གིས་སློབ་གསོ་བ་རེབ་ཐུ་ཕུར་སིན་(Rita Pierson)གྱི་TEDཡི་འཆད་ཁྲིད་ལ་ཉན་མྱོང་ངམ་མི་ཤེས།རེབ་ཐུ་ཕུར་སིན་གྱི་”བྱིས་པ་རེ་རེ་ནི་ཨང་དང་པོ་ཡིན”ཟེར་བའི་འཆད་ཁྲིད་ཁྲོད་དུ།ཁོང་གི་དངོས་སུ་བརྒྱུད་པའི་ཉམས་མྱོང་ཞིག་གསུངས་འདུག དེ་ནི་”ལོའོ་སེན་ཐར་ཨར་ཕན་ནུས”གྱི་བཀོལ་སྤྱོད་རེད།

རེབ་ཐུ་ཕུར་སིན་གྱིས་སྔོན་ཆད་ཆེས་ཞན་པའི་འཛིན་གྲྭ་ཞིག་ལ་སློབ་ཁྲིད་བྱས་མྱོང་།འཛིན་གྲྭ་དེའི་སློབ་མ་དག་གི་བྱང་ཚད་ཧ་ཅང་ཞན་སྟབས་མོ་ངུ་རུ་བཅུག རེབ་ཐུ་ཕུར་སིན་གྱི་ཐབས་བཀོད་ནི། བྱིས་པ་དག་ལ”ཁྱེད་ཚོ་ངའི་འཛིན་གྲྭར་སླེབས་པ་རེད། ང་ནི་ཆེས་ལེགས་པའི་དགེ་རྒན་དེ་ཡིན།ཁྱེད་ཅག་ཀྱང་ཆེས་བཟང་བའི་སློབ་མ་ཡིན།སློབ་གྲྭས་འདི་ལྟར་བཀོད་སྒྲིག་རྒྱབ་པ་ནི་སློབ་གྲྭ་ཡོངས་ལ་མིག་དཔེ་སྟོན་ཆེད་ཡིན།”ཞེས་བཤད།
སློབ་མ་ཞིག་གིས་”ངོ་མ་ཡིན་ནམ“དྲིས་པ་ན།

རེབ་ཐུ་ཕུར་སིན་གྱིས་”ངོ་མ་ལོས་ཡིན།ང་ཚོས་འཛིན་གྲྭ་གཞན་ལ་མིག་དཔེ་སྟོན་ཐུབ་པས།ང་ཚོ་ཁྱམས་ར་ནས་སོང་ནའང་སློབ་གྲོགས་གཞན་གྱིས་དོ་སྣང་བྱེད་སྲིད།དེས་རྐྱེན་གྱིས་ང་ཚོ་འགྲོ་དུས་ཀུ་ཅོ་སྒྲོག་མི་རུང་ལ། ཚང་མས་ལུས་སྟོད་དྲང་མོ་བྱས་ནས་འགྲོ་དགོས་”ཞེས་བཤད།

མོས་བྱིས་པ་དག་ལ་རང་ལ་མཐོང་ཆེན་བྱེད་པའི་འདུ་ཤེས་ཆེར་བསྐྱེད་ནས་”ང་ཚོ་ནི་སྔ་མོ་ནས་མི་མཆོག་གྱུར་ཡིན་པ་དང་། མཐར་ཕྱིན་དུས་སྔར་ལས་ཀྱང་མཆོག་གྱུར་ཡིན་དགོས། ང་ཚོ་ནི་ཤིན་ཏུ་ལེགས་པས་འདི་ནས་སློབ་གསོ་མྱང་ཆོག་པ་ཡིན”སྐུལ་མ་བྱས།མཐར་ཟླ་བ་9འགོར་རྗེས།བྱིས་པ་དེ་དག་ལ་གནམ་ས་འགྱུར་ལྡོག་བྱུང་བ་ལྟ་བུའི་ཇེ་བཟང་ལ་སོང་བ་དང་།ཡུན་གྱིས་དངོས་ནས་ཆེས་ལེགས་པའི་མི་སྣ་རུ་གྱུར།

ང་ཚོས་”ལོའོ་སེན་ཐར་ཨར་ཕན་ནུས”ཁྱིམ་ཚང་སློབ་གསོའི་ཁྲོད་དུ་བཀོལ་སྤྱོད་ཐུབ་དུས།ཐབས་བཀོད་ནི་རེབ་ཐུ་ཕུར་སིན་དང་གཅིག་འདྲ་ཡིན། བྱིས་པས་དོན་དག་དེ་སྒྲུབ་ཐུབ་མི་ཐུབ་གང་རུང་དང་། ཁྱོས་བྱིས་པས་རང་ནུས་ཅི་ཡོད་བཏོན་ནས་སྒྲུབ་པ་ཡིན་ན།ཁོ་ལ་སྡིགས་དམོ་དང་དམའ་འབེབ་བྱས་ན་བྱིས་པ་ལྷག་ཏུ་ཇེ་སྡུག་ལ་འགྲོ་ངེས།

ཐབས་ཆེས་བཟང་བ་ནི།བྱིས་པ་ལ་”ཁྱོས་སྒྲུབ་ཐུབ་པ་ཁོ་ཐག་ཡིན་ངེས“ཞེས་ རེ་བ་དང་ཡིད་ཆེས་བྱིན་ན། ཁྱེད་རང་ཧ་ལས་པའི་གནས་ཚུལ་བྱུང་ནས་བྱིས་པས་རིམ་གྱིས་དོན་དག་དེ་ངོ་མ་སྒྲུབ་ཐུབ་ངེས། དེ་རེབ་ཐུ་ཕུར་སིན་གྱིས་འཆད་ཁྲིད་དུ་གསུངས་བ་ནང་བཞིན་ཡིན། “དོན་དག་གང་རུང་ཞིག་ཡུན་རིང་བོར་དེ་ལྟར་བཤད་ན།དོན་དག་དེ་དངོས་ནས་དེ་འདྲ་ཞིག་དུ་གྱུར་འགྲོ་ངེས”།།

རྩོམ་ཁུངས། ཧྭ་ཧྥོ་སློབ་ཆེན་གྱི་སློབ་གསོའི་དྲ་བ།