ཙི་ཀྲུང་ཅུན་གྱིས་བརྩམས། ①

ངའི་བསམ་པར་ད་ལྟ་ང་ཚོ་ཉོག་དྲ་ཞིག་གི་ནང་འདུག ཕྱོགས་གཅིག་ནས་སྒོར་འགྲོ་རྒྱུའི་བསམ་པ་དྲག་པོ་འདུག རིག་གནས་ཀྱི་རྒྱལ་ཆེན་ཟེར་བ་དེ་ཡོང་དགོས་ཞེས་པས་ཡོང་ཐུབ་པ་ཞིག་དང་ང་ཚོ་རིག་གནས་ཀྱི་རྒྱལ་ཆེན་ཞིག་ཏུ་འགྱུར་དགོས་ཞེས་པས་འགྱུར་ཐུབ་པ་ཞིག་ཏུ་བསམ་འདུག དེ་ནས་མ་དངུལ་མང་བོ་བཏང་ནས་ཕྱི་རྒྱལ་ནང་ཁུང་ཙི་སློབ་གླིང་མང་བོ་བཙུགས། ཕྱི་གླིང་བར་རྒྱ་ཡིག་ཁྲིད་བཞིན་འདུགདུས་མཉམ་དུ་ཉིན་འགའི་སྔོན་དུ་ངས་ཧྲང་ཧེའི་སློབ་ཆེན་གྲགས་ཅན་ཁ་ཤས་ཀྱིས་རང་བདག་རྒྱུགས་ལེན་ཞེས་པ་བཅས་ཏེ་རྩིས་ཚན་དང་བཟོ་ཚན་གྱི་སློབ་མ་ཡིན་ན་རྒྱ་ཡིག་རྒྱུགས་ལེན་གི་མི་འདུག་ཟེར། འདི་ནི་ངོ་མ་དགོད་བྲོ་བ་ཞིག་ཏུ་མཐོང་། དེས་ན་ངའི་གཏམ་ནི་དོན་འདི་ནས་གླེང་བར་བྱ།

གལ་ཏེ་ཁྱོད་ཀྱིས་རིག་གནས་ཞེས་པ་གླེང་བ་ཡིན་ན་ཕ་སྐད་ནི་ཆེས་གལ་ཆེ་བ་དེ་རེད། ཡིག་རྨོངས་པ་ཞིག་དང་རིག་གནས་ཅན་གཉིས་ཀྱི་ཁྱད་པར་ཆེ་ཤོས་ནི་རིག་གནས་པས་ཡི་གེ་ཤེས་པས་ཇི་ལྟར་སྦྱངས་ན་དེ་ལྟར་ཤེས་པ་མ་ཡིན་ནམ། ཁྱོད་ཀྱིས་ཅི་ཞིག་ལ་བརྟེན་ནས་བསམ་བློ་བཏང་བ་ཡིན་ནམ། ཡིན་རྒྱུ་ནི་ངེས་པར་རྒྱ་ཡིག་ལ་བརྟེན་པ་ལས་ཕྱི་ཡིག་ནི་གཞར་ཡང་མ་ཡིན་ནོ། ། བརྒྱ་ལ་ཁྱོད་ནི་ཆུང་དུས་ནས་ཕྱི་རྒྱལ་ནས་མཚར་ལོངས་བྱུང་ཏེ་ཐོག་མར་ཕྱི་ཡིག་སྦྱངས་ཤིང་དེ་ནས་རྒྱ་ཡིག་སྦྱངས་པ་མ་གཏོགས། ཁྱོད་ཀྱི་རྒྱ་ཡིག་གི་ཚད་ག་འདྲ་ཡིན་པ་དང་། རྒྱ་ཡིག་གི་ཡི་གེ་ག་འདྲ་ཤེས་པ། རྒྱ་ཡིག་ལ་བརྟེན་ནས་ཤེས་བྱ་ག་འདྲ་བློར་ངེས་པ་དེས་ཏག་ཏག་ཁྱོད་ཀྱི་བསམ་གཞིག་གི་རྙོག་འཛིང་གི་ཚད་དང་རིག་གནས་ཀྱི་ཆུ་ཚད་ཐག་གིས་བཅད་ཡོད།

ང་ཚོས་རྒྱུན་དུ་འདིའི་རིག་གནས་ཆུ་ཚད་ཧ་ཅང་མཐོ། གན་གི་རིག་གནས་ཆུ་ཚད་ཅུང་ཟད་དམའ་ཟེར་གི་འདུགཡིན་རྒྱུ་ནི་དེའི་རྒྱ་ཡིག་གི་ཆུ་ཚད་ཀྱི་མཐོ་དམའ་རེད། ང་ནི་ཕྱི་ཡིག་ཆེད་ལས་སྦྱངས་མཁན་ཞིག་ཡིན། ངས་ཆུང་དུས་ནས་ཕྱི་ཡིག་སྦྱངས་མགོ་བརྩམས་པ་ཡིན། ངའི་ཆེད་ལས་དབྱིན་ཇིའི་རྩོམ་རིག་རེད། ཡིན་ནའང་དེ་རིང་གི་བར་དུ་ངས་དབྱིན་ཇིའི་རྩོམ་རིག་སྦྱངས་མ་སྦྱངས་དེས་ངའི་རིག་གནས་ཀྱི་ཆུ་ཚད་ཐག་གཅོད་ཐུབ་བསམ་གི་མེད། ངའི་རིག་གནས་ཀྱི་ཆུ་ཚད་ནི་ངའི་རྒྱ་ཡིག་གི་ཆུ་ཚད་ཀྱིས་ཐག་བཅད་པ་རེད། ངའི་བསམ་གཞིག་དང་སྨྲ་བརྗོད་ཀྱི་ནུས་པ་ཡང་རྒྱ་ཡིག་གིས་ཐག་གིས་བཅད་ཡོད་པ་རེད། དེ་བཞིན་དུ་ངས་ཕྱི་ཡིག་སྦྱངས་རྗེས་ཤེས་བྱ་མང་བོ་ཞིག་ཤེས་པ་རེད། ངའི་རིག་གནས་ཕུན་སུམ་ཚོགས་པར་བཏང་ཏེ་ཕལ་ཆེར་མཛོད་ཁང་ལྟ་བུ་ཞིག་ཏུ་ཆགས་སོང་། གལ་ཏེ་ངས་ཕྱི་ཡིག་མ་སྦྱངས། ཕྱི་ཡིག་བརྒྱ་ལ་མི་ཤེས་པ་ཡིན་ན། ངས་ད་བར་དུ་རྒྱ་ཡིག་སྦྱངས་པས་དེ་ནས་ཆེད་ལས་གཞན་གང་སྦྱངས་ཀྱང་ངའི་བསམ་པར་ངའི་རིག་གནས་ཀྱི་ཆུ་ཚད་ནི་ད་ལྟ་ནང་བཞིན་ཡིན་ངེས་བསམ་གི་འདུགདེ་བས་རྒྱ་ཡིག་ཅེས་པའི་གནད་དོན་འདིར་ང་ཚོས་འདི་བཞིན་གོ་བ་ལེན་དགོས་བསམ།

རྒྱལ་ཁབ་ཅིག་གི་ཕ་སྐད་ནི་དེའི་རིག་གནས་ཀྱི་ཐེག་གཟུགས་ཡིན། ཁྱོད་ཀྱིས་ཕ་སྐད་ཅི་ཙམ་སྦྱངས་པ་དང་ཕ་སྐད་ལ་ཅི་ཙམ་གསལ་ཆ་ཡོད་པ་ཡིན་ན་ཁྱོད་ནི་རིག་གནས་ཀྱི་བློ་སྦྱོང་དེ་འདྲ་ཡོད་པའི་མིར་འགྱུར་ངེས། ངས་དཔེ་སྐྲུན་མཁས་ཅན་མང་བོ་ཞིག་གི་བསླབ་གནས་ཤིན་ཏུ་དམའ་བར་མཐོང་། ཐ་ན་སློབ་ཆུང་མཐར་ཕྱིན་ཙམ་རེད། ཡིན་ནའང་། ཁོ་ཚོས་དཔེ་ཆ་མང་བོ་བཀླགས་པས་ཕྱི་ཡིག་མི་ཤེས་ཀྱང་། རྩིས་དངོས་རྫས་གསུམ་མ་སྦྱངས་ཀྱང་རིག་གནས་ཀྱི་བློ་སྦྱོང་ནི་ཤིན་ཏུ་མཐོན་པོ་འདུགདེ་བཞིན་གསར་བརྗེ་རྒན་རབས་པ་འགའ་ཞིག་འདུག་པ་ལ་སློབ་གྲྭ་ནི་འགྲིམས་མ་མྱོང་མོད། ཡིན་ཡང་དཔེ་ཆ་མང་པོ་བཀླགས་པ་དང་། རྒྱ་ནག་གི་ལོ་རྒྱུས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པས་དེ་ཚོའི་རིག་གནས་ཀྱི་བློ་སྦྱོང་ཡང་ཤིན་ཏུ་མཐོན་པོ་ཡོད། དེའི་དཔེ་མཚོན་ལ་མི་གཅིག་བགྲང་བར་བྱ་སྟེ། ཧོའོ་ཡོ་པང་ལྟ་བུ་རེད།

སློབ་ཆེན་གྲགས་ཅན་ཁ་ཤས་ཀྱིས་རྩིས་ཙན་དང་བཟོ་ཚན་ཡིན་ན་རྒྱ་ཡིག་རྒྱུགས་སྤྲོད་མི་དགོས་པར་བསམ་འདུགདེ་ནི་ཤིན་ཏུ་དགོད་བྲོ་བ་ཞིག་རེད། ཁོ་ཚོས་ནི་མཐོ་རིམ་གྱི་བཟོ་བ་ཁོ་ན་ཞིག་གསོ་སྐྱོང་བྱེད་འདོད་པ་རེད། རྩིས་ཚན་དང་། རང་བྱུང་ཚན་རིགམཚན་ཉིད་རིག་པ་བཅས་ནི་ཕན་ཚུན་སྐྱ་འཐབ་ནས་ཡོད་པ་རེད། ཕ་སྐད་ཙམ་ཡང་མ་ཤེས་ན་གསར་གཏོད་པ་ཞིག་ཇི་ལྟར་གསོ་སྐྱོང་བྱེད་དམ།

དོན་ལ་འདི་ནི་སློབ་ཆེན་འགའི་རང་བདག་རྒྱུགས་ལེན་ཡིན་ཞིང་སློབ་གསོ་པུའུ་ཡིས་ཀྱང་གཅིག་གྱུར་གྱིས་རྩིས་ཚན་དང་བཟོ་ཚན་གྱི་སྐད་ཡིག་གི་རྒྱུགས་གཞི་མེད་པར་གཏང་ཡོད་པ་མ་རེད། ཡིན་ནའང་འདི་ལས་འཕྲོས་པའི་བརྡ་རྟགས་ནི་གནོད་ཚབས་ཧ་ཅང་ཆེ་བ་ཞིག་རེད། རྒྱུ་མཚན་ནི་ང་ཚོ་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ནི་རྒྱུགས་གཞི་ཕྱོགས་སྟོན་དུ་བཅོས་ཡོད་པས་སྐད་ཡིག་གི་རྒྱུགས་གཞི་མེད་པར་བཏང་བ་ཡིན་ན། ཐ་ན་ཆ་ཤས་ཤིག་མེད་པར་བཏང་བ་ཡིན་ཡང་སྐད་ཡིག་གི་བསླབ་འབྲས་མི་བཟང་བའི་སློབ་གྲོགས་ཚོས་སྦྱངས་མི་དགོས་པར་བསམ་ངེས་པ་དང་། དགེ་རྒན་གྱིས་ཀྱང་ནན་ཏན་གྱིས་ཁྲིད་མི་དགོས་པར་བསམ་ངེས་པ་རེད། དུས་མཉམ་དུ་ཕྱི་ཡིག་ནི་མ་སྦྱངས་ན་མི་ཆོག་པ་དང་ཕྱི་ཡིག་མ་སྦྱངས་ཚེ་མདུན་ལམ་མེད་པར་བསམ་ངེས་སོ། ། གོ་ཐོས་སུ་ཐག་གཅོད་འདི་འདྲ་བྱེད་མཁན་གྱི་སློབ་གཙོ་རྣམས་ཀྱིས་འདི་ལྟར་བཤད་པ་རེད་ཟེར། ཕྱི་ཡིག་མ་སྦྱངས་ན་མདུན་ལམ་མེད་མོད། རྒྱ་ཡིག་མ་སྦྱངས་ན་མདུན་ལམ་ཡོད་ངེས། ཁོ་ཚོས་ནི་རྒྱ་ནག་ཅིག་ཡིན་ཚེ་རྒྱ་སྐད་བཤད་ཤེས་པས་ཡིག་རྡོག་འགའ་ཤེས་ཀྱང་མ་ཤེས་ཀྱང་། ཡིག་རྡོག་འགའ་སྦྱངས་ཀྱང་མ་སྦྱངས་ཀྱང་འབྲེལ་བ་ཆེར་མེད་པར་བསམ་ཡོད་ངེས།

ཡིན་ནའང་དུས་མཚུངས་སུ། ང་ཚོས་ང་ཚོའི་སྟོབས་ཤུགས་མཉེན་པོར་②ཤུགས་རྒྱག་དགོས་ཞེས་མ་དངུལ་མང་བོ་བཏང་ནས་ཕྱི་གླིང་བར་རྒྱ་ཡིག་ཁྲིད་པ་རེད། བལྟས་འོངས་ན། ང་ཚོར་དངོས་ནས་ཉེན་ཚབས་ཀྱི་འདུ་ཤེས་ཤིག་འདུགང་ཚོས་ཀྱང་རིག་གནས་སྒོར་དྲངས་དགོས། གནད་དོན་ནི་ཅི་ཞིག་ལ་བརྟེན་ནས་དྲངས་དགོས་སམ། ཡང་མེས་པོ་ཚོ་དྲངས་འོངས་ཏེ་མཚམས་རེར་དུར་ས་བརྐོས་ཤིང་ཉིན་གང་བོར་རིག་གནས་ཀྱི་ཤུལ་ནོར་བསྒྲུབས་པར་བྱེད། ད་སྔ་ས་ཆ་མང་བོ་ཞིག་གིས་ཤུལ་ནོར་ཡར་ཞུ་ནི་གནམ་འོག་གི་དོན་ཆེན་དང་བོ་ལྟ་བུ་བྱས་འོངས། ཤུལ་ནོར་ཅིག་ཆོག་མཆན་བཀོད་པ་ཡིན་ན་ང་ཚོའི་རིག་གནས་ནི་རིམ་པ་ཞིག་ཡར་ལ་འཕར་བ་འདྲ་བོ་བྱེད། ཤུལ་ནོར་དེ་དག་ནི་མེས་པོ་ཚོས་བསྐྱུར་བ་ཁོ་ན་ལས་ང་ཚོས་གསར་གཏོད་བྱས་པ་ཞིག་མ་རེད། དེ་ནི་མེས་པོ་ཚོས་གནང་བའི་ཤུལ་ནོར་རྩེད་ཆས་སུ་བྱས་པར་མ་ཟད་བེད་སྤྱོད་ཀྱང་ཡག་པོ་གཏང་མི་འདུག

ངས་བལྟས་ན་ཉིན་མུན་ཕྲུགས་སུ་འདི་དར་སྤེལ་དང་གན་དར་སྤེལ་ཟེར་བ་ལས་བརྙན་ཡོལ་ངོས་ཀྱི་ཡིག་ནོར་དེ་དག་མེད་པར་གཏང་ན་ཡག་པར་འདོད། ད་ལྟ་འདིའི་གནོད་ཚབས་ནི་ཤིན་ཏུ་ཆེ་སྟེ། སློབ་གྲྭ་ཆུང་འབྲིང་གི་སློབ་མར་སློབ་དེབ་ལས་ཀྱང་ཤུགས་རྐྱེན་ཆེ་བར་འདུགཚོང་དོན་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པའི་ངག་ལས་གོ་བ་ཡིན་ན་ཁོར་སློབ་འབྲིང་སློབ་མ་ཞིག་གིས་ཁ་པར་བཏང་འོངས་ནས་ཁྱོད་ཚོའི་མིང་མཛོད་འཆུག་འདུགརྒྱུ་མཚན་ནི་བརྙན་འཕྲིན་གྱི་ཡོལ་རིས་ངོས་སུ་དེ་ལྟར་བྲིས་མི་འདུག་ཟེར།

ངས་བལྟས་ན་ལས་ཀ་འདི་དག་ནི་ཏན་ཏན་ཏིག་ཏིག་གིས་བསྒྲུབ་དགོས་འདུགཡིག་ནོར་བཅོས་ཏེ་དཔེ་ཆོས་རྣམས་ལེགས་པར་སྤྱོད་ཤེས་ན། ཟོག་གི་སྐྱག་པ། རྟ་ཡི་ཨ་ཕ། རུས་དབྱངས་མིང་ཕྱུག་མཚོ་ཡིན་ལྟ་བུའི་དགོད་གཏམ་འབྱུང་མི་སྲིད་པ་རེད། གལ་ཏེ་འདི་དག་བཅོས་ཐུབ་པ་ཡིན་ན་ངའི་བསམ་པར་ང་ཚོའི་རིག་གནས་ནི་ཅུང་ཙམ་འཕེལ་རྒྱས་སུ་སོང་ཡོད་པར་འདོད།

རིག་གནས་ཀྱི་སྲོལ་རྒྱུན་ཞེས་གླེང་ཞིང་། ང་ཚོར་ཡོད་མྱོང་བའི་མཚར་སྡུག་གི་སྲོལ་རྒྱུན་རིག་གནས་གླེང་བ་ན། ང་ཚོས་ཆིན་རྒྱལ་རབས་ཀྱི་ཕྱིས་ནས་མིན་གོའི་བར་གྱི་ལོ་བརྒྱ་ཡི་ནང་དུ་བློ་གྲོས་ཅན་གྱི་སྐྱེ་བོ་མང་བོ་སྟེ་རིག་གནས་ཀྱི་ཆུ་ཚད་ཤིན་ཏུ་མཐོ་བའི་མི་དེ་དག་གིས་འབད་པ་ལྷོད་མེད་ལ་བརྟེན་ནས་རྒྱ་ནག་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རྒྱུན་འཛིན་ཐུབ་པ་བྱུང་ལ། དེའི་ཁར་ཕྱི་རྒྱལ་གྱི་རིག་གནས་ནང་འདྲེན་བྱས་པས་ཤར་ནུབ་གཉིས་ཀྱི་རིག་གནས་མཉམ་གཅིག་ཏུ་བསྲེས་ནས་རིག་གནས་གསར་བ་བསྐྲུན་པ་དང་། བྱས་རྗེས་བླ་ན་མེད་པ་བཞག་པར་མ་ཟད་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་པ་དེ་དྲན་འོངས། ། ཡིད་སྐྱོ་བ་ཞིག་ལ་རྗེས་སུ་དེའི་རྒྱུན་ཆད་སོང་། ང་ཚོས་ད་སྐབས་བར་སྐབས་དེ་ཡོངས་སུ་བརྗེད་འདུགསྲོལ་རྒྱུན་རིག་གནས་ཞེས་གླེང་བ་ན་ཁུང་ཙི་ནས་གླེང་འོངས། ཡན་ཧྥུ་དང་། ལྦང་ཏོ། ལིའང་ཆི་ཁྲོ། ཧོའོ་ཧྲི། ལུའུ་ཞུན། ཧྥུ་སི་ཉེན་སོགས་ཅིའི་ཕྱིར་མི་གླེང་བ་ཡིན་ནམ། ང་ཚོས་དེ་རིང་རྩོད་བཞིན་པ་དེ་ཁོ་ཚོས་སྐབས་དེ་དུས་ནས་བརྩད་མྱོང་བ་རེད། ཁོ་ཚོ་ཕུང་བོ་ཞིག་ཡིན་པའི་ངོས་ནས་ལོ་ངོ་བརྒྱ་ལྷག་གི་རིང་ལ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་དང་རིག་གནས་གསར་བ་བསྐྲུན་པའི་ཐད་ཀྱི་མཐོ་ཚད་དེ་ནི་ང་ཚོས་ད་བར་ཀྱང་སྙེག་མི་ཐུབ་པའི་ཚད་རེད།

ལོ་སྔོན་མ་དག་གི་ནང་། ང་ཚོའི་སློབ་ཆེན་སྐོར་ཅིག་སྟེ། པེ་ཅིང་སློབ་ཆེན། ཆིན་ཧྭ་སློབ་ཆེན། ནན་ཅིན་སློབ་ཆེན། ཀྲེ་ཅང་སློབ་ཆེན་སོགས་ཀྱིས་ལོ་འཁོར་བརྒྱ་འགོར་བའི་རྗེས་དྲན་ཚོགས་སོང་། འདིས་གསལ་བཤད་བྱས་པ་ནི་དེང་རབས་ཀྱི་སློབ་ཆེན་སྔ་མོ་ནས་ཚུགས་ཟིན་པ་དང་། དེས་གྲུབ་འབྲས་ཀྱང་བཟང་བོ་བླངས་ཡོད་པར་མ་ཟད། ནུབ་ཕྱོགས་ཀྱི་ལུགས་སྲོལ་དྲངས་འོངས་ཤིང་རང་གི་ཆ་ལུགས་ཐུན་མོང་མ་ཡིན་པ་དེའང་འཛུགས་ཐུབ་ཡོད་སོང་བ་དང་། འཇོན་མི་ཧ་ཅང་མང་བོའང་གསོ་སྐྱོང་གནང་ཟིན་པ་རེད། ཡིན་ནའང་ད་བར་གློ་བུར་ཧ་ཧྥོར་སློབ་ཆེན་ལ་དཔེ་བལྟ་དགོས་ཟེར་གི་འདུགཡིན་ཡང་བལྟ་རྒྱུ་ནི་ཤུན་པགས་ཁོ་ན་སྟེ་གཞན་གྱི་ནང་སྙིང་ནི་གཞར་ཡང་མཐོང་གི་མེད།

ནུབ་ལུགས་ཧྲིལ་བསྒྱུར་③ཞེས་པ་གླེང་ན་ཐོག་མར་ངེས་རྒྱུ་ནི་དེ་ནི་གླེང་གཞི་རྫུན་མ་④ཞིག་ཡིན་པ་དེ་རེད། ང་ཚོ་ནི་ཧྲིལ་བོར་ནུབ་ལུགས་སུ་བསྒྱུར་ག་ལ་ནུས་ཏེ། སྲོལ་རྒྱུན་འདི་འདྲ་སྲ་མཁྲེགས་ལྡན་པ་ཞིག་ཡོད་པ་རེད། དེའི་བཟང་ངན་གྱི་ཆ་གང་ཡིན་རུང་ནུབ་ལུགས་སུ་བསྒྱུར་ཐུབ་པ་མ་རེད། ཕྱོགས་གཞན་ཞིག་ནས་ང་ཚོ་ཉིན་མ་རེ་རེ་བཞིན་ནུབ་ལུགས་སུ་བསྒྱུར་བཞིན་ཡོད་དེ། ད་བར་སྐྱེས་སྐར་ཟེར་ནས་བག་གོར་བཟའ་བ་ལས་ཚེ་ཐུབ་ཐུག་པ་འཐུང་གི་མི་འདུགདེ་དག་ལས་ཁ་ཤས་ལ་གནོད་ཚབས་ཆེར་མི་འདུག་པས་འབྲེལ་བ་མི་འདུགཡིན་ནའང་ཆེས་ཕུལ་དུ་བྱུང་བ་མང་བོ་སྟེ་ང་ཚོའི་མི་རབས་སྔོན་མ་དང་དེ་ལ་སྔོན་མ་ཚོས་བསྐྱལ་འོངས་པ་རྣམས་ད་ལྟ་ཕྱིར་རྫོགས་ཏེ་མི་དགོས་པར་བྱེད་བཞིན་འདུག

ང་ཡང་སྲོལ་རྒྱུན་རིག་གནས་ཀྱི་ནང་དུ་མི་ལེགས་པ་ཤིན་ཏུ་མང་ཞེས་པའི་བཤད་ཚུལ་དེར་འཐད། ང་ཡང་ལུའུ་ཞུན་གྱི་རྒྱལ་དམངས་རང་བཞིན་ལ་དགག་སྒྲུབ་གནང་བ་དེར་འཐད། ད་སྐབས་མི་ཁ་ཤས་ཀྱིས་ལུའུ་ཞུན་གྱི་བྱེད་ཐབས་འདི་དག་ནི་ཁྲམ་ལས་རེད་ཟེར། འདི་འདྲའི་བཤད་སྲོལ་ཞིག་གང་ན་ཡོད་ཨང་། ལུའུ་ཞུན་ནི་དགའ་བ་ཟབ་དྲགས་པ་དང་། མིག་རྒྱང་རིང་དྲགས་པ། ཕམ་ཉེས་ལ་སྐྱོ་སྡུག་དང་། སྒྱིད་ལུག་ལ་ཁོང་ཁྲོ་སྐྱེས་པས་རེད། དེ་བཞིན་དུ་ང་ཚོར་རྒྱུན་ཐག་གཅིག་གིས་དྲངས་པའི་ཕུལ་དུ་བྱུང་བའི་རིག་གནས་ཀྱང་མང་བོ་ཞིག་འདུགང་ཚོའི་རིག་གནས་པ་རྣམས་ལ་བརྟན་སྲུང་གི་ཆ་ཞིག་འདུགདོན་དག་མང་ཤོས་ནི་རིག་གནས་པ་རྣམས་ཀྱིས་གླེང་འདོད་ཡོད་ཀི་མི་འདུགཁ་ཤས་ནི་རིག་གནས་པ་རྣམས་དང་དཔུང་རོགས་བཅའ་བར་ཁ་སྐྱེངས་བཞིན་ཡོད་པ་རེད། འདིའི་ཁྲོད་རིན་ཐང་གི་མ་ལག་ཅིག་གཟུགས་མེད་ཀྱིས་གྲུབ་འདུག་སྟེ། དཔེར་ན་མིང་ཙིས་གསུངས་པའི་བཙན་པོར་ཐུག་ཚེ་གཉའ་མི་སྒུར། ། དབུལ་བོར་གྱུར་ཚེ་དཔའ་མི་ཞུམ། ། འབྱོར་ཚེ་བག་མེད་དབང་མི་འགྲོ། ། ⑤ཞེས་པ་ལྟ་བུ་རེད། འདིའི་སྐབས་ཀྱི་ཁེར་ཚུགས་ཀྱི་་མི་གཞི་དང་། རང་དབང་གི་བསམ་བློ་ནི་ཚུར་དྲངས་འོངས་ཆོག་པ་ཞིག་རེད།

ང་ཚོས་ད་ལྟའི་རིག་གནས་ཀྱི་སྟོང་ཆ་དང་མི་ལེགས་པ་ཐམས་ཅད་ལོ་ངོ་སྟོང་རིང་གི་སྲོལ་རྒྱུན་གྱི་སྟེང་ལ་ཁག་དཀྲི་མི་རུང་། ཡང་ན་ཞིང་ལས་ཤེས་རིག་ལ་ཁག་དཀྲི་མི་རུང་། ཞིང་ལས་ཤེས་རིག་ནི་ད་ལྟའི་ཁྲོམ་རའི་དཔལ་འབྱོར་ལ་འཚམ་པར་མི་འགྱུར། ཡིན་ནའང་བསམ་བློའི་ངོས་ནས་བཤད་ན་དེར་ཕུལ་དུ་བྱུང་བའི་མི་རིགས་ཀྱི་སྒལ་ཚིགས་དྲང་བོར་སྲོང་བའི་རིག་གནས་གཞར་ཡང་མེད་པ་ཡང་མ་ཡིན། ཡིན་རྒྱུ་ནི་རྗེས་ནས་རྒྱུན་ཆད་པར་གྱུར་བ་རེད།

རིག་གནས་གླེང་ན། གནད་དོན་ཁ་ཤས་ལ་མཉམ་འཇོག་དགོས་ཏེ། གཅིག་ནི་ཡོད་ཚད་ཆབ་སྲིད་ཅན་⑥དུ་གཏོང་བ་དེ་རེད། དེ་ནི་རིག་གནས་གང་ཡིན་ཆབ་སྲིད་ཀྱི་ཁོངས་གཏོགས་སུ་བསྒྱུར་བ་དེ་རེད། སྟོབས་ཤུགས་མཉེན་མོ་ཞེས་པའི་མིང་འདི་སྤྱོད་རྒྱུར་ང་དགའ་བོ་མེད། རྒྱུ་མཚན་ནི་དེས་རིག་གནས་ཞེས་པ་ལག་ཆ་ཞིག་ཏུ་གཏང་འོངས་པས་ཡིན། དོན་དངོས་སུ་སྟོབས་ཤུགས་མཉེན་མོ་ཞེས་པ་ནི་ཨ་རི་བས་གསར་གཏོད་གནང་བ་ཞིག་ཡིན་པ་དང་དེར་ནང་དོན་ངེས་ཅན་ཞིག་ཡོད་པ་རེད། རིག་གནས་གསར་བ་བསྐྲུན་པའམ་ཡང་ན་བསམ་བློའི་ཁྱིམ་གཞི་བསྐྱར་སྐྲུན་གནང་བར་རབ་ཡིན་ན་སྟོབས་ཤུགས་མཉེན་མོ་ཞེས་པ་འདི་མ་སྤྱད་ན་བཟང་། རིག་གནས་ནི་ནམ་ཡང་རིག་གནས་ཡིན་པས་རྒྱལ་ཁབ་ཅིག་གི་རིག་གནས་མཐོ་དང་མི་མཐོ་དེའམ་རིག་གནས་ཀྱི་ཆུ་ཚད་ཅི་འདྲ་ཡིན་པ་དེ་མི་མང་ཤོས་ལ་བརྟེན་ནས་ཐག་གཅོད་དགོས་པ་རེད། ལྷག་ཏུ་མཐོ་རིམ་སློབ་གསོ་མྱངས་ཟིན་པའི་མི་ཡི་བློ་སྦྱོང་ལ་བརྟེན་ནས་ཐག་གཅོད་དགོས་པ་རེད། རིག་གནས་ཀྱི་བློ་སྦྱོང་འདི་ལ་ཀུན་སྤྱོད་ཀྱི་བློ་སྦྱོང་དང་། མི་བཅའ་བའི་རིན་ཐང་གི་ལྟ་བ་འདུས་ཤིང་། ངེས་པར་དུ་མི་སོ་སོ་བའི་སྟེང་ནས་མངོན་དགོས་པ་ལས་གཞན་གང་ཡང་མ་ཡིན། རྒྱུན་དུ་སྟོབས་ཤུགས་མཉེན་མོ་ཞེས་པ་ལབ་འོངས་ན་ཡོད་ཚད་ཆབ་སྲིད་ཅན་དུ་བསྒྱུར་སླ་བ་དང་། སྒོར་འཁོར་ནས་ངོ་སོ་ཙམ་སྲུང་བ་དམིགས་ཡུལ་དང་། མིང་སྐམ་དོན་གཉེར་ལས་ནང་རྫོངས་ལ་དམིགས་པར་མི་འགྱུར།

སྐྱོན་ཆ་གཞན་ཞིག་ནི་ཚད་མཐོ་བའི་སྤྱོད་གོ་རིང་ལུགས་⑦རེད། འདི་ནི་བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་ལ་དམིགས་བསལ་གྱིས་འཕེལ་རྒྱས་སུ་ཕྱིན་པ་ཞིག་རེད། ཁྲོམ་རའི་དཔལ་འབྱོར་ལ་འབྲེལ་བ་ཡོད། དེ་ནི་ཅི་ཞིག་གིས་གོ་ཆོད་པ་དང་གང་ཞིག་གིས་གོ་མི་ཆོད་པ་དེ་རེད། མཐར་གཏུགས་མིག་མཐོང་ལག་ཟིན་ལ་དཔལ་འབྱོར་གྱི་རིན་ཐང་མངོན་ཡོང་མིན་དེ་རེད། དེ་བས་མང་བོ་ཞིག་ནི་རང་བཞིན་གྱིས་གོ་མི་ཆོད་པར་གྱུར་ཡོད།

ལོ་རྒྱུས་སྦྱངས་པས་ཅི་ཞིག་གི་གོ་ཆོད་དམ། རྒྱ་ཡིག་སྦྱངས་པས་ཀྱང་གོ་མི་ཆོད། རྒྱ་ནག་པ་ཞིག་ཡིན་ཚེ་རྒྱ་སྐད་ནི་སུས་ཀྱང་བཤད་ཤེས། དེ་ལས་ཕྱི་ཡིག་ཅིག་སྦྱངས་པས་དགའ་ཞེས་འདོད་མི་རུང་། ངས་ཚེ་གང་བོར་ཕྱི་ཡིག་སྦྱངས་པ་ཡིན། ངས་རང་ཉིད་སྐྱེས་པ་ནས་དབྱིན་སྐད་འཆད་མཁན་ཞིག་མིན་པ་ཤེས། གལ་ཏེ་ཕྱི་ཡིག་སྦྱངས་ནས་རང་གི་ཕ་སྐད་དང་ཨ་འདྲ་གང་འདྲ་ཆགས་དགོས་ཚེ་དེ་ནི་དཀའ་ཁག་ཧ་ཅང་ཧ་ཅང་ཆེ་བ་ཞིག་རེད། གལ་ཏེ་འདི་ལ་བརྟེན་ནས་ཁྱོད་ཀྱི་རིག་གནས་ཀྱི་ཆུ་ཚད་མཇལ་དགོས་ཚེ་དེ་ནི་ཁྱི་རྒན་སེང་འགྲོ་བྱས་པ་ལྟ་བུ་ཞིག་རེད། ད་ལྟའི་མི་སྐོར་ཅིག་ཡིག་རིགས་ཁ་ཤས་ལ་མཁས་ཟེར་བའང་དོན་གྱིས་ཡིག་འབྲུ་འགའ་ཤེས་པ་དེ་ཁོ་ན་ཙམ་དུ་ཟད། མིང་མཛོད་ཚིག་མཛོད་ལས་བཙལ་ཤེས་པས་ཡིན་རློམ་ཤིན་ཏུ་ཆེ། ང་ནི་ད་ལྟའང་ཕྱི་ཡིག་གིས་རྩོམ་འབྲི་དགོས་ཟེར་ན་གདེང་ཚོད་མེད་དེ་མྱི་གཞན་བོས་ཏེ་མིང་ཚིག་ཁ་ཤས་སྤྱད་པ་འགྲིག་མིན་བཅའ་དགོས་པའི་ཚོད་རེད།

ད་དུང་ཆེས་གལ་ཆེ་བ་ཞིག་ཡོད་པ་ནི་རིག་གནས་ནི་མཐོངས་ཡངས་དགོས་⑧པ་དེ་རེད། ལྔ་བཞི་སྐབས་ཀྱི་མི་དེ་དག་ལོ་ཉི་ཤུ་སུམ་ཅུ་ཅན་ཏག་ཏག་རེད། ཧོའོ་ཧྲི་དང་། ཧྥུ་སི་ཉིན། ཆན་ཞོན་ཐུང་སོགས་ལོ་ན་ཤིན་ཏུ་གཞོན། ལི་ཏ་ཀྲོ་ནི་སྐབས་དེར་ལོ་སུམ་ཅུ་ཏག་ཏག་རེད། ཁོ་ཚོས་སྐབས་དེ་དུས་སུ་བཤད་ཕོད་ཅིང་བསམ་ཕོད་ལ་འཛེམ་དོགས་ཅི་ཡང་མེད། <<ན་གཞོན་གསར་བ>>བསྒྲུབ་འདོད་པས་རང་གིས་བསྒྲུབ་ཅིང་། དེའི་ངོས་ནས་ཚིག་རྩོད་རྒྱག་དགོས་ཀྱང་རྒྱགས་ཆད་པ་ཞིག་བརྒྱབ་ཆོག་པ་རེད། དེ་བཞིན་སྐད་ཆ་ཤིན་ཏུ་ཐལ་དྲགས་པར་མ་ཟད། ཕྱོགས་རེས་པའི་སྐད་ཆའང་མང་པོ་འདུགཡིན་ཡང་ཚིག་རྩོད་དེ་དག་ནི་ཚད་རིམ་མཐོ་བ་ཞིག་སྟེ་བསམ་བློ་འདྲ་མིན་གཙུབ་བརྡར་བྱེད་བཞིན་པ་ཞིག་རེད།

ད་བར་རིག་གནས་འཛུགས་སྐྲུན་གླེང་འོངས་ཚེ་མེས་པོ་སྔོན་མ་དག་འཚོལ་བ་ལས་ཐབས་གཞན་མེད་པར་གྱུར་འགྲོ། <<ཁུང་ཙིའི་གསུང་སྒྲོས། >><<མིང་ཙི་>>སོགས་ཆིན་སྔ་མའི་སྐྱེས་ཆེན་ཚོའི་བརྩམས་ཆོས་གྲགས་ཅནjརྣམས་ནི་སྐད་རིགས་མང་པོ་ལ་བསྒྱུར་འདུག་ཅིང་’སྔ་མོ་ནས་སྒོར་དྲངས་ཡོད་པ་རེད། ད་ལྟའང་ནུབ་ཀྱི་རྒྱ་ནག་རིག་གནས་ཞིབ་འཇུག་པ་རྣམས་ཀྱིས་རིག་གནས་འདི་དག་ལ་ཞིབ་འཇུག་བྱེད་བཞིན་འདུགའོ་ན་ད་དུང་ཁྱོད་སོང་ནས་སྒོར་འདྲེན་དགོས་སམ། གཞན་གྱིས་བལྟས་ཡོད་པ་ནི་ཁྱོད་ཀྱིས་ད་ལྟ་རིག་གནས་གསར་བ་ཅི་ཞིག་བསྐྲུན་ནུས་པ་དེ་དང་། ཁྱོད་ཀྱི་ཅི་བྱས་གང་ལས་དེང་རབས་ཀྱི་འགན་ཁུར་བའི་རྒྱལ་ཁབ་ཅིག་གི་སྣང་བརྙན་ལ་འཚམ་མིན་དེ་རེད། འགན་ཁུར་ཟེར་བ་ནི་སྒོ་ཕྱིར་འགན་ཁུར་བ་ཁོ་ན་མ་ཡིན་པར་རང་གི་མི་དམངས་ལ་འགན་ཁུར་བ་དེ་ཡང་ཡིན།

དེ་བས་ངའི་བསམ་པར་ང་ཚོར་ད་ལྟ་ཆེས་གལ་ཆེ་བ་ནི་རིག་གནས་སྒོ་འདྲེན་མ་ཡིན་པར་རིག་གནས་འཛུགས་པ་དེ་ཡིན་འདུགཐོག་མར་རང་ལ་ཅ་ལག་ཡོད་ན་ད་གཟོད་བཙོང་རྒྱུ་རྙེད་པ་རེད། འཛུགས་རྒྱུའི་རིག་གནས་དེ་ཡང་གསར་བ་ཡིན་དགོས། དོན་དངོས་སུ་ང་ཚོས་མཁར་ཆག་གི་སྟེང་ནས་འཛུགས་དགོས་པ་མ་ཡིན་མོད། འོན་ཀྱང་ང་ཚོས་སྔོན་མ་དག་གི་འབད་བརྩོན་དེ་གཞར་ཡང་མཐོང་གི་མི་འདུགལིའང་ཆི་ཁྲོ་ཡི་<<དམངས་གསར་གླེང་བ་>>འདུས་པ་རྣམས་སུ་སྔ་མོ་ནས་དོན་དག་མང་བོ་ཞིག་གསལ་ཁ་བཏང་འདུགགལ་ཏེ་རྒྱལ་དམངས་རྣམས་ཀྱིས་རང་རྒྱལ་ནས་བཙུར་མནོན་གང་མང་མྱངས་ཏེ་བསྡད་པ་ཡིན་ན་ཕྱིའི་དགྲ་བོས་བཙན་འཛུལ་བྱས་ཚེ་ཁྱོད་ཡར་ལངས་ཏེ་དགྲ་ལ་འཐབ་ཅིང་རྒྱལ་ཁབ་སྲུང་དགོས་ཟེར་ན་དེ་ནི་དཔེ་མི་སྲིད་པ་ཞིག་རེད། དེ་བས་ལུའུ་ཞུན་གྱིས་གསུངས་མྱོང་བ་སྟེ་ང་ཚོས་རྒྱལ་ཁབ་གཞན་གྱི་མིས་ང་ཚོ་བྲན་དུ་བཀོལ་བར་འགོག་རྒོལ་གནང་དུས་འདི་ལས་རང་མིས་རང་བྲན་དུ་བཀོལ་ན་དགའ་ཞེས་དྲན་མི་རིགས་གསུངས་པ་དེ་རེད། ང་ཚོའི་ད་སྔའི་བསམ་གཞིགས་གཏོང་སྟངས་མང་པོ་ཞིག་ནི་འདི་བཞིན་རེད། རང་མིའི་བྲན་གཡོག་བཅས་པ་ཅི་ལའང་མི་བརྩི་མོད། ཕྱི་རྒྱལ་གྱི་མིས་ང་ཚོར་བརྙས་བཅོས་བྱས་པ་མཐོང་བ་ན་ཅི་ཡང་མི་བཟོད་པ་ལྟ་བུར་བྱེད་དེ། བརྙས་བཅོས་མིན་ཡང་བརྙས་བཅོས་ལ་རྩི་བར་བྱེད། འཇར་པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱས་པས་ང་ཚོར་གཏོར་བརླག་ཚབས་ཆེན་ཐེབས་མོད། གཏོར་བརླག་ཆེས་ཆེ་བ་ནི་ང་ཚོ་དེང་རབས་ཅན་དུ་བསྐྱོད་པའི་གོམ་འགྲོས་བཅད་པ་དེ་རེད། ཡིན་ནའང་འདིའི་ཕྱིས་སུ་ཕྱི་རྒྱལ་སུས་ཀྱང་ང་ཚོར་བཙན་འཛུལ་བྱས་མ་མྱོང་། ཡིན་ཡང་ང་ཚོས་ཅི་ཞིག་འཇོན་འདུག་གམ། ཅི་ཞིག་བསྒྲུབ་འདུག་གམ།


དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར།  ༡༢༠༡༨ལོའི་ཟླ༡༡ཚེས༡༧ཉིན།

སྒྱུར་མཁན་གྱི་མཆན།

①ཙི་ཀྲུང་ཅུན། རྒྱལ་སྤྱིའི་ཆབ་སྲིད་དང་ཨ་རི་ཞིབ་འཇུག་གི་ཆེད་མཁས། ཀྲུང་གོ་སྤྱི་ཚོགས་ཚན་རིག་

གླིང་གི་མཚན་འཛིན་སློབ་ཚོགས་ཨུ་ཡོན། ཨ་རི་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ། སོའོ་ཀྲང་ཟུར་བ། ཨ་རི་ཞིབ་འཇུག་དང་ཀྲུང་ཧྭའི་ཨ་རི་སློབ་ཚོགས་གཉིས་ཚུགས་པར་མཉམ་ཞུགས་གནང་མྱོང་།

②སྟོབས་ཤུགས་མཉེན་པོ། 软实力

③ནུབ་ལུགས་ཧྲིལ་བསྒྱུར། 全盘西化

④གླེང་གཞི་རྫུན་མ། 伪命题

⑤孟子说 威武不能屈,贫贱不能移,富贵不能淫

⑥ཡོད་ཚད་ཆབ་སྲིད་ཅན། 泛政治化

⑦སྤྱོད་གོ་རིང་ལུགས། 实用主义

⑧མཐོངས་ཡངས་དགོས། 开放