བྱེའུ་ཞིག་འཕུར་ནས་ཚང་ལ་ལོག
ཁ་བས་གཏམས་པའི་སྡོང་ལོ་ནི་སེར་པོ་དང་དམར་པོ།

དམར་སེར་འདྲེས་མའི་ངང་ཚུལ་སྣ་མ་སྣ་ཚོགས་ཀྱིས་ཉི་ཟེར་དེ་ལ་རེ་ཞིང་བསྒུག།
ཁུང་སྒོ་རུ་མགོ་བོ་ཙམ་ལས་ཕྱིར་མི་མངོན་པའི་ཨ་བྲ་དེས།

སྡོང་མགོའི་བྱེའུ་ཆུང་ལ་གྱེར་ནས་རང་ཉིད་ཀྱང་བྱ་ཞིག་ཡིན་ན་བསམ།

ཁ་བ་ཞུ་ནས་རླངས་པར་གྱུར་དུས།
བྱེའུ་ཆུང་དང་ཨ་བྲ་་སྤང་དཀྱིལ་ནས་དང་ལྷན་དུ་འཛོམས།

ནེམ་རྩྭ་གང་འདོད་ཅིག་ཟས་རྗེས་ཨ་བྲ་ཁུང་བུ་རུ་འཛུལ།
བྱེའུ་ཆུང་དེས་རང་ཉིད་ཀྱང་ཨ་བྲ་ཞིག་ཡིན་ན་བསམ།

རྒྱབ་ལོག་ཏུ་འཇབ་ཡོང་བའི་ཞི་ལ་དེ་མཐོང་འཕྲལ།
བྱེའུ་ཡང་གནམ་ལ་འཕུར།

ཞི་ལས་ཡར་ལྟ་མར་ལྟ་ཞིག་བྱེད་ཞོར་མུ་མཐུད་དུ་མདུན་ལ་ཆས།

ཨ་བྲ་ཁུང་བུར་འཛུལ་ཞིང་།

བྱེའུ་དགུང་ལ་འཕུལ་ཤུལ་དུ།  ལྷག་ཡོད་པ་ནི་ཞི་ལ་ཁོ་ན་སྟེ།

ངའི་མིག་ལམ་དུ་ད་དུང་ཡང་ཡལ་མེད་པ་ནི་བྱེའུ་རོ་ཞིག་དང་།

རྣ་ལམ་དུ་ཡང་ཡང་བཅར་འོངས་པ་ནི་ཞི་ལ་གཞན་ཞིག་གི་སྐད་དོ།།

འཚོ་བ།

འཚོ་བ།