བྱིའུ་ཚང་ལ་འཁོར་བའི་འདུན་མ་ཞིག །
འཇའ་སྣེ་ཚང་ལ་འཁྱིལ་བའི་ལས་འཕྲོ་འདི། །
སྐྱེ་བ་གཏན་གྱི་མེ་ཏོག་གློ་ཁ་ཅན། །
ལག་པའི་མཐུལ་དུ་སྣོལ་ནས་མདངས་ཤིག་བཙལ། །

ཙན་དན་སྡོང་བོར་མེ་ཏོག་སྣ་བརྒྱ་བཞད། །
སྒེའུ་ཁུང་འགྲམ་དུ་སྤྲིན་དང་སྨིག་པ་འཁྱིལ།།
དྲི་བསུང་ངང་གིས་འཐུལ་བའི་ཁང་མིག་འདིར། །
ཞག་གང་སྡོད་པས་སྤྲོ་བ་ཡུན་གྱིས་འཕེལ། །

བུ་ཡུག་རླུང་དང་འདྲེས་པའི་བར་སྣང་དུ། །
འདར་འདར་སྐྱོམ་གྱིས་འཕུར་བའི་བྱེའུ་ཞིག །
གཤོག་པའི་སྡེབ་རྩལ་ངོམ་གྱིན་རྒྱང་དུ་འཕུར། །
རྒྱང་རིང་གཙང་བོའི་འགྲམ་ན་རྨི་ལམ་ཞིག །

མར་མེ་ལྷབ་ལྷབ་འཚེར་བའི་སྡོང་རྐང་ངོར། །
མུན་པ་མེ་ལ་བསྲེག་པའི་འཇིག་རྟེན་དུ། །
སུན་པ་བྲག་ལ་བརྐོས་པའི་སྣང་བ་འདི། །
མར་ཁུའི་མཚོ་མོར་འཁྱིལ་བའི་ཀོང་བུ་སྟེ། །

2013.11.13