Andrew QuintmanThe Life of Milarepa by andy༢༠༡༠ ལོར་ཨ་རིའི་ཡཱལ་སློབ་གྲྭ་ཆེན་མོའི་ཆོས་ལུགས་རིག་པའི་དགེ་རྒན་ཆེན་མོ་ Andrew Quintman གྱིས་བོད་སྒྱུར་བྱས་པའི་མི་ལ་རས་པའི་རྣམ་མགུར་མཚན་བྱང་དུ་ The Life of Milarepa(མི་ལ་རས་པའི་སྐུ་ཚེ།) ཞེས་པ་དེ་ Penguin Classics པར་སྐྲུན་ཁང་གིས་པར་འདེབས་བྱས་པ་རེད། ཁོང་གིས་གླེང་བརྗོད་དུ་མི་ལའི་རྣམ་ཐར་ཇི་ལྟར་ཕྱི་སྐད་དུ་བསྒྱུར་བའི་ངོ་སྤྲོད་ཅིག་བྱས་འདུག དེའི་སྔོན་དུ་ལྷ་ལུང་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་ཀྱང་རང་གིས་བསྒྱུར་བའི་མི་ལའི་རྣམ་མགུར་གྱི་གླེང་བརྗོད་དུ་བརྗོད་གཞི་དེ་གླེང་འདུག ད་དུང་འགྱུར་མ་གཞན་དག་ནའང་འདི་སྐོར་གསལ་བ་རྣམས་ལ་གཞི་བཅོལ་ཏེ་ངོ་སྤྲོད་ཀྱི་ཐོ་ཙམ་ཞིག་བཏབ་ན།

གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མི་ལའི་རྣམ་མགུར་རམ་མགུར་འབུམ་འདི་ནི་བོད་ཀྱི་དཔེ་དེབ་ཆ་ཚང་བ་ཞིག་ཨིན་སྐད་དུ་པར་སྐྲུན་བྱས་པའི་ཐོག་མ་མིན་ནའང་ཡིག་སྒྱུར་བྱས་པའི་ཐོག་མ་དེ་ཡིན་པ་དང་། དུས་རབས་བཅུ་དགུ་པ་ནས་བཟུང་ནུབ་ཕྱོགས་པ་རྣམས་ཀྱིས་བོད་ཀྱི་ཆོས་དང་རྩོམ་རིག་ལ་སློབ་གཉེར་བྱེད་པའི་གཞི་རྩ་ཞིག་ཆགས་ཡོད་པར་བཤད།

ཕྱི་ལོ་ ༡༦༡༨ ལོར་མི་ལའི་རྣམ་མགུར་སོག་སྐད་དུ་བསྒྱུར་པ་ནི་རྣམ་ཐར་འདི་ཕྱི་སྐད་དུ་བསྒྱུར་པ་ཐོག་མ་དེ་ཡིན་པ་དང་། དེ་ཉིད་ལ་ཞུ་དག་དང་བཅས་ ༡༧༥༦ ལོར་པེ་ཅིང་པར་བཏབ་ཡོད་འདུག སོག་འགྱུར་གྱི་ལོ་ཙཱ་བའི་མཚན་ལ་ Shiregetü Güüshi Chorjiwa (1578–1618) ཞུ་ཞེས་སོག་པོ་རིག་པའི་ཤེས་བྱ་ཀུན་ཁྱབ་ཅིག་ཏུ་མཆན་བཏབ་འདུག

དུས་རབས་བཅུ་དགུ་པའི་ནང་རྣམ་ཐར་འདི་ནི་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་བོད་རིག་པའི་མཁས་པ་རྣམས་ཀྱིས་བསླབ་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ཡེ་ཤུའི་ཆོས་སྤེལ་བ་ H. A. Jaschke དང་རྒྱ་གར་པ་ Sarat Chandra Das གཉིས་ཀྱིས་མཛད་པའི་བོད་དབྱིན་ཚིག་མཛོད་ཀྱི་མིང་ཚིག་འཚོལ་བསྡུ་བྱེད་སའི་ཁུངས་གཙོ་བོར་སྤྱད་ཡོད་པ་རེད། ཚིག་མཛོད་དེ་དག་ནི་རིམ་བཞིན་ ཕྱི་ལོ་ ༡༨༨༡ དང་ ༡༩༠༢ ལོ་སོ་སོར་པར་སྐྲུན་བྱས་ཡོད་པ་རེད།

Jacques BacotLe poète tibétain Milarépa, ses crimes, ses épreuves, son Nirvānaཕྱི་ལོ་ ༡༩༢༥ ལོར་ ཧྥ་རན་སིའི་བོད་རིག་པ་བ་ Jacques Bacot (1877-1965) ཞེས་པས་ཁ་བྱང་ལ་ Le poète tibétain Milarépa, ses crimes, ses épreuves, son Nirvāna ཞེས་པ་དེ་པར་སྐྲུན་བྱས་པ་རེད། རྩོམ་པ་པོ་འདིས་མི་ལ་རས་པ་དགོངས་པ་རྫོགས་པའི་ལེའུ་དེ་བསྒྱུར་མེད་མོད།  འོན་ཀྱང་ཡིག་སྒྱུར་འདི་ནི་བོད་ཀྱི་མི་སྣ་ཞིག་གི་རྣམ་ཐར་ཡུ་རོབ་ཀྱི་སྐད་རིགས་ལ་སླེབས་པ་དང་པོའི་གྲས་ཡིན་པ་རེད།  ཡིག་སྒྱུར་བ་ཁོང་ནི་ཧྥ་རན་སིར་བོད་རིག་པ་སྤེལ་མཁན་གྱི་ཤིང་རྟ་བ་ཞིག་ཡིན་པར་བཤད་ཅིང་། རྒྱ་དཀར་ནག་དང་བོད་ཀྱི་མཐའ་མཚམས་ཁག་ལ་འགྲུལ་བཞུད་ཤུགས་ཆེར་གནང་ཡོད་པ་རེད།

walter

༡༩༡༩ ལོ་ཙམ་ཞིག་ལ་པར་བླངས་པའི་ཡིག་སྒྱུར་པ་གཉིས།

ཨིན་ཇིའི་སྐད་ཡིག་ཏུ་མི་ལ་རས་པའི་རྣམ་མགུར་ཐོག་མ་སླེབས་པ་ནི་ ༡༩༢༨ ལོར་ཡིན་པ་དང་། དེའི་ཁ་བྱང་དུ་ Tibet’s Great Yogi Milarepa(བོད་ཀྱི་རྣལ་འབྱོར་པ་ཆེན་པོ་མི་ལ་རས་པ།) ཞེས་བཏགས་ཡོད། དེབ་འདི་ནི་ ཨ་རིའི་ཆོས་དོན་གཉེར་བ་དང་མཁས་པ་ W. Y. Evans-Wentz (1878-1965) ཞེས་པས་རྩོམ་སྒྲིག་བྱས་པ་རེད། འོན་ཀྱང་ཁོང་གིས་བོད་ཡིག་ཀློgreat yogi 2ག་མི་ཤེས་ཤིང་། ཁོང་གིས་འབྲས་ལྗོངས་པ་ཀ་ཟི་ཟླ་བ་བསམ་འགྲུབ་ (1868-1922)ལགས་དང་མཉམ་འབྲེལ་གྱིས་ཡིག་སྒྱུར་བྱས་ཡོད་པ་རེད། ཟླ་བ་བསམ་འགྲུབ་ཀྱིས་ ༡༩༠༢ དང་ ༡༩༡༧ སོ་སོར་ཡིག་སྒྱུར་བྱས་ཡོད་པ་རེད་ལ། དེ་ནི་སྐུ་ཞབས་ Bacot ལགས་ཀྱི་སྔོན་ལ་ཡིན་པ་རེད། སྐུ་ཞབས་ཟླ་བ་བསམ་འགྲུབ་ལགས་ ༡༩༢༢ ལོར་འདས་རྗེས་ སྐུ་ཞབས་ Evans-Wentz ལགས་ཀྱིས་ཁོང་གི་ནང་མི་བརྒྱུད་ནས་འགྱུར་ཡིག་གི་མ་ཕྱི་ཐོབ་ཡོད་པ་དང་། ལོ་བཞིའི་རྗེས་སུ་པར་སྐྲུན་བྱས་པ་རེད། ཡིག་སྒྱུར་འདི་ལ་དབུའི་མཆོད་བརྗོད་སོགས་བསྒྱུར་མེད་ཅིང་། ཨིན་སྐད་དུའང་ཡི་ཤུའི་ཆོས་སྐད་ཤུགས་ཆེར་བཀོལ་བ་ནི་ Evans-Wentz ལགས་ཀྱིས་ཟླ་བ་བསམ་འགྲུབ་ཀྱི་མ་ཡིག་ལ་ཁ་སྣོན་བཏབ་པ་ཞིག་ཡིན་པ་གོར་མ་ཆག་ཟེར།

The hundred thousand songs of Milarepa

Chenji_Zhang_1984སྐུ་ཞབས་ Garma C. C. Chang ངམ་ཡང་ན་ [張澄基 Zhang Chengji (1920-1988)]ཞེས་འབོད་པ་འདིས་མི་ལའི་རྣམ་མགུར་བསྒྱུར་པ་དེའི་ཁ་བྱང་ལ་ The hundred thousand songs of Milarepa – the life-story and teaching of the greatest poet-saint ever to appear in the history of Buddhism (མི་ལ་རས་པའི་མགུར་འབུམ་སྟེ། སངས་རྒྱས་པའི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པའི་འཕགས་པ་སྙན་ངག་མཁན་བླ་ན་མེད་པ་དེའི་སྐུ་ཚེ་དང་བཀའ་ཁྲིད།) ཞེས་ཟེར། དེ་ནི་ ༡༩༦༢ ལོར་ University Books པར་སྐྲུན་ཁང་གིས་ནིའུ་ཡོག་ཏུ་པར་བཏབ་འདུག སྒྱུར་མཁན་ཁོང་ནི་རྒྱ་ནག་གི་དམག་ཁྱིམ་གྲགས་ཅན་ཞིག་ཏུ་སྐྱེས་པ་དང་བོད་དུ་ཕྱིན་ནས་བོད་ཡིག་སློབ་སྦྱོང་བྱས་པ་མ་ཟད། ལེགས་སྦྱར་དང་། ཨིན་ཡིག རྒྱ་ཡིག་བཅས་ལ་བྱང་ཆུབ་ཡོད་ཚུལ་དྲ་རྒྱ་ཁག་ཏུ་བྲིས་འདུག ཁོང་གིས་རྣམ་མགུར་འདི་ཉིད་རྒྱ་ཡིག་ཏུའང་བསྒྱུར་ཡོད་འདུག

lhalungpa༡༩༧༧ ལོར་ ལྷ་ལུང་པ་བློ་བཟང་ཕུན་ཚོགས་ (1924-2008)ལགས་ཀྱིས་རྣམ་མགུར་གསར་བསྒྱུར་གྱིས་ཁ་བྱང་དུ་ The life of Milarepa: A New Translation from the Tibetan (མི་ལ་རས་པའི་སྐུ་ཚེ། བོད་ཡིག་ནས་གསར་དུ་བསྒྱུར་པ་ཞིག )ཅེས་བཏགས་ཏེ་པར་སྐྲུན་བྱས་པ་དེས་ནུབ་lhalung paཕྱོགས་སུ་རྣམ་མགུར་འདི་ལ་སྙན་གྲགས་ཆེན་པོ་འཕེལ་བ་རེད། ཁོང་གིས་འདི་བསྒྱུར་དོན་ཡང་ཐོག་མར་ཧྥ་སྐད་དུ་ཡོད་པ་དེ་ཨིན་འགྱུར་བྱེད་པའི་རོགས་རམ་གནང་རྩིས་ཡིན་མོད། ཕྱིས་སུ་ཧྥ་སྐད་ཀྱི་འགྱུར་ལ་འགྱུར་སྐྱོན་རེ་ཟུང་རྙེད་པ་དང་བཅས་བོད་ཡིག་ནས་གཞི་འགྱུར་གྱི་ལས་གཞི་བརྩམས་པ་ཡིན་ཞེས་གླེང་བརྗོད་དུ་བྲིས་འདུག

གོང་དུ་ཞུས་པའི་རྣམ་མགུར་འདི་དག་གི་མ་ཡིག་ནི་ གཙང་སྨྱོན་ཧེ་རུ་ཀས་མཛད་པའི་ “རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་”ཞེས་པ་འདི་རེད།

ད་ནི་མི་ལའི་གསུང་མགུར་དང་རྣམ་ཐར་ལ་འགྱུར་དང་རྩོམ་སོགས་ཇེ་མང་དུ་འགྲོ་བཞིན་འདུག  གཤམ་གསལ་གྱིས་པར་རིས་ནི་ཕྲན་གྱིས་དྲ་རྒྱ་སྔོག་པ་ལས་རྙེད་པའི་པར་རིས་སྣ་ཚོགས་པ་ཅན་ཞིག་རེད།

 

books on milarepa

དེས་ན་དེབ་རེ་རེ་བཞིན་ངོ་སྤྲོད་འབྲི་བ་ནི་ཡི་གེ་དང་ལས་ཀྱི་ཚེགས་ཙམ་དུ་ཟད་པས་ན། འདི་ཙམ་གྱིས་རེ་ཞིག་འཐུས་པར་བྱས་སོ།།

 

གཤམ་དུ་བཀོད་པ་ནི་གོང་གསལ་ལས་ད་དུང་ཡིག་སྒྱུར་བྱས་པ་དང་འབྲི་རྩོམ་བྱས་པའི་དེབ་རིགས་ཀྱི་ཐོའི་ཟུར་ཙམ་དྲངས་པ་ཡིན།  ཁ་བྱང་རྣམས་བོད་འགྱུར་གྱི་རྩོལ་བའང་ཁོ་བོས་བྱས་སོ།།

Drinking the Mountain Stream- Songs of Tibet's Beloved Saint, Milarepa Paperback – May 1, 2001Drinking the Mountain Stream: Songs of Tibet’s Beloved Saint, Milarepa (རི་བོའི་ཆུ་རྒྱུན་འཐུང་པ། བོད་ཀྱི་གཅེས་པའི་འཕགས་པ་མི་ལ་རས་པའི་མགུར།) ལོ་ཙཱ་བ། བླ་མ་ཀུན་དགའ་རིན་པོ་ཆེ་དང་ Brian Cutillo དཔར་ལོ། 2001

 

 

 

Liberation in One LifetimeLiberation in One Lifetime: Biographies and Teachings of Milarepa (ཚེ་གཅིག་ལ་སངས་རྒྱས་པ་སྟེ། མི་ལ་རས་པའི་རྣམ་ཐར་དང་བཀའ་ཁྲིད།) དཔར་ལོ།  ༢༠༡༤ རྩོམ་པ་པོ། Francis V. Tiso

 

 

 

Shaman of TibetShaman of Tibet: Milarepa-From Anger to Enlightenment 1040-1143 A.D. (བོད་ཀྱི་ལྷ་བ། མི་ལ་རས་པ་ཁྲོ་བ་ནས་སངས་རྒྱས་པའི་གོ་འཕང་བར།)  དཔར་ལོ། 1994 རྩོམ་པ་པོ།  Heather Hughes-Calero དང་།  Winged Wolf

 

 

 

The Yogin and the MadmanThe Yogin and the Madman: Reading the Biographical Corpus of Tibet’s Great Saint Milarepa (རྣལ་འབྱོར་པ་དང་སྨྱོན་པ་སྟེ། བོད་ཀྱི་འཕགས་པ་ཆེན་པོ་མི་ལ་རས་པའི་རྣམ་ཐར་ཀློག་པ།), དཔར་ལོ།  2013  རྩོམ་པ་པོ། Andrew Quintman

 

 

 

gordonThe Hundred Thousand Songs: Selections from Milarepa Poet—Saint of Tibet  (མགུར་འབུམ། བོད་ཀྱི་འཕགས་པའམ་སྙན་ངག་མཁན་མི་ལ་རས་པའི་མགུར་གཅེས་བཏུས། )  ལོ་ཙཱ་བ། Antoinnette K. Gordon

 

 

 

Milarepa- Songs on the SpotMilarepa: Songs on the Spot (མི་ལ་རས་པ། ཐོལ་བྱུང་གི་གླུ) དཔར་ལོ།  2003 ལོ་ཙཱ་བ་དང་རྩོམ་པ་པོ།  Nicole Riggs

 

 

 

 

[དེ་རིང་གློ་བུར་དུ་འཛིན་ཁང་ནས་རྙེད་པའི་མི་ལའི་རྣམ་མགུར་ཨིན་འགྱུར་ཞིག་རྙེད་པ་དེ་ལ་རྐྱེན་བྱས་ཏེ། ལོ་རྒྱུས་མདོར་བསྡུས་འདི་ཟིན་བྲིས་སུ་བཏབ་པ་དགེའོ།།]