༢༠༡༦ ལོའི་Martin Luther King Jr.ལགས་ཀྱི་དུས་ཆེན་ཉིན་མོར་བོན་སྐོར་སྙིང་ལྕགས་རྒྱལ་གྱིས་བསྒྱུར།

༼ཀ༽
ང་ཚོའི་ཚེ་སྲོག་ནི་གལ་ཆེ་བའི་གནད་དོན་དག་ལ་ཇུས་གཏོགས་ཀྱི་སྨྲ་སྒོ་བཙུམས་པའི་ཉིན་དེ་ནས་བཟུང་ཉམས་འགོ་ཚུགས།
Our lives begin to end the day we become silent about things that matter.

༼ཁ༽
མུན་པས་མུན་པ་སེལ་པའི་དཔེ་མི་སྲིད།།
དེ་ཡི་གཉེན་པོ་འོད་སྣང་གཅིག་པུའོ།།
སྡང་བས་སྡང་བ་འདུལ་པའི་དཔེ་མི་སྲིད།།
དེ་ཡི་གཉེན་པོ་བརྩེ་བ་གཅིག་པུའོ།།
Darkness cannot drive out darkness;
Only light can do that.
Hate cannot drive out hate;
Only love can do that.

༼ག༽
མི་ཚེའི་ཁ་ཚ་དགོས་གལ་གྱི་དྲི་བ་དེ་ནི། ཁྱོད་ཀྱིས་གཞན་ལ་ཅི་ཞིག་སྒྲུབ་བཞིན་ཡོད་ཞེས་པ་དེའོ།།
Life’s most persistent and urgent question is, ‘What are you doing for others?’

༼ང༽
གང་གི་དྲང་བདེན་མེད་པ་དེ། དྲང་བདེན་ཡོད་པ་ཀུན་ལ་གནོད།
Injustice anywhere is a threat to justice everywhere.

༼ཅ༽
ངས་ནི་བརྩེ་བ་དང་མཉམ་གནས་བྱེད་རྒྱུ་བློ་ཐག་བཅད། སྡང་བ་ནི་འགན་ཁུར་ལྗིད་དྲགས།
I have decided to stick with love. Hate is too great a burden to bear.

༼ཆ༽
ང་ཚོས་སྤུན་ཟླའི་ཚུལ་དུ་མཉམ་གནས་བྱེད་པར་ཧུར་བརྩོན་མ་བྱས་ཚེ། བླུན་པོ་ཁྱུ་ཞིག་དང་མཚུངས་པར་འཇིག་སྲིད།
We must learn to live together as brothers or perish together as fools.

༼ཇ༽
བརྩེ་བ་ནི་དགྲ་བོ་གྲོགས་སུ་འགུགས་པའི་ཐབས་ཤེས་གཅིག་པུའོ།།
Love is the only force capable of transforming an enemy into friend.

༼ཉ༽
མཐའ་མཇུག་ཏུ། ང་ཚོས་དགྲ་བོའི་སྐད་ཆ་དག་སེམས་ལ་བཅང་རྒྱུ་མ་ཡིན་པར། གྲོགས་པོའི་སྨྲ་བརྗོད་མེད་པ་དེ་དྲན་རྒྱུའོ།།
In the end, we will remember not the words of our enemies, but the silence of our friends.