当珊文。铃木(SevernCullis-Suzuki)ནི་འཛམ་གླིང་ན་གཞོན་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔའ་བོ་ཞིག་རེད་ལ་སྐབས་དེ་དུས་འཛམ་གླིང་ཐོག་གི་གཏམ་བཤད་གནང་མཁན་ལོ་ན་ཆུང་ཤོས་དེ་ཡང་རེད། སྤྱི་ལོ་1992ལོར་ཁོང་དགུང་ལོ་བཅུ་གཉིས་སྐབས་སུ་རང་ཉིད་ཀྱིས་ལམ་དངུལ་ཐབས་ཤེས་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་དབུ་ཚོགས་ཆེན་མོའི་ཐོག་སྐར་མ་ལྔའི་རིང་ལ་གཏམ་བཤད་གནང་བ། དང་ཐོག་ཚོགས་ཞུགས་མི་སྣ་ཚང་མས་སྤྱིར་བཏང་གི་གཏམ་བཤད་ལྟར་ཉན་བཞིན་ཡོད་རུང་ཁོང་གིས་སྐད་ཤུགས་ཆེན་པོས་གཏམ་བཤད་གནང་བ་དང་། གཏམ་བཤད་ཀྱི་ནང་དོན་དག་ཚང་མས་གསན་རྗེས་ཚོགས་ར་རིམ་བཞིན་ཁུ་སིམ་མེར་གྱུར་བ་དང་། རྒྱལ་ཁབ་ཁག་གི་དབུ་འཛིན་རྣམས་དང་ཆབ་སྲིད་པ་དང་གྲགས་ཅན་མི་སྣ་ལ་ཤས་སེམས་འགུལ་གྱིས་མཆི་མ་ཡང་ཤོར་ནས་མགོ་བོ་སྒུར་བཞིན་ལོ་ཆུང་གི་བྱིས་པ་ཁོང་ལ་ངོ་ཡང་བསྟན་མ་ཐུབ་པར་གྱུར་བ་རེད།

ལྷན་རྒྱས་ཚོ་སྐུ་ཁམས་བཟང་། ང་ནི་当珊文。铃木(SevernCullis-Suzuki)ཡིན། བྱིས་པའི་ཁོར་ཡུག་སྲུང་སྐྱོབ་སྒྲིག་འཛུགས་ཀྱི་འཐུས་མི་ཞིག་གིས་ངོས་ནས་འདིར་གཏམ་བཤད་དུ་ཡོང་བ་ཡིན། ང་ཚོ་ནི་ལོ་བཅུ་གཉིས་བཅུ་གསུམ་ཙམ་ལ་སོན་པའི་ཁེ་ན་ཏའི་(加拿大)(Canada)བྱིས་པ་ཁ་ཤས་ཡོད། ང་དང་ངའི་གྲོགས་པོ་ཚོས་རང་གི་ལག་དངུལ་མཉམ་བསྡུ་བྱས་ནས་ལེ་དབར་ལྔ་སྟོང་ལྷག་གི་འགྲུལ་བཞུད་ལ་བརྟེན་ནས་ས་འདིར་ཁྱེད་ཚོ་མི་ཆེན་ཚོར་ཁྱེད་ཚོས་ངེས་པར་དུ་བསྒྱུར་བཅོས་བྱ་དགོས་འདུག་ཅེས་ཞུ་བར་ཡོང་བ་ཡིན། ང་དེ་རིང་འདི་རུ་ཡོང་ནས་སྦས་སྐུང་བྱ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག ངས་ང་ཚོའི་མ་འོངས་པའི་ཆེད་དུ་འགོག་རྒོལ་བྱ་རྒྱུ་ཡིན།

ང་ཚོའི་མ་འོངས་པ་རླག་པ་ནི་འགྲན་བསྡུར་ཞིག་ལས་ཕམ་པ་དང་མི་འདྲ་ལ་རྐང་འཛིན་དངུལ་ལོར་ཐོག་གི་གྲངས་ཀ་ཁ་ཤས་རླག་པ་དང་མི་འདྲ་བས། ང་འདིར་ཡོང་བ་ཡིན། ད་དུང་ང་ཚོའི་ཕ་ཚ་བུ་རྒྱུད་ཀྱི་རྗེས་རབས་ཚོའི་ཆེད་དུ་ཡོང་བ་ཡིན་ལ་འཛམ་གླིང་ཐོག་བཀྲེས་ལྟོགས་ཀྱིས་མནར་བའི་བྱིས་པ་ཚོའི་ཆེད་དུ་སྐད་ཆ་བཤད་རྒྱུ་ཡིན། གང་ཡིན་ཞེ་ན། ཁོང་ཚོའི་སྨྲེ་སྔགས་ཐོས་མཁན་སུ་ཡང་མེད་པས་ཡིན། ངས་སའི་གོ་ལའི་ཐོག་གི་འཆི་དང་འཆི་བཞིན་པའི་སྲོགས་ཆགས་གྲངས་མེད་དེ་དག་དང་གསོན་པོ་དེ་དག་ཡང་འགྲོ་ས་མེད་པའི་གནས་བབས་དག་བསམ་ནས་ཁོང་ཚོའི་ཚབ་བྱས་ནས་སྐད་ཆ་བཤད་པར་ཡོང་བ་ཡིན།

ང་ཚོའི་སེམས་གཏམ་ངེས་པར་དུ་ཁྱེད་ཚོས་མཉན་དགོས་འདུག ད་ལྟའི་ཆར་ང་ཚོ་ཕྱི་ལ་ཉི་མ་ཡང་བསྲོ་བར་འགྲོ་ས་མེད་པ་གྱུར་འདུག གང་ཡིན་ཞེ་ན་མཁའ་རླུང་ནང་རྫས་འགྱུར་དྲི་ངན་གྱི་དབང་རླུང་བང་རིམ་མང་བས་ང་ཚོ་དབུགས་རྔུབ་པར་ཡང་འཇིགས་སྣང་སྐྱེས་ནས་བསྡད་དགོས་ཀྱི་འདུག སྔོན་མ་ང་རང་ཨ་ཕ་དང་མཉམ་དུ་ཨུན་ཀ་ཧ་(温哥华)<Vancouver>རུ་ཉ་བཟུང་བར་འགྲོ་མྱོང་ཡོད། འོན་ཀྱང་ལོ་ཤས་རྗེས་ནས་ཉ་དེ་རིགས་ཚང་མར་སྐྲན་ནད་ཕོག་ཡོད་པ་ཤེས་སོང་། དེ་བཞིན་དུ་ད་ལྟ་ང་ཚོས་ཉིན་རེ་བཞིན་རྩི་ཤིང་དང་སྲོགས་ཆགས་མང་པོ་རྩ་སྟོང་སུ་འགྲོ་བའི་གནས་ཚུལ་གོ་རྒྱུ་ཡོད་པ་ལྟར་དེ་དག་རིམ་བཞིན་ང་ཚོའི་འཇིག་རྟེན་དེར་ནམ་ཡང་ལོག་ཐབས་མེད་པ་ཆག་ཟིན། ངའི་རེ་བ་ལ་རང་ཉིད་ཀྱི་མིག་ལམ་དུ་ཁྱུ་ཚོགས་མཐུག་པའི་རི་སྐྱེས་སྲོག་ཆགས་མང་པོ་དང་བྱེའུ་དང་ཕྱེ་མ་ལེབ་ཀྱི་ཁེངས་པའི་འཛིངས་ཤིང་སྟུག་པའི་གདོད་མའི་ནགས་ཚལ་མཐོང་འདོད་ཆེ་ན་ཡང་ད་ཆའི་གནས་སྟངས་ལ་བལྟས་ན་ང་དང་ངའི་བུ་ཕྲུག་ཚོས་ཀྱང་འཚོ་གནས་དེ་འདྲ་མཐོང་མིན་ལ་ཐེ་ཚོམ་རེད་འདུག

ཁྱེད་ཚོ་ངའི་ན་ཚོད་ཙམ་ལ་གནས་ཚུལ་དེ་རིགས་ལ་སེམས་འཁྲལ་བྱེད་མྱོང་ཡོད་དམ། གནས་ཚུལ་དེ་དག་ང་ཚོའི་མིག་མདུན་དུ་ལྷག་བཞིན་ཡོད་རུང་ཁྱེད་ཚོས་ཟད་མཐའ་མེད་པའི་དུས་ཚོད་དང་ཐབས་ཤེས་བེད་སྤྱད་ནས་གནས་ཚུལ་དེ་དག་ལ་ཐག་གཅོད་བྱ་ཆོག་བསམ་བཞིན་ཡོད་མོད། འོན་ཀྱང་ང་ནི་བྱིས་པ་ཞིག་ཡིན། ངས་ལྟས་ན་ཁྱེད་ཚོར་གནས་ཚུལ་དེ་རིགས་ལ་ཐག་གཅོད་གཏོང་བའི་ཐབས་ཤེས་ཡོད་ཀྱི་རེད་བསམ་གྱི་འདུག ཁྱེད་ཚོས་དྲི་ངན་དབང་རླུང་གི་བང་རིམ་འགོག་ཐབས་ཡོད་མ་རེད་ལ་<ཉ་སལ་མོན >(三文鱼)(salmon) ཡང་སླར་བསྐམ་ཟིན་པའི་ཆུ་བོའི་ནང་ལོག་ཐུབ་པའི་ཐབས་ཤེས་ཡོད་མ་རེད། ཁྱེད་ཚོས་རྒྱུད་བཅད་ཟིན་པའི་རྩ་ཆེའི་རྩི་ཤིང་དང་སྲོགས་ཆགས་མང་པོ་དེ་དག་སླར་གསོ་བྱ་ཐབས་ཡོད་མ་རེད་ལ་བྱེ་ཐང་སུ་གྱུར་ཟིན་པའི་ས་ཆ་དེ་དག་སླར་ཡང་ཤིང་ནགས་སུ་བསྒྱུར་བཅོས་བྱ་ཐབས་ཡོད་མ་རེད། གལ་ཏེ་ཁྱེད་ཚོར་དེ་དག་ལ་ཉམས་བཟོ་བྱ་བའི་ཐབས་ཤེས་མེད་ན་ད་ནས་གཏོར་སྐྱོན་མ་བཏང་རོགས་ཞུ་རྒྱུ་ཡིན།

དེ་རིང་གི་ས་ཆ་འདིར་ཁྱེད་ཚོ་ཆབ་སྲིད་ཀྱི་འཐུས་མི་དང་ཚོང་དཔོན་ཆེན་པོ། གསར་འགོད་པ་དང་སྒྲིག་འཛུགས་པ་ཡིན་ངེས་ལ་ཁྱེད་ཚོ་ཕ་ཡིན་སྲིད་ལ་མ་ཡང་ཡིན་སྲིད། གཅེན་གཅུང་དང་གྲོགས་པོ་གྲོགས་མོ་ཡང་ཡིན་སྲིད། མ་ཟད་ཁྱེད་ཚོ་ཚང་མ་སོ་སོའི་ཕ་མའི་བུ་ཕྲུག་ཡང་རེད།

ང་བྱིས་པ་ཞིག་ཡིན་ཡང་ངས་ང་ཚོ་ཚང་མ་ཁྱིམ་ཚང་ཆེན་པོ་ཞིག་གི་ཁོངས་མི་ཡིན་པ་ཤེས་ཀྱིན་འདུག་ལ་ཁྱིམ་ཚང་ཆེན་པོ་འདིར་མི་དུང་ཕྱུར་ལྔ་བཅུ་ཙམ་དང་སྐྱེ་དངོས་ཁྲི་སུམ་སྟོང་ལྷག་ཙམ་མཁའ་རླུང་གཅིག་དང་ས་ཆུ་གཅིག་བེད་སྤྱད་ནས་འཚོ་བཞིན་ཡོད་པ་ཤེས་ཀྱི་འདུག དོན་དངོས་འདི་ལ་རྒྱལ་ཁབ་དང་སྲིད་གཞུང་ཅི་ཞིག་ཡིན་ཡང་འགྱུར་བ་གཏོང་ཐབས་མེད་པ་ཤེས་ཀྱི་ཡོད། དེར་བརྟེན་ཚང་མས་དམིགས་ཡུལ་གཅིག་གི་དོན་དུ་འབད་བརྩོན་བྱ་དགོས་ངེས་མ་རེད་དམ། དེ་རིང་ང་ངོ་མ་ཁོང་ཁྲོ་ཆེན་པོ་ལང་གྱིན་འདུག་འོན་ཀྱང་དེ་ནི་ང་རང་དོན་མེད་མུན་འཐོམས་ནས་མིན། ང་རང་ལ་འཇིགས་སྣང་ཆེན་པོ་ཞིག་ཀྱང་སྐྱེ་བཞིན་འདུག་ཡིན་ཡང་ངས་རང་ཉིད་ཀྱི་ཚོར་སྣང་འདི་འཛམ་གླིང་ལ་བཤད་རྒྱུར་སྐྲག་དགོས་དོན་མེད། ངའི་རྒྱལ་ཁབ་ལ་མཚོན་ན་མི་ཚང་མས་བག་མེད་ལོངས་སྤྱོད་མང་པོ་བྱེད་ཀྱིན་འདུག ཉོས་པ་རྣམས་དོན་མེད་དུ་བསྐྱུར། བསྐྱུར་བ་རྣམས་སླར་ཉོས། ཐ་ན་རང་ལ་མི་དགོས་པའི་དངོས་པོ་དེ་དག་ཉེ་འཁོར་དགོས་མཁོ་ཡོད་པའི་ཉམ་ཐག་གི་མི་ལ་ཡང་མཉམ་སྤྱོད་བྱ་འདོད་མི་འདུག མ་ཟད་ཇི་ཙམ་རྒྱུ་འབྱོར་ཆེན་ནའང་ཡང་དེ་ཚོ་བརླག་དོགས་ཀྱིས་གཞན་དང་མཉམ་སྤྱོད་བྱ་ནུས་ཀྱིན་མི་འདུག

ཁེ་ན་ཏ་རུ་(加拿大(Canada) )ང་ཚོའི་འཚོ་བ་ནི་དམིགས་གསལ་གྱི་དབང་ཆ་ཐོབ་ཡོད་པ་ལྟར་ཟས་རིགས་དང་ཁང་པ། ཆུ། ཡོད་ཚད་ཚང་མ་ཆ་རྐྱེན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། འོན་ཀྱང་འདིར་བྷ་རེ་ཟེ་(巴西)(Brazil)རུ་ང་ཚོས་ཉིན་གཉིས་ནང་མཐོང་བའི་གནས་ཚུལ་དེ་དག་གི་ང་ཚོ་ཚང་མ་ཧ་ལས་ཧང་སང་སོང་། ང་ཚོ་ས་དེ་གའི་ཁྲོམ་གཞུང་གི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་རྩེད་མོ་རྩེ་སྐབས་ངའི་གྲོགས་པོ་ཆུང་ཆུང་ཞིག་གིས་ཁོང་ཚོའི་ཉམ་ང་བ་དེ་དག་མཐོང་ནས་ཁོང་གིས་མ་འོངས་པར་རང་ཉིད་འབྱོར་བདག་ཆེན་པོ་ཞིག་ཆག་པ་ཤོག་ཅེས་སྨོན་ལམ་འདེབས་བཞིན་ང་ཚོར་དེ་དུས་ངས་ཁྲོམ་གཞུང་དེ་གའི་གྲོགས་པོ་ཆུང་ཆུང་དེ་ཚོ་ལ་ཟས་རིགས་དང་གྱོན་པ། སྡོད་ཁང་དང་སྨན་ཁང་ད་དུང་བྱམས་ཀྱིས་བསྐྱང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་བྱུང་། ངོ་མ་བྱིས་པ་ཞིག་གི་ངོས་ནས་རང་ཉིད་ལ་གང་ཡང་མེད་ཀྱང་གཞན་དང་མཉམ་སྤྱོད་བྱ་བསམ་པའི་བསམ་བློ་ཞིག་ཡོད་དུས་ཁྱེད་ཚོ་མི་ཆེན་ཚོར་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད་རུང་གཞན་དང་མཉམ་སྤྱོད་བྱེད་བསམ་པའི་བསམ་བློ་མེད་པར་འདོད་རྔམ་ཆེན་པོ་དེ་འདྲ་ཡིན་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། ངས་ང་དང་ན་མཉམ་པའི་བྱིས་པ་དེ་ཚོ་བརྗེད་ཐབས་མི་འདུག ཁོང་ཚོ་སྐྱེས་པ་ནས་ང་ཚོ་དང་འདྲ་མཉམ་རེད་མི་འདུག ང་ཡང་གཅིག་བྱས་ན་(里约热内卢)(Rio De Janeiro)རུ་ཚ་དྲོད་ཀྱིས་མནར་བའི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་ཅིག་ཡིན་སྲིད་ལ་བཀྲེས་ལྟོགས་ཀྱིས་མནར་བའི་(索马里)(Somalia)ཡི་བྱིས་པ་ཞིག་ཀྱང་ཡིན་སྲིད། ཡང་མིན་ན་དབུས་ཤར་ས་ཁུལ་གྱི་དམག་འཁྲུག་སྐབས་ཀྱི་གླུད་རྫས་ཞིག་དང་རྒྱ་གར་གྱི་སློང་མོ་བ་ཞིག་ཀྱང་ཡིན་སྲིད། ང་བྱིས་པ་ཞིག་ཡིན། ཡིན་ཡང་ངའི་བསམ་པར་གལ་ཏེ་ང་ཚོས་དམག་འཁྲུག་གི་དོན་དུ་བཏང་བའི་དངུལ་ལོར་དེ་དག་གིས་དབུལ་སྐྱོབ་དང་ཁོར་ཡུག་གནད་དོན་རྟོག་ཞིབ་ལ་བཏང་ཡོད་ན་ད་ལྟའི་སའི་གོ་ལ་དེ་ཕལ་ཆེར་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་ངེས་རེད།

སློབ་གྲྭ་དང་བུ་བཅོལ་ཁང་སོགས་ལ་ཁྱེད་ཚོས་ང་ཚོར་མི་བཟང་པོ་ཞིག་བྱ་དགོས་པ་དང་ཕན་ཚུན་འཆམ་མཐུན་དང་འཁྲུག་རྩོད་མི་བྱེད་པ་བཟོད་སྒོམ་བྱེད་དགོས་པ་གཞན་ལ་མཐོང་ཆུང་བྱ་རྒྱུ་མེད་པ་རང་ཉིད་ལ་ཡོད་པའི་དངོས་པོ་གཞན་དང་མཉམ་སྤྱོད་བྱ་བའི་སེམས་པ་ཡོད་དགོས་པ་སྒེར་སེམས་ཅན་གྱི་བུ་ཕྲུག་ཅིག་བྱ་རྒྱུ་མེད་པ་སོགས་སློབ་གསོ་གཏོང་དང་བཏང་མོད། འོ་ན་ཁྱེད་ཚོས་ང་ཚོར་བྱ་མི་ཆོག་ཟེར་བའི་ལས་ཀ་དེ་དག་ཚང་མ་ཁྱེད་ཚོས་བྱེད་དགོས་དོན་ག་རེ་ཡིན་ནམ།

ཁྱེད་རང་ཚོ་ཚོགས་འདུ་འདི་ལ་ཡོང་དགོས་པའི་དགོས་དོན་མ་བརྗེད་པ་བྱ་དགོས་ལ་སུ་ཡི་ཆེད་དུ་ཡོང་མིན་མ་བརྗེད་རོགས། ང་ཚོ་ཁྱེད་ཚོའི་བུ་ཕྲུག་རེད། ཁྱེད་ཚོས་ང་ཚོ་འཛམ་གླིང་གི་ཁོར་ཡུག་གང་འདྲ་ཞིག་ནང་འཚར་ལོངས་ཡོང་མིན་ལ་ཐག་གཅོད་བྱེད་བཞིན་ཡོད།

ཕ་མས་བུ་ཕྲུག་ཚོར་དཀའ་ངལ་འཕྲད་དུས་སེམས་གསོ་བྱེད་སྐབས་སྣང་དག་ཡོད་མ་རེད། ང་ཚོས་ནུས་ཤུགས་ཡོད་དགུས་འབད་བརྩོན་བྱ་ཆོག་པ་རེད་ཚང་མ་ཡག་རུ་འགྲོ་ངེས་རེད་གང་ཡིན་ཟེར་ན་འདི་ནི་འཛམ་གླིང་གི་དུས་མཇུག་ལ་སླེབས་པ་ནི་མ་རེད་ཅེས་བཤད་སྲིད། ཡིན་ཡང་ངའི་བསམ་པར་ད་ཆའི་དུས་ལ་ཁྱེད་ཚོས་ང་ཚོར་སྐད་ཆ་དེ་ལྟར་བཤད་ཐབས་ཡོད་མ་རེད། ཁྱེད་ཚོས་ང་ཚོ་བུ་ཕྲུག་ཚོ་ངོ་མ་གལ་ཆེ་སའི་གནས་སུ་བཞག་ཡོད་དམ། ངའི་ཨ་ཕས་ང་ལ་རང་གི་འགྲུབ་པའི་བྱ་བ་ལས་རང་ཉིད་མི་གང་འདྲ་ཞིག་ཡིན་མིན་མཚོན་པ་ལས་བཤད་པའི་སྐད་ཆ་དེས་རང་ཉིད་མཚོན་ཐབས་མེད་ཅེས་གསུངས་མྱོང་། ད་ཆ་ཁྱེད་ཚོས་ལས་པའི་བྱ་བ་དེ་དག་ལ་བསམ་བློ་གཏོང་དུས་ང་མཚན་མོ་ངུ་ཤོར་ཡོང་གི་འདུག ཁྱེད་ཚོ་མི་རྒན་ཚོས་ཁ་ནས་སོ་སོའི་བུ་ཕྲུག་ཚོར་དགའ་པོ་ཡོད་ཅེས་བཤད་ཀྱང་དོན་དངོས་ཐོག་ང་ཚོར་མ་འོངས་པ་མེད་པ་བཟོ་དགོས་དོན་ག་རེ་ཡིན་ནམ། ངས་ཁྱེད་ཚོར་ཞུ་བ་འཐེན་ཆོག་ཁ་བཤད་ལག་བསྟར་དང་ཤེས་པ་དང་ཉམས་ལེན་མཐུན་པ་བྱ་རོགས། བཀའ་དྲིན་ཆེ།།

མཇུག་གཏམ་ང་རང་གིས་གཏམ་བཤད་དེ་སྒྱུར་དགོས་དོན་ནི་ང་ཚོ་ཚང་མས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་ཐུབ་པའི་རེ་སྐུལ་ཞུ་བྱེད་ཙམ་ཡིན།།