ས་གནས་འཛིན་སྐྱོང་གི་རིམ་པ་ནི།
རྒྱལ་ཁབ། དེའི་འོག་ཏུ་རྫོང་ཁག  རྫོང་གི་འོག་ཏུ་རྒེད་འོག དེའི་འོག་ཏུ་དྲུང་ཁག  དེའི་འོག་ཏུ་ཁྲོམ་སྡེའོ།

ཐེམ་ཕུ་རྫོང་ཁག  རྒྱལ་ས། རྫོང་མཁར་ཆཊ་ཡུལ་ནི་བྲག་ཐེམ་ཞིག་ཡིན་པའི་དབང་གིས་མིང་དེ་ལྟར་ཐོཊ།
ཐེམ་ཕུ་རྫོང་འོག་གི་རྒེད་འོག་ལ།  ལྕང་།  དར་དཀར་ལ།  དགེ་བསྙེན།  ཀ་ཝང་། གླིང་བཞི།  སྨད་ཝང་། ན་རོ།    སྲོས།

བུམ་ཐང་རྫོང་ཁག  བུམ་ནི་དོན་གཉིས་ལ་འཇུག་སྟེ་བུམ་པའམ་བུ་མོ།  དེ་བས་བུམ་ཐང་ནི་མཛེས་པའི་ཐང་བྱ་བ་ཡིན་ནོ།
བུམ་ཐང་གི་རྒེད་འོག་ལ།  ཆོས་འཁོར།  ཆུ་མིག  སྟང་།  ཨུ་ར།

ཆུ་ཁ་རྫོང་ཁག     འབྲུག་གི་དཔལ་འབྱོར་ལྟེ་བ་དང་ཆུ་གློག་ཁང་ཆེ་ཤོེས་དེ་ཡོད་ས།
ཆུ་ཁ་རྫོང་ཁག་གི་རྒེད་འོག་ལ།  བྱག་ཕྱོགས། སྦོང་སྒོར།  སྐྱབས་ཆ།  དར་ལ།   གདུང་ན།   དགེ་གླིང་།  གད་སྟག་ན།
ལོག་ཅི་ན།   སྨད་བཏབ་ཁ།  ཕུན་ཚོགས་གླིང་།   བསམ་འཕེལ་གླིང་།

དར་དཀར་ན་རྫོང་ཁག  ན་སྒྲ་ནི་བོད་སྐད་བརྡ་རྙིང་དུ་འབྲོག་ཐང་གི་དོན།
དར་དཀར་རྫོང་གི་རྒོད་འོག་ལ།  རྡོ་རོ་ན།  འབྲུག་རྗེས་སྒང་། གེ་སར་གླིང་། སྒོ་བཞི།  བཀར་ན།  ཀརྨ་གླིང་། ཁེ་སྦིས་ས།
ལ་རྒྱབ།    ལྷ་མོའི་རྫིང་ཁ།  ནི་ཅུ་ལ།  བཀྲ་ཤིས་ལྡིང་།  གཙང་ཁ།  བཙན་མདའ་སྒང་།
བརྩེ་ཟ།
མགར་ས་རྫོང་ཁག   འབྲུག་གི་འབྲོག་པའི་རྫོང་ཁག་ཞིག  རྫོང་ཁའི་སྐད་དུ་འབྲོག་པ་ལ་བོད་ཀྱི་བརྡ་རྙིང་འབྱོག་པ་ཟེར།
མགར་ས་རྫོང་གི་རྒེད་འོག་ལ།  ཁ་སྨད།  ཁ་སྟོད།  ལ་ཡ།  ལུང་ནག་ན།

ཧཱ་རྫོང་ཁག  ཧཱ་ཡིག་ནི་བོད་ཡིག་བརྡ་རྙིང་ཧས་ལས་འགྱུར་བ་ཡིན་ལ། ཧས་ས་མིང་དུ་འཇུག་པ་དཔེར་ན་བསམ་ཡས་ཧས་པོ་རི་ལྟ་བུ།
ཧཱ་རྫོང་གི་རྒེད་འོག་ལ།     སྦྱིས།  དགའ་སྐྱིད་གླིང་།   སྐར་ཚོགས།  ས་དམར།  གསང་སྦས།  དབུསསུ།

ལྷུན་རྩེ་རྫོང་ཁག   ལྷུན་རྩེ་རྫོང་གི་ཡུལ་མི་ལ་སྔ་ལང་པ་ཞེས་འབོད་དེ།  དེ་ནི་འབྲུག་གི་བསྡོད་མི་ཆེས་སྔ་བ་ཡིན་ཏེ།  དུས་རབས་དྲུག་པའི་ནང་གི་བོད་ཀྱི་མེས་པོ་ཚོ་གནས་དེ་རི་སྤོས་ནས་འཚོ་བསྡོད་བྱས་པ་དང་དེ་ལས་འབྲུག་གི་མི་རྒྱུད་འཕེལ་བ་ཡིན།
ལྷུན་རྩེ་རྫོང་གི་རྒེད་འོག་ལ།     སྒང་ཟུར།  མཁོ་མ།  རྒྱ་རས།  ཀུར་སྟོད།  སྨན་སྦིས།  སྨད་ཚོ།  སྨིན་རྒྱས།  བཙན་མཁར།

མོང་སྒར་རྫོང་ཁག མོང་ནི་མོང་བཟའ་ཁྲི་ལྕམ་འཁྲུངས་མྱོང་བའི་གནའ་བོའི་རུས་ཞིག
མོང་སྒར་རྫོང་གི་རྒེད་འོག་ལ། བ་ལམ། ཨ་གླིང་། ལྕགས་ས་མཁར། དགྲ་མེད་རྩེ། འབྲས་སྤུངས། དགོངས་འདུས། འགྱུར་མེད། སྐྱེངས་མཁར། མོང་སྒར། ན་རང་། སྔ་ཚང་། ས་གླིང་། ཤེར་མུ་ཧཱུཾ། སི་ལམ་སྦི། ཐང་རོང་། ཙ་ཀ་གླིང་།
རྩ་མང་།

སྤ་རོ་རྫོང་ཁག འབྲུག་གི་རྒྱལ་སྤྱིའི་གནམ་ཐང་ཡོད་ས། སྤ་གྲོ་རྫོང་ཞེས་འབྲི་བ་ཡང་ཡོད་དེ་དེ་རུ་གནས་གྲགས་ཅན་སྤ་གྲོ་སྟག་ཚང་ཡོད།
སྤ་རོ་རྫོང་ཁག་གི་རྒེད་འོག་ལ། རྡོ་དཀར། རྡོབ་ཤར་རི། རྡོ་སྟེང་། ཧཱུཾ་རལ། ལམ་གོང་། ལུང་གཉིས། ན་རྒྱ། ཤར་པ། བཙན་ཏོ། ཝང་ལྕང་།

པད་མ་དགའ་ཚལ་རྫོང་ཁག ཡུལ་འདིར་བོད་ཀྱི་བརྡ་རྙིང་མ་མཉམ་པར་གནས་ཡོད་པ་དང་མོན་གྱི་རིགས་རྒྱུད་ཡིན།
པད་མ་དགའ་ཚལ་གྱི་རྒེད་འོག་ལ། ཕྱི་མུང་། ཆོས་འཁོར་གླིང་། ལྕོང་ཤིང་། བདེ་ཆེན་གླིང་། གདུང་སྨན། མཁར། ན་ནོང་། ནོར་བུ། སྒང་། ཤུ་མར། ཡུ་རུང་། བཟོ་སྦལ།

སྤུ་ན་ཁ་རྫོང་ཁག མིང་གི་འབྱུང་ཁུངས་ནི་དཔལ་ནང་བདེ་ཆེན་ཕོ་བྲང་རྫོང་ཡིན་ཏེ། འབྲུག་རྒྱལ་རྒྱུད་ཀྱི་ཕ་ཡུལ་དང་རྒྱལ་ས་རྙིང་བ་ཡིན།
སྤུ་ན་ཁ་རྫོང་གི་རྒེད་འོག་ལ། བར་པ། ཆུ་སྦུག འཅོམས་མི། དགོམ་ཤ་རི། གུ་མ། དཀར་སྦི་ས། གླིང་མུ་ཁ། ཤེལ་རྔ་སྦྱེ་མི། རྟ་ལོག སྟོད་པའི་ས། སྟོང་ཝང་།

བསམ་གྲུབ་ལྗོམས་མཁར་རྫོང་ཁག འབྲུག་གི་སྲུང་སྐྱོབ་ས་ཁུལ་ཆེ་ཤོས་དེ་ཡོད་ས།
བསམ་གྲུབ་ལྗོངས་མཁར་གྱི་རྒེད་འོག་ལ། དབེ་བ་ཐང་། སྒམ་དར། གླང་ཅན་ཕུ། ལའུ་རི། མར་ཚྭ་ལ། ཨོ་རོང་། པད་མ་ཐང་། ཕུན་ཚོགས་ཐང་། བསམ་རང་། གསེར་ཐིག ཝང་ཕུག

བསམ་རྩེ་རྫོང་ཁག རྫོང་འདིར་མི་གྲངས་༢༣༠༠ཙམ་ཡོད་པའི་ཚོ་བ་ཆུང་ཆུང་ཞིག་ཡོད་པར་རྫོང་ཁའི་སྐད་དུ་ལོ་པ་ཞེས་འབོད་ལ། ལོ་པ་ནི་རོང་བའི་དོན་ཡིན་ལ། ཚོ་བ་འདི་དེ་བཞིན་འབྲས་ལྗོངས། རྒྱ་གར། བལ་ཡུལ་སོགས་ལ་ཡོད་ཅིང་། དེ་ཚོ་བོད་སིལ་བའི་སྐབས་དབུས་ཕྱོགས་ནས་འདིར་བྱོལ་བ་ཡིན་པ་བརྗོད་ཀྱིན་ཡོད།
བསམ་རྩེ་རྫོང་གི་རྒེད་འོག་ལ། གདུང་སྟོད། རྡོ་ཕུག་ཅན། བདུམ་ཅུ་ཁ། རྣམ་རྒྱས་སྒང་། ནོར་རྒྱས་སྒང་། པད་མ་གླིང་། ཕུན་ཚོགས་དབལ་རི། བསམ་རྩེ། གསང་སྔགས་ཆོས་གླིང་། རྟ་སྡིང་། བཀྲ་ཤིས་ཆོས་གླིང་། བསྟང་འབྲུག ཨོ་རྒྱན་རྩེ། འོད་གསལ་རྩེ།

གསར་སྤང་རྫོང་ཁག རྫོང་འདིར་བལ་བོའི་མི་རྒྱུད་ཡིན་པ་མང་པོ་ཡོད་པ་དང་། ལྷོ་བའི་ཚོ་བ་ཆུང་ཁག་འགའ་ཡང་ཡོད།
གསར་སྤང་རྫོང་གི་རྒེད་འོག་ལ། ཆུ་འཛག་སྒང་། ཆུ་འཛོམས། བདེ་སྐྱིད་གླིང་། དགེ་ལེགས་ཕུ། འཇིགས་མེད་ཆོས་གླིང་། བསམ་གཏན་གླིང་། སེང་གེ གསེར་གཞོང་། ཤོམ་སྤང་ཁ། རྟ་རས་ཐང་། ཨུམ་གླིང་།

བཀྲ་ཤིས་སྒང་རྫོང་ཁག ཡུལ་འདིར་གཙོ་བོ་ཤར་ཕྱོགས་པ་འཚོ་གནས་བྱས་ཡོད་པ་དང་། ཁོ་ཚོའི་མེས་པོ་ནི་བོད་སྔ་ལོང་པ་དང་འབར་མ་བ་ཡིན།
བཀྲ་ཤིས་སྒང་རྫོང་གི་རྒེད་འོག་ལ། བར་མཚམས། སྦིས་གདུང་། བཀང་ལུང་། རྐང་པར། ཁ་གླིང་། ཀླུ་མང་། མེ་རག ཕོངས་མེད། ར་དི། སག་སྟེང་། བསམ་མཁར། ཤོང་ཕུག ཁྲིམས་ཤིང་། ཨུ་མཛོ་རོང་། ཡངས་ཉེར།

བཀྲ་ཤིས་གཡང་རྩེ་རྫོང་ཁག རྫོང་འདིར་རྫོང་ཁའི་ཡུལ་སྐད་མི་སྨྲ་བར། བོད་སྐད་ཀྱི་ཁུངས་གཏོགས་ལུང་སྐད་རྫ་ལ་སྐད་དང་། རྩ་མང་སྐད།
ཤར་ཕྱོགས་པའི་ལུང་སྐད་སྤྱོད་པ་ཡིན།
བཀྲ་ཤིས་གཡང་རྩེ་རྫོང་གི་རྒེད་འོག་ལ། བུམ་སྡེ་གླིང་། འཇམ་མཁར། ཁམས་དྭངས། རམ་སྦྱར། སྟོད་མཚོ། སྟོང་མི་གཞང་ས། ཡ་ལང་།
གཡང་རྩེ་སོགས་ཡོད།

ཀྲོང་གསར་རྫོང་ཁག ཀྲོང་ནི་གྲོང་གི་སྒྲ་གཟུགས་འགྱུར་བ་ཡིན། རྫོང་འདིར་ལུང་སྐད་མི་འདྲ་ཁག་བདུན་ཡོད།
ཀྲོང་གསར་རྫོང་གི་རྒེདའོག་ལ། བྲག་སྟེང་། སྐོར་ཕུག གླང་མཐིལ། ནུ་སྦིས། སྟང་སི་སྦྱིས།

རྩི་རང་རྫོང་ཁག རྫོང་འདིར་བལ་བོའི་སྐད་སྨྲ་བ་འབོར་ཆེན་ཡོད་པ་དང་། ལྷོ་མཚམས་པ་ཟེར་བའི་ལུང་སྐད་སྨྲ་མཁན་ཡང་ཉུང་ཤས་ཡོད།
རྩི་རང་རྫོང་གི་རྒེད་འོག་ལ། བར་གཤོང་། དུང་ལ་སྒང་། དཀྱིལ་འཁོར་ཐང་། སྒོ་གསར་གླིང་། མནྜལ་སྒང་། པ་ཚ་གླིང་། སྤུང་རྟེན་ཆུ།
རང་ཐང་གླིང་། སེམས་ལྗོངས། གསེར་གྱི་ཐང་། མཚོ་གླིང་མཁར། རྩི་རང་སྟོད།

དབང་འདུས་ཕོ་བྲང་རྫོང་ཁག དབང་འདུས་ཕོ་བྲང་ནི་༡༦༣༨ལོར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་བཞེངས་བ་ཡིན། མོན་པའི་ཚོ་བ་ཁ་ཤས་རྫོང་འདིར་འཚོ་གནས་བྱས་ཡོད་ལ་ཁོ་ཚོས་མོན་རི་ནག་གི་སྐད་ཟེར་བ་ཞིག་སྤྱོད་ཀྱིན་ཡོད།
དབང་འདུས་ཕོ་བྲང་རྫོང་ཁག་གི་རྒེད་འོག་ལ། ཨ་ཐང་། སྦྱེད་ནག དར་དཀར། དྭངས་ཆུ། སྒང་སྟེང་། དགའ་སེང་ཚོ་གོང་མ། དགའ་སེང་ཚོ་འོག་མ། ཀ་གཞི། ན་ཧི། ཉི་ཤོག ཕངས་ཡུལ། ཕོབ་སྦྱིས། རུས་སྦིས་ས། སྲས་ཕུག ཐེད་ཚོ།

གཞམ་སྒང་རྫོང་ཁག རྒྱ་གར་ལས་ཁ་བྲལ་འདོད་པའི་ཨཱ་སམ་བཅིང་གྲོལ་མཐུན་ཚོགས་ཀྱིས་གཞམ་སྒང་རྫོང་གི་ནགས་ཚལ་དག་རྟེན་གཞི་བྱས་ནས་རྒྱ་གར་ལ་འཇབ་དམག་འགྱེད་པ་ཡིན་པས། ༢༠༠༣ལོར་འབྲུག་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་གིས་འབྲུག་དམག་བཀོད་ནས་འཇིགས་སྐུལ་རིང་ལུགས་པ་དེ་དག་མཐར་སྤྲོད་གཙང་སེལ་བྱས།
གཞམ་སྒང་རྫོང་གི་རྒེད་འོག་ལ། བར་རྡོ། འབྱོག་ཀ སྒོ་ཤིང་། ནང་སྐོར། ངང་ལ། ཕང་མཁར། ཤིང་མཁར། ཀྲོང་།