རྩོམ་པ་པོ། ༼བེེཌྰུརྱ༽

བེེཌྰུརྱ།སློབ་གླིང་སྙན་ངག་པ།༢༠༡༣ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཁོའི་སྙན་དེབ་ཐོག་མ་༼འོད་དང་གྲིབ་མ༽་པར་དུ་བཏབ།ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་དུ་བོད་ཀྱི་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལ་སློབ་གཉེར་བྱ་བཞིན་ཡོད།

བཀའ་བརྒྱུད་ཕྱག་རྒྱ་ཆེན་མོ་རྒྱ་ནག་ཧྭ་ཤང་གི་ལུགས་སུ་སྨྲ་བའི་ལོག་སྨྲའི་ཚིང་ཚིང་སྲེག་པའི་མེ་སྤུངས། བཻཌཱུརྱ།

 དེ་ཡང་ཁ་ཅིག་གིས། རྒྱ་ནག་མཁན་པོའི་གཞུང་ལུགས་ཀྱི།། ཡི་གེ་ཙམ་ལ་བརྟེན་ནས་ཀྱང་།། དེ་ཡི་མིང་འདོགས་གསང་ནས་ནི།། ཕྱག་རྒྱ་ཆེན་པོར་མིང་བསྒྱུར་ནས།། ད་ལྟའི་ཕྱག་རྒྱ་ཆེན་པོ་ནི།། ཕལ་ཆེར་རྒྱ་ནག་ཆོས་ལུགས་ཡིན།། ཞེས་པ་སོགས་ལ་གཞི་བཅོལ་ནས་ཕྱག་ཆེན་འདི་ཧྭ་ཤང་གི་ལུགས་ཡིན་པར་སྨྲ་བ་ནི་རང་གི་ཞེ་འདོད་སྒྲུབ་… ཞིབ་ཏུ་ཀློག →

དཔལ་དོན་གྲུབ་རྒྱལ་གྱི་འདྲ་པར་བདག་དབང་གླེང་བ།

ཉེ་ལམ་དཔལ་དོན་གྲུབ་རྒྱལ་གྱི་སྐུ་པར་ལ་འདོགས་ར་བྱས་ནས་དམག་ལ་བསྐོན་པ་དེ་ནི་བསམ་བློའི་ནང་བོད་མིའི་རིག་གནས་ཀྱི་རྣམ་གཞག་ཏིལ་ཙམ་ཡང་མེད་པའི་འུར་ཟིང་དང་མཁས་གྲགས་དོན་གཉེར་གྱིས་རང་ཉིད་ཀྱི་མི་གཞི་དང་ཀུན་སྤྱོད་ཀྱི་གནད་དོན་ལྷང་ལ་བུད་པ་ལས་གཞན་ཅི་ཡང་མ་རེད། གལ་ཏེ་ཁྱེད་ཀྱིས་དཔལ་དོན་གྲུབ་རྒྱལ་ལ་གདེ… ཞིབ་ཏུ་ཀློག →

ཉི་མ་བླ་བྲང་གསེར་འོད་ཆེམ་ཆེམ་འཕྲོ།

ད་ལོའི་གུང་གསེང་སྐབས་སུ་ང་རང་བླ་བྲང་ལ་སློབ་གཉེར་དུ་འགྲོ་ཁུལ་བྱས་པ་ཡིན། བླ་བྲང་དུ་གྲོགས་པོ་འགའི་རོགས་རམ་ལ་བརྟེན་ནས་ཁང་རིན་སླ་མོ་ཅན་ཞིག་གླས་ནས་ཉིན་མ་གཏོང་ཐབས་ཙམ་བྱས་པའི་རིང་ལ་ངེས་དོན་གྱི་དགེ་བའི་བཤེས་གཉེན་རེ་གཉིས་ལའང་བསྟེན་པའི་བསྐལ་བ་ཡག་པོ་བྱུང་། བཤེས་གཉེན་ཆེན་པོ་དེ་དག་བསྟེན་པར་སློ… ཞིབ་ཏུ་ཀློག →

ཡང་སྙིང་ང་ཚོས་ཅི་ཞིག་འཚོལ་བཞིན་ཡོད།

—སློབ་ཆེན་པ་ཞིག་གི་ཕྱིར་རྟོག བཻཌཱུརྱ།(ཀན་ལྷོ) མི་ལོ་བཅུ་དྲུག་རིང་གི་སློབ་གཉེར་གྱི་རྐང་རྗེས་ལ་ཕྱིར་མིག་ཅིག་གློད་ན་ཁོ་བོས་ད་དུང་ཡང་རང་ཉིད་ཀྱིས་དོན་ངོ་མར་ཅི་ཞིག་འཚོལ་བཞིན་པ་དང་གང་ཞིག་དོན་དུ་གཉེར་བཞིན་པ་གསལ་བོར་ངེས་ཀྱིན་མེད་པའི་རབ་རིབ་ཀྱི་སྣང་ཚུལ་འདི་ཉིད་ནི་ཕྲན་ཁོ་ན་ཙམ་མ་ཡིན་པར… ཞིབ་ཏུ་ཀློག →

དགུ་འགྱུར་སེམས་ཀྱི་མདུད་པ།

བཻཌཱུརྱ།༼ཀན་ལྷོ༽ ༡ དུས་རབས་ཉེར་གཅིག་པའི་ནང་བ་ཞིག་ཇི་ལྟར་ཆགས་ཐུབ་པར་བསམ་པ་གློད་ཞོར།༼ཀུན་བཟང་བླ་མའི་ཞལ་ལུང༽གི་ལས་རྒྱུ་འབྲས་ཀྱི་སྐོར་ལ་བསྐྱར་དུ་ཐེངས་གཅིག་བལྟས་རྗེས།བྱ་དངོས་གང་ལ་བསམ་གཞིག་གཏོང་སྐབས་དེའི་སྟེང་དུ་ཡོད་པའི་བརྩེ་བ་དང་དུང་བ་ཡོད་ཚད་ཟུར་དུ་བཞག་ནས་གཞི་དངོས་པོའི་ཆོས་ཉིད་ལ་བསམ་བ… ཞིབ་ཏུ་ཀློག →

རང་སྲོག་གཅོད་དོན

བཻཌཱུརྱ། ༼ཀན་ལྷོ༽ སེར་ཐིང་ཐིང་གི་རྨི་ལམ་འདི་ལྷུང་ལ་ཉེ་ཨང འཆི་བའང་སྡོམ་སྐུད་ལྟར་ཕྱོགས་གཉིས་སུ་འཐེན་ནས སྣེ་གཅིག་ཡུམ་ཆེན་གྱི་སྤྱན་ཀོང་ལ་སིམ་ཞིང སྣེ་གཅིག་སྟོན་རླུང་ཁྲོད་ཀྱི་སྡོང་ལོ་ལ་བཏགས་ཡོད དངུལ་ལོར་དེ་དག་ཀྱང་རླུང་བུས་ཁུར་རྗེས འདབ་ཆགས་ཀྱི་གཤོག་སྒྲོའང་པོ་ཏཱ་ལའི་གྱང་ཤུལ་ཉར་བྱེད་ཀྱི་ཕ… ཞིབ་ཏུ་ཀློག →

རྔ་བའི་བུ་མོ།

བེེཌཱུརྱ།༼ཀན་ལྷོ༽ བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་ཡིད་འཕྲོག་མ།། བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་ལ་རྒྱ་ཅན།། བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་སྙིང་སྟོབས་ཅན།། བོད་མོ་ཟེར་ན་འདི་འདྲ་ཡིན་དགོས་རྔ་བའི་བུ་མོ་འགན་འཁྲི་ཅན།། བོད་རིགས་བུ་མོའི་ཁྱད་ཆོས་ཡོད་རྒུ་རྔ… ཞིབ་ཏུ་ཀློག →

ཀན་སུའུ་དགེ་འོས་ཚང་ལ་ལྟད་མོ་ལྟོས།

ཀན་སུའུ་དགེ་འོས་ཚང་གི་བརྩེ་དུང་། བེེཌྰུརྱ།༼ཀན་ལྷོ༽ བརྩེ་བར་ཉིན་མཚན་དབྱེ་བ་འབྱེད་རྒྱུ་མེད།། ཀན་སུའུ་དགེ་འོས་ཚང་ལ་ལྷག་ཏུ་མེད།། ཉིན་མོར་ར་སྐོར་ནང་ན་མཆུ་སྦྱོར་ཞིང་།། མཚན་མོར་དམར་འཁྱུད་སྣང་བརྙན་དེ་ལས་མང་།། གཞུང་ལུགས་འབུམ་ཕྲག་རྩིག་སའི་མཛོད་ཁང་ན།། ཕོ་མོས་བརྩེ་དུང་བདུད་རྩི་ཆང་ལ་རོལ།། ཡོན… ཞིབ་ཏུ་ཀློག →

བེེཌྰུརྱའི་དྲུག་མགུར།

 བསླུ་བྲིད།       ༼འོད་དང་གྲིབ་མ༽ལས་བཤུས། བསླུ་བྲིད་ཅེས་པ་དྲང་མོར་སྨྲས་ན་དཔྱོད་ཤེས་མེད་པའི་མཛེས་མ་ཞིག། བསླུ་བྲིད་ཅེས་པ་ཞིབ་ཏུ་བསམ་ན་མངར་ཆས་བཏུམས་པའི་འགད་རྫས་ཤིག། བསླུ་བྲིད་ཅེས་པ་ནན་གྱིས་དཔྱད་ན་རང་གིས་ཉོས་པའི་ཆག་སྒོ་ཅིག། བསླུ་བྲིད་ཅེས་པ་འཚོལ་དུ་མི་དགོས་སྣང་བར་རྒྱུ་བའི་རླུང་བུ་ཞིག།… ཞིབ་ཏུ་ཀློག →

བེེཌྰུརྱའི་བཅད་རྩོམ་ཁག་ལྔ།

བེེཌྰུརྱ༼ཀན་ལྷོ༽ ལྷ་སའི་བདེ་སྐྱིད་ག་རེ་ཕེབས་ཀི་ཡིན། དབྱངས་རྟ་སྙན་མོའི་འགྱུར་ཁུག་དེ་ཡིས་གཏིང་གི་རྣམ་ཤེས་མྱོས་པར་བྱེད།། མི་ལོ་སྟོང་གི་འགྱུར་རྡོ་དེ་ཡིས་སྣང་བའི་རི་མོ་མཁའ་ལ་གཏད།། དོ་དགོང་རྒྱུ་བའི་སྒྲོལ་མ་ཁྱེད་ཉིད་ལེགས་བྲིས་པུར་གྱི་རི་མོ་བཞིན།། སྙིང་ལ་ཟུག་པའི་ཚེར་མ་འདི་ཀོ་མི་འཇིག་གཏན་… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑