རྩོམ་པ་པོ། བྱང་སྐར།

བརྡ་ཆད་ཁ་ཤས་འགྲེལ་བའི་ལམ་ནས་རྒྱུན་ཤེས་ཤིག་ངོ་སྤྲོད་པ། བྱང་སྐར།

—སྲིད་ཀྱི་སྐྱ་ཐིག་ཤིན་ཏུ་རགས་པ་ཞིག  སྤྱི་བོ་གནམ་ལ་བསྟན་པ། འགྲེང་ནས་འགྲོ་བ། སྨྲ་ཤེས་དོན་གོ་བ། ཕོ་མོ་རིས་སུ་མེད་པ་གང་ཞིག་ལ། འཇིག་རྟེན་གྲགས་ཚོད་དུ“མི”ཞེས་འབོད་ཅིང་། སོ་སོའི་མཚན་ཉིད་དེ་འཛིན་པའི་མི་རྣམས་ལ། རང་ཉིད་ཀྱི་ལུས་སྲོག་དང་རང་དབང་དང་རྒྱུ་ནོར་བཅས་ཀྱི་ཐད། ལྟོས་མེད་རང་ཆས་སུ་མངའ་བ། … ཞིབ་ཏུ་ཀློག →

སྡིགས་རྩོམ་འབྲི་བ་ཡག་པོ་ཡོད་དམ་མེད། བྱང་སྐར།

—གྲོགས་ཞོགས་ལྗང་ལ་བགྲོ་གླེང་དུ། སྙིང་ཉེ་བའི་གྲོགས་པོ་ལགས། གུས་པས་སྡིགས་རྩོམ་མམ་སྡིག་རྩོམ་ཟེར་བ་ནི། སུན་འབྱིན་གྱི་མཚན་ཉིད་ཚང་བ་སྟེ། མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་བསལ་ནས། བདེན་པ་གང་ཞིག་འཚོལ་བ་ཁོ་ནར་ཕྱོགས་པའི་དགག་སྒྲུབ་རྩོམ་ཡིག་ཚད་ལྡན་ལ་ཟེར་བ་མིན་ཏེ། འདིར་ཟེར་བ་ནི། ཉེ་བའི་ལོ་… ཞིབ་ཏུ་ཀློག →

སྒྲ་བསྒྱུར་གྱི་ལས་སུ་འཇུག་མཁན་གསར་བུ་རྣམས་ལ་ཟློ་བ། བྱང་སྐར།

ཕྱི་ནང་གི་ཟུར་གང་ཞིག་ནས་བལྟས་རུང་། བོད་ཀྱི་སྐད་ཡིག་དང་རིག་གནས་ལ་མཚོན་ན། ད་ལྟའི་དུས་འདི། རང་གཞན་དགྲར་ལངས། རྐྱེན་ངན་སྣེ་འདོམས། སྙིགས་མ་དྲག་ཏུ་བདོ་བའི་དུས་ངན་ནམ་ངན་ཞིག་ལ་ཁེལ་ཡོད་པ་མིག་ལྡན་ཀུན་ལ་མཐུན་སྣང་ཡིན། དེ་ལྟར་ཡང་རང་ཅག་དགའ་འོས་པ་ཞིག་ནི། རི་གཟར་རྦབ་རྡོ་གྱེན་དུ་བཟློག་པ། ཐུར་འབབ་ཆ… ཞིབ་ཏུ་ཀློག →

སྐད་ཡིག་ནི་བདེ་སྐྱིད་དང་རྩིས་ཐང་གི་བདག་རྐྱེན་ཡིན། བྱང་སྐར།

དབྱངས་གསལ་ཡི་གེ་བྱུང་ཚུལ།  ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན། ཧྥི་ཎི་ཞ1པས་སོ་སོའི་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་གནའ་བོའི་ཨེ་ཇིབ་ཀྱི་རི་མོའི་ཡི་གེར་འགྱུར་བ་བཏང་བ་ལས་གསལ་བྱེད་ཡི་གེ་ཐོག་མ་སྟེ་ཧྥི་ཎི་ཞའི་ཡི་གེ་བྱུང་ཞིང་། རིམ་གྱིས་ཧྥི་ཎི་ཞའི་ཡི་གེ་དེ་ཉིད་འཛམ་གླིང་གི་ཤར་ནུབ་གཉིས་སུ་མཆེད་པ་རེད། … ཞིབ་ཏུ་ཀློག →

ཤེས་ཡོན་དོན་གཉེར་གྱི་རིམ་པ། བྱང་སྐར།

སྔ་མ་སྔ་མའི་ཤེས་རབ་ཀྱི་གསོག་འཇོག་ལ་བརྟེན་ནས་སོ་སོར་ཕན་བདེ་བསྒྲུབ་ཤེས་མཁན་ལ་སྨྲ་ཤེས་དོན་གོ་བའི་མི་མ་གཏོགས་འགྲོ་བ་གཞན་ཞིག་བསྟན་དུ་མེད། དེ་ལྟར་ཡང་། རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བའི་དཔེ་ལྟར། ཤེས་རབ་ཀྱི་བང་མཛོད་བེད་སྤྱོད་མ་ནུས་པས། མ་གཞིར་བློ་རིག་ལྡན་པའི་གང་ཟག་ཅིག་གི་སྐྱེ་བ་བླངས་ཡོད་… ཞིབ་ཏུ་ཀློག →

སྒྲུང་གཏམ་བྲི་བར་ཇི་ལྟར་འཇུག་དགོས། བེའུ་བརྒྱ་ལྷ་མོ་སྐྱབས།

སྒྲུང་གཏམ་བྲི་བར་ཇི་ལྟར་འཇུག་དགོས།   —གཞོན་ནུ་འཇམ་དཔལ་རྡོ་རྗེ་དང་ཅི་བགྲོས་མོལ་བགྲོས། ཁྱེད་སྒྲུང་གཏམ་འབྲི་བར་དགའ་ཚེ། གཟབ་དགོས་ས་ཁ་ཤས་འདུག་སྙམ། དང་པོ། དཔེ་ཀློག་གི་ཐད། བོད་ཡིག་ལ། གེ་སར་སྒྲུང་མང་ཆེ་ཤོས་དང་རྣམ་ཐར་རྟོགས་བརྗོད་མང་ཆེ་ཤོས། ཆོས་འབྱུང་དེབ་ཐེར་མང་ཆེ་ཤོས་བཀླག་ཐུབ་ན་དགའ།… ཞིབ་ཏུ་ཀློག →

རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད། རོ་ཁེ་ཧྥེ་ལེར་གྱིས་བརྩམས། བྱང་སྐར་གྱིས་བསྒྱུར།

ངའི་སྙིང་ཉེ་བའི་བུ་རྗོན་ལ། ང་སེར་སྣ་ཆེ། ངས་ཉམ་ཐག་རྣམས་ལ་ཞལ་འདེབས་མང་ཙམ་སྟེར་མི་བྲ། ཞེས་ང་ལ་བཤུང་གིན་པའི་གསར་འགྱུར་དེ་ངས་རིག་ཡོད། དེར་སྣང་དོགས་མེད། ཕུགས་མི་རྟོགས་པའི་གསར་འགོད་པ་དེ་དག་གི་ཁ་འཛིང་བཟེད་པ་ད་རེས་ཙམ་མིན་གཤིས། ཁོ་པ་ཚོའི་རྨོངས་ཚོད་དང་ཨུ་ཚུགས་ལ་ང་ནི་སྔར་ནས་དྲེད་ཡོད། དེ་ཚོས་… ཞིབ་ཏུ་ཀློག →

དགོན་སྡེའི་བདག་སྐྱོང་ལམ་ལུགས་བཅོས་བསྒྱུར་ཐད་བཏོན་པའི་གྲོས་འགོ – བྱང་སྐར།

—སྤྲུལ་སྐུས་གཙོས་པའི་སེར་མོའི་སྤྱི་ཚོགས་ལེགས་ལམ་དུ་འགོད་རྒྱུ་ནི་བོད་སྤྱི་ཚོགས་ལེགས་ལམ་དུ་འཇུག་པའི་གནད་འགག་གཅིག་ཡིན། ང་ཚོའི་ད་ལྟའི་གནས་སྟངས་ནི་འདི་འདྲ་ཞིག་རེད། བོད་མི་མང་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མི་ལྡན་པའི་སྤྲུལ་སྐུའི་མིང་ཅན་དག་གི་དབང་དུ་གྱུར་པ། དགོན་སྡེ་ཆོས་སྡེ་མང་དག… ཞིབ་ཏུ་ཀློག →

སྒྲུང་གཉིས་དང་གནས་ལུགས་གཅིག བྱང་སྐར་གྱིས་བསྒྱུར།

ཨུ་རུ་སུའི་རྩོམ་རིག་མཁན་པོ་ལེབ-ཋོལ་སི་ཊོ་འེས་སྒྲུང་ཞིག་བཤད་པ་འདི་ལྟར། སྔ་མོ་ཞིག་ལ། དྲེད་ཕྲུག་གཉིས་ཡོད༑ ཉིན་ཞིག ཁོ་གཉིས་ལ་བག་ལེབ་གཅིག་རག་བྱུང༑ དེ་ཇི་ལྟར་དྲང་སྙོམ་གྱིས་བགོ་དགོས་མ་ཤེས་པར་སྡོད་སྐབས་ཝ་མོ་ཞིག་སླེབས་བྱུང༑ ཝ་མོ་ན་རེ། ངས་ཁྱོད་གཉིས་ལ་བགོ་རོགས་བྱེད་ཨཱ༑ ཞེས་བཤད༑ དེ་ནས་ཝ་མོས་… ཞིབ་ཏུ་ཀློག →

འདི་ལ་གཟབ་པར་འཚལ། བྱང་སྐར།

ཉེ་བའི་ཆར། ནུབ་ཕྱོགས་ཀྱི་ཆབ་སྲིད་རིག་པའི་བསྟན་བཅོས་རེ་ཟུང་བོད་འགྱུར་བྱུང་དང་འབྱུང་གི་ཡོད་པ་ནི། སྤྱི་ལྡོག་ནས་བཤད་ན་དགའ་འོས་པའི་གནས་ཤིག་ལོས་ཡིན༑ དེ་ལྟར་ཡང་། འཇིག་རྟེན་མིག་ཏུ་བསྔགས་པའི་ལོ་ཙཱ་བ་དག་གིས་བསྒྱུར་བྱའི་བརྩམས་ཆོས་གང་ཞིག་འདེམས་སྐབས་གཟབ་གཟབ་གནང་གལ་ཅི་བས་ཆེ་སྙམ༑ གང་ཡིན་ཞེ་ན། བ… ཞིབ་ཏུ་ཀློག →

ཁེ་པ་ཞིག་གི་རྩིས་ཐང་། བྱང་སྐར་གྱིས་བསྒྱུར།

མིང་ལ་ཀར་ལོ་སེ་ཟེར་བའི་ཨ་རི་པ་ཞིག་ཚེ་ལས་འདས་སོང༑ འཇིག་རྟེན་དཀར་ངོགས་ན་ཡོད་དུས་སུ། ཁོ་ནི་རྒྱུ་སྟོབས་ཆེ་བའི་ཕྱུག་པོ་ཞིག་མ་རེད་ལ། དབང་ཤུགས་ཆེ་བའི་སྲིད་དོན་པ་ཞིག་ཀྱང་མ་རེད༑ ཁོ་ནི་རྒྱ་ནག་གི་གྲོང་ཁྱེར་གང་རུང་ན་མཐོང་དུ་ཡོད་པའི་ཞོགས་ཟས་བག་ལེབ་བཙོང་བའམ། ཡང་ན་ཞོགས་ཟས་སྣུམ་ལྕུག་བཙོང་བའི་ཐང་… ཞིབ་ཏུ་ཀློག →

ལམ་ལུགས་ཡག་པོ་ཞིག་གི་ཕན་ཡོན། བྱང་སྐར་གྱིས་བསྒྱུར།

བརྒྱ་ལོ17པ་དང18པར་དབྱིན་ཇིས་རྒྱང་འཕུད་བཏང་བའི་ཉེས་ཅན་ཨོ་སི་ཐྲ་ལི་ཡ་གླིང་དུ་དབོར་གྱི་ཡོད་ཅིང་། དབྱིན་གཞུང་གིས་གྲུ་ལ་ཞུགས་པའི་ཉེས་ཅན་གྱི་ཁ་གྲངས་ལྟར་གྲུའི་བདག་པོར་རྡལ་གླ་སྤྲོད་ཀྱི་ཡོད༑ རྡལ་གླ་སྔོན་ཚུད་ནས་སྤྲོད་པའི་འགྲོ་སྟངས་དེས། གྲུ་བདག་ཚོ་ཚོང་ཁེ་ཧབ་ཐོབ་ལ་མགོ་འཁོར་ཏེ་ཉེས་ཅན་གྱི་ཤི་ག… ཞིབ་ཏུ་ཀློག →

ཁ་ཚ་དགོས་གཏུགས་ཀྱི་འབོད་སྐུལ།

བོད་པའི་ལུགས་སྲོལ་ངན་པ་སོགས་ཀྱིས་རྐྱེན་བྱས་ཏེ། ད་ལྟའི་དུས་འདིར་བོད་ལ་ཨེ་ཛི་ནད་ཡམས་ཀྱི་ཉེན་ཁ་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ཇེ་ཆེར་འགྲོ་བཞིན་ཡོད་པས། ཁྱེད་དང་ཁྱེད་ཀྱི་ནང་མི་དང་སྐད་འཕྲིན་སྟེང་གི་གྲོགས་པོ་ཚང་མས་ངེས་པར་འདི་ལ་ཉན་ནས་ཡོངས་སུ་ཤེས་པར་བྱས་ན། ད་གཟོད་ནད་ངན་དེ་འགོས་སོང་ཚེ་ད་ལྟའི་དུས་… ཞིབ་ཏུ་ཀློག →

ཡ་ཧུ་དཱ་པའི་དབུལ་སེལ། རྩོམ་པ་པོ། ཡན་ཞའོ། བྱང་སྐར་གྱིས་བསྒྱུར།

         དེང་སང་ས་སྒང་རིལ་པོ་འདིར་འཚོ་ཞིང་གཞེས་པའི་ཡ་ཧུ་དཱ་པ་བྱེ་བ་གཉིས་དང་ས་ཡ་དྲུག་པོ་ཚང་མ་ཕྱུག་པོ་གཏེར་བདག་མིན་ན་ཡང་། ཁ་མ་སོས་རྒྱབ་མ་དྲོས། གང་སར་འཁྱམ་ཉུལ་གྱིས་སྤྲང་སློང་གི་འཚོ་བ་འཕྱིད་མཁན་ཡ་ཧུ་དཱ་པ་ཞིག་སུས་ཀྱང་མཐོང་རེ་སྐན། ཁྱོད་ནི་ཡ་ཧུ་དཱ་པ་ཞིག་ཡིན་ཞིང་ལག་ཏུ་དངུལ་སྐར་ལི་གང་མེད་… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑