རྩོམ་པ་པོ། ཁྲི་སེམས་དཔའ།

ཟིན་བྲིས་འདིར་ཁོ་བོས་སྒྲུང་གཏམ་རྐྱང་རྐྱང་ལས་དགོད་རྒྱུ་མིན་པས།སྒྲུང་གཏམ་ལ་མོས་མཁན་དག་གིས་བསམ་འཆར་ལྷུག་རྩོལ་ཡོད་པ་ཞུ།

ལུང་པ་ཁ་བྱང་ལྟའི་ནང་གི་ང་རོ། ཁྲི་སེམས་དཔའ།

  ཉི་འོད་མཐོང་ཕྱིར་ང་རང་འཇིག་རྟེན་དུ་ཡོང་བ་ཡིན། ——པལ་མོན་ཐི། ​ ཉི་མ་དུས་ལྟར་ནམ་མཁའི་མཐོངས་སུ་འཕགས་ནའང་། ཉི་འོད་དུས་ལྟར་ས་གཞིའི་ངོས་སུ་འཕྲོས་ནའང་། ཡིད་དུ་འོང་ཞིང་ངོ་མཚར་བ་དང་། མཛེས་སྡུག་འབུམ་གྱིས་ཕྱུག་པའི་ལྟད་མོ་དེ་དག་ང་ཚོ་དང་ལས་འཕྲོ་ཡེ་ནས་ཡོད་མི་སྲིད། རྒྱུ་མཚན་ནི་ང་ཚོ་ལུང་པ་… ཞིབ་ཏུ་ཀློག →

མི་ཡི་ཐ་མ་བསོད་ནམས་འབག་བཙོག (སྒྲུང་ཐུང)

ཁྲི་སེམས་དཔའ། བསོད་ནམས་འབག་བཙོག་གིས་འཕྲུལ་རྟའི་གཞུག་ལ་ཤལ1དྲུད་དེ་ཞིང་ལ་ཤལ་བརྒྱབ་པའི་གནས་ཚུལ་དེ། གྲོ་ཞིང་ཁ་མ་ཟད་སྡེ་ཡར་ནང་མར་ནང་ཀུན་ལ་གྲགས་སོང་། ཡིན་ནའང། དེ་ནི་རྗེས་ཀྱི་གཏམ་རྒྱུད་རེད། བསོད་ནམས་འབག་བཙོག་ད་དུང་བསོད་ནམས་འབག་བཙོག་མིན་དུས། ང་རང་གྲོ་ཞིང་ཁ་སློབ་ཆུང་གི་སྒོ་ཐེམ་སྤོས་རུང་ཡི… ཞིབ་ཏུ་ཀློག →

མཐའ་མཇུག་གི་རི་དྭགས་པ།

ཁྲི་སེམས་དཔའ། ཤར་རིའི་རྩེ་རུ་གསེར་མདོག་གི་ཉི་མ་དལ་བུར་འཕགས་མགོ་བརྩམས་བྱུང——རི་དྭགས་པ※འབར་ཚག་གིས་གནའ་ལྤགས་ཀྱིས་བཟོས་པའི་རྩག་ཐུང་རྙིང་ཧྲུལ་རྒྱབ་ཏུ་གོན་ཞིང་ལོ་མང་པོར་ལག་ཏུ་མ་བཟུང་བའི་པི་ར་རྭ་རིང་དེ་ཕྲག་ཏུ་ཁུར་ནས་མཐོ་ལ་བརྗིད་པའི་རི་བོ་དེ་བསྙེགས་ནས་སོང་།

དཀར་ཁུང་།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་རང་མལ་ཁྲིའི་སྟེང་དུ་ཁ་གནམ་ལ་འཁོར་ཏེ་ཉལ་ནས་བསྡད་པ་ཡིན།དབྱར་གྱི་ནམ་ཟླ་ཤིན་ཏུ་དྲོ་བས་ང་ རང་ལ་གཉིད་ཁུགས་ཐབས་བྲལ།ངས་རང་གི་ལུས་སྟེང་དུ་བཀབ་ཡོད་པའི་མལ་ཐུལ་བཤུས་ནས་ལོགས་སུ་བཞག་པ་ན།གཅེར་རྗེན་དུ་བུད་པའི་ལུས་པོར་སྔ་ན་མེད་པའི་བདེ་ཚོར་ཞིག་སྐྱེས། གློག་འོད་ཀྱི་རམ་འདེགས་… ཞིབ་ཏུ་ཀློག →

2010ལོའི་གསར་འགྱུར།

སྒོ་མེ་ཚེ་རིང་བཀྲ་ཤིས། ( ཟི་ལིང) བཀྲ་ཤིས་ཤི་སོང་། བཀྲ་ཤིས་སྤྱི་ལོ2010ལོའི་ཟླ6པའི་ཚེས15ཉིན་ཤི་སོང་། བཀྲ་ཤིས་ཀྱི་འདས་དོན་ནི་ཞིང་ཆེན་ཡོངས་ཀྱི་ལོ་དེའི་ཆེས་གལ་ཆེ་བའི་གསར་འགྱུར་དུ་གྱུར། འཇིག་རྟེན་དུ་ཚེ་སྲོག་ལས་རྩ་ཆེ་བ་དང་རིན་པོ་ཆེ་ཞིག་མེད་པས། མི་ཞིག་གི་ཚེ་སྲོག་གི་རིན་ཐང་ལ་དམའ་ཕབ་པ་ནི་ཤ… ཞིབ་ཏུ་ཀློག →

ཡུལ་ཚོར་བྱུང་བའི་དོན་རྐྱེན།

སྒོ་མེ་ཚེ་རིང་བཀྲ་ཤིས། ཡུལ་ཚོ་འདིར་མི་ཆ་མེད་ཅིག་བསླེབས་པ་ཐོག་མར་ཚོར་མཁན་ནི། ཨ་ཡེ་སྒྲོལ་མ་མིན་པར་མགར་པ་རྡོ་རྗེ་རེད། མགར་པ་རྡོ་རྗེ་མལ་ལས་ལངས་རྗེས། དུས་རྒྱུན་ལྟར་ཐབ་ཁུང་ནང་གི་ཐལ་རྣམས་སྒོར་བཏོན་ཏེ་ལྕགས་གཞོང་དུ་བཅུས་ཤིང་། དེ་ནས་ལྕགས་གཞོང་བཟུང་ནས་ཡུལ་ཚོའི་ལོགས་སུ་ཐལ་འཕོ་རུ་ཕྱིན། འབའ་འབ… ཞིབ་ཏུ་ཀློག →

བཀྲ་ཤིས་ཞེས་པའི་ཁྱི་རྒན་ཞིག་རྗེས་སུ་དྲན་པ།

བཀྲ་ཤིས་ནི་ཁྱི་རྒན་ཞིག་གི་མིང་ཡིན། སྒྲོལ་མ་ནི་རྨོ་མོ་ཞིག་གི་མིང་ཡིན། ཁྱི་རྒན་བཀྲ་ཤིས་ཤི་ནས་ལོ་མང་འགོར་ཟིན་ལ། རྨོ་མོ་སྒྲོལ་མའང་ཤི་ནས་ལོ་མང་འགོར་ཟིན།

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑

error: Content is protected !!