རྩོམ་པ་པོ།

ཅོ་བྱང་སྐར།

རི་རྒྱལ་ལྷུན་པོ།

ཁ་དོག་དམར་སྨུག་གོས་སུ་བྱས་པའི་རྫ་རི་སྨུག་པོའི་ངོ་སོ་བསྟོད། ། དྲི་བྲལ་དར་དཀར་ཕྱི་རུ་འཕྱངས་པའི་གངས་རི་དཀར་པོའི་ངོ་སོ་བསྟོད། ། སྟུག་ཅིང་ཚང་ཚང་དབུས་སུ་བཀླུབས་པའི་ནགས་ཀླུང་ཕྱུག་མོའི་ངོ་སོ་བསྟོད། ། རི་ཡི་རྒྱལ་པོའི་ལྷུན་པོ་གན་ནི་ང་ཡི་འཚོ་བའི་རྒྱབ་བརྟེན་ཡིན། ། ཐང་དཀར་རྒོད་པའི་གནས་ལམ་མཐོན… ཞིབ་ཏུ་ཀློག →

མི་གཤིས་ཀྱི་ཀུན་སྤྱོད་ལས་སློབ་ཆེན་པའི་ཉེན་ཚབ་ཀྱི་ལེའུ་དང་པོ། ཕ་མའི་རེ་བ་ཉ་མོའི་སྲོག་དང་བརྗེ་བ།

དེང་གི་དམར་སེར་སྔོ་ལྗང་དང་ཁྲ་ཁྲ་རིལ་རིལ་གྱི་སྤྱི་ཚོགས་སུ་སློབ་ཆེན་པ་ཤིན་ཏུ་མང་། འོན་ཀྱང་སློབ་ཆེན་པའི་སྡེ་འདི་ན་ངོ་མ་དོན་གྱིས་སློབ་ཆེན་པའི་མཚན་ཉིད་ཚང་བའི་མི་བུ་ཤིན་ཏུ་དཀོན། ཅོལ་ཆུང་ངས་འདི་ནས་སློབ་ཆེན་པའི་ཉེས་ཚབ་ལས་རང་ཉིད་ཀྱིས་གཏན་ལ་ཕེབས་པའི་སློབ་ཆེན་པའི་ཉེས་ཚབ་གྱི་ལེའུ་དང་པོ་ལས་༼ … ཞིབ་ཏུ་ཀློག →

ཕ་ཡུལ་ན་ཁ་བ་བབས་འདུག

ས་ལ་གཙུག་བརྒྱད་ལྡན་ས་མི་ལ་ཤེས་རིག་ལྡན་པའི་ཕ་ཡུལ་ན། དེ་རིང་ཁ་བ་ཆེན་པོ་ཞིག་བབས་འདུག དཀར་དུང་དུང་གི་ལམ་ཕྲན་དང་། གྲང་ཤུར་ཤུར་གྱི་སེར་བུ་དེས། ཞོགས་པ་སྔ་ལངས་ལས་ལ་བརྩོན་པའི་མི་བུ་དག་ལ་བསུ་མ་བྱེད་བཞིན་འདུག ཨ་མ་སྔར་བཞིན་ཞོགས་པ་སྔ་མོར་ཡར་ལངས་ནས་མ་ཎི་ཁང་ལ་བུད་སོང་། སྡེ་བའི་ནང་གི་རྒན་རྒོན་གཞ… ཞིབ་ཏུ་ཀློག →

ང་དང་གྱེས་སོང་པའི་ནག་སྣུམ་གྱི་སྐྲ་ལོ།

ཀྱེ། འཛུམ་མདངས་དང་འགྲོགས་ཏེ་གྲྭ་བ་ཞིག་གི་རང་གཟུགས་གྲུབ་པ་ནས་བཟུང་། ངའི་ནག་སྣུམ་གྱི་སྐྲ་ལོ་རིང་མོ། ངའི་མི་ཚེ་འདི་དང་རིང་དུ་གྱེས་སོང་། གངས་རིའི་སྒྲོལ་མས་ཟེར་མྱོང་། ངའི་སྐྲ་ལོ་འདི་ཁོ་མོའི་རེ་ལྟོས་ཡིན་ཟེར། རྩྭ་ཐང་འཇོལ་མོས་བཤད་མྱོང་། ངའི་སྐྲ་ལོ་འདི་ཁོ་མོའི་ཕུགས་འདུན་ཡིན་ཟེར། སྐྲ་ལོ། ན… ཞིབ་ཏུ་ཀློག →

ཨ་མའི་འཛུམ་མདངས།

ལྷད་མེད་པའི་འཛུམ་མདངས་དེ་དག་གི་མཐོང་ལམ་ན འཕེལ་རྒྱས་ཀྱི་གོམ་འགྲོས་ཤིག་དང་ཡ་རབས་ཀྱི་སྤྱོད་ལམ་ཡང་ན ཞབས་ཀྱིས་བཅགས་ལ་ཁད་ཀྱིས་རུམ་པའི་དབྱར་གཞུང་དེའི་སྐྱིད་སྡུག་ཡོད་ལ ལོ་རྒྱུས་དང་ཕ་སྐད་ལ་བརྒྱུས་པའི་གླུ་གཞས་སྙན་མོ་དེའི་བརྗོད་སྙིང་ཡང་མཆིས སྤྲོ་བའི་རྔུལ་ཆུ་རྡོག་གཅིག་རིན་ཐང་གིས་བཞུར་ནས་ཐོན་… ཞིབ་ཏུ་ཀློག →

ཨ་མའི་འཛུམ་མདངས་ལྟ་བུའི་ཁ་བཏགས་དཀར་པོ་འདི།

——- ཁ་བཏགས་དཀར་པོའི་སྔོན་འགྲོའི་ཚུལ་དུ་ཕུལ། ངས་གནའ་བོའི་ངག་རྒྱུན་ཞིག་གི་ཞབས་རྗེས་འཚོལ་བར་བརྩམ་པའི་དུས་དེ་ནས་བཟུང་། ངས་རང་ཉིད་ཀྱི་རེ་བའི་རྟ་ཕོ་རྐང་ལམ་ཕྲ་མོ་རུ་བསྒྱུར་བ་ལྷོད་མ་མྱོང་། བྲེ་སེར་འབྲོང་གི་ཕ་གཞིས་སུ་འབོད་པའི་སྒང་བ་བོད་ནས། ངས་ཆོས་ལུགས་ཤིག་གི་ཚབ་མཚོན་རང་བཞིན་གྱ… ཞིབ་ཏུ་ཀློག →

ཚོར་བ་ཡིས་སྦྲུམ་པའི་གདངས་དབྱངས་འགའ།

རྣམ་ཤེས་སྐྱ་བོ། རྨི་ལམ་དུ་འཁོར་པའི་མཛེས་སྡུག་གི་དགའ་ལོའི་བཞིན་རས། རང་ཉིད་ཀྱི་དམར་ཆུང་སེམས་པས། ཕ་རོལ་གྱི་ཕ་རོལ་ཏུ་རྒྱང་ཕུད་བཏང་ཐུབ་སོང་རུང་། ཤུལ་ན་ལུས་པ་ནི་གྱེས་ཁའི་གཏམ་རྒྱུད་ཐུང་ཐུང་དེ་ལས། འཁོར་བ་སྐྱུར་མོ། ཕྱེ་ལེབ་ཆུང་ཆུང་གཅིག མཛེས་སྡུག་གི་མེ་ཏོག་འདབ་ལོ་ལས པྲ་ཚགས་ཀྱི་བྱིས་པ་ཆུང་ཆ… ཞིབ་ཏུ་ཀློག →

ང་དང་དབུས་པོ་གཉིས་ཀ

སྨུག་པོ་གདོང་གི་ཆ་ལུགས་བཞིན་ན་མངོན་པའི། ། གངས་ཅན་བོད་པའི་གཤིས་ཀ་ལུས་ན་གྲུབ་པའི། ། རྣམ་དག་གྲྭ་བའི་ཀུན་སྤྱོད་རྒྱུད་ན་བལྟམས་པའི། ། ང་ཡི་སྙིང་གྲོགས་དམ་པ་དབུས་པོ་བདེ་ལེགས། ། ན་ནིང་གཞིས་ནིང་ལོ་ཡི་དབྱར་གཞུང་ཞིག་ལ། ། སྤོས་ལྡན་ཁྲི་འདུ་གྲོང་གི་བོད་མའི་ཁྲོམ་ནས། ། ང་རང་ཐོག་མ་ཉིད་ནས་ཁྱེད་ལ་མཇ… ཞིབ་ཏུ་ཀློག →

སྤྱང་དར་མ་ཞིག་གི་ཁེར་ལབ།

རླུང་བུ་འགམ་བཞིན་ངུ་མ་དགོད་ཀྱི་སྒྲ་ཞིག་འབྱིན།། རྣ་བ་བླགས་ནས་ཤི་མ་གསོན་གྱི་དབུགས་ཤིག་འབྱིན།། ཆར་རླུང་ཁྲོད་ནས་གྲངས་མ་འདར་གྱི་བྲོ་ཞིག་འཁྲབ།། ཉི་འོད་འོག་ནས་འགྱེལ་མ་འཛུམ་གྱི་གླུ་ཞིག་བླངས།། མཚན་མོར་ཐོན་དུས་བྲེལ་མ་འཚུབ་ཀྱིས་འདུག་མི་བཟོད།། ཉིན་དཀར་བསླེབས་དུས་སྐྲག་མ་དངངས་ཀྱིས་འགྲོ་མི་ཕོད།… ཞིབ་ཏུ་ཀློག →

ཅོ་བྱང་སྐར་གྱི་ཐོལ་རྩོམ་འགའ།

༡ཚོར་བའི་སྣེ་མོ། སྨྲ་ལྕེ་ནི་ནམ་ཡིན་ཡང་གབ་སྦས་སུ་ཡོད་མོད རང་ཉིད་ཀྱི་འདུན་པ་ཞིག་གི་ཆེད་དུ་མིག་ལམ་ཏུ་མངོན ལག་ཟུང་གིས་གཟེབ་ཏུ་བཅུག་པའི་བྱིའུ་དེ་འཛིན་བསམ་མོད ཁྱེད་ཀྱིས་རང་ཉིད་མུན་ནག་ལ་སྐྱེས་སུ་འབུལ སུ་ཞིག་གིས་ངའི་མིང་ཤེས་ན། ང་དེ་ཡི་ཕྱོགས་ལ་འཁོར་ཆོག ༢ཆུ་ཤེལ། ངའི་མཆུ་སྒྲོག་སུ་ཁྱེད་ཀྱི་ཁ… ཞིབ་ཏུ་ཀློག →

དྲན་ཤེས་སྐྱ་བོ།

ངས་རང་གི་འགྲམ་པ་ལག་པས་སྐྱོར་ཏེ། གནས་ས་གཉིས་ཀྱི་བར་མཚམས་ཞིག་ནས། ས་དོག་མོས་ཅི་ཞིག་གསུངས་པ་དང་ནམ་སྔོན་པོས་ཅི་ཞིག་སྒྲོགས་པར་ཉན་ནས་བསྡད་ཡོད། གློ་བུར་དུ། ངའི་ལག་པར་ཚ་ཤེར་ཐེངས་གཅིག་བརྒྱུད། དེ་ནི་གྲོག་མ་གཅིག་གིས་རང་གི་ཚེ་སྲོག་རྒྱུན་འཁྱོངས་ཆེད་དུ། ངའི་ཁྲག་འཇིབས་གྱིན་འདུག དེ་ནི་གཞན་མ་ཡིན་ཏ… ཞིབ་ཏུ་ཀློག →

དྲན་པའི་ཨ་ལོང་ཐོལ་གྱིས་ཕྱུར།

____སྙན་ངག་པ་ཡི་དམ་ཚེ་རིང་རྗེས་སུ་དྲན་པ། གན་གྱི་ཕ་རོལ་གངས་སེང་དཀར་མོ་རྒྱལ་ས་ཡིན་པ་བརྗེད་མི་ཉན། ། དེ་ཡི་ཚུར་རོལ་རྒྱ་སྟག་ངར་མའི་གཞིས་ཁྱིམ་ཡིན་པ་བོར་མི་ཉན། ། དེ་གན་གཉིས་ནི་རི་མཐོ་ས་གཙང་ཁ་བ་བོད་པའི་གཞིས་ཁྱིམ་ཡིན། ། གཞིས་ཁྱིམ་འདི་ཡི་བདག་པོ་ང་ཚོ་དུས་དང་སྐལ་བར་འགྱུར་མི་ཉན། ། གནའ་བོའི་རྟ… ཞིབ་ཏུ་ཀློག →

ཆུང་མར་གཅར་རྡུང་བྱས་ན་དཔའ་བོ་མི་ཟེར། ཁྱོ་གར་ཁྲེལ་མེད་བྱས་ན་མཛངས་མ་མི་ཟེར།

ལྷབ་ལྷུབ་འབབ་པའི་ཁ་བའི་ཟེགས་མ་འདི་ལ་ལར་རེར་སྡིགས་མོད་ཀྱི་མདའ་མོ་ཤག་ཤག་འཇོ་ལ་ལར་རེར་བསྟོད་ཚིག་གི་ཁ་གཡང་ལྷུག་ལྷུག་སྒྲོགས་པའི་སྤྱི་ཚོགས་ཤིག་གི་ངོ་བོ་ལས་མི་བུ་ནི་ཅི་འདྲ་འདྲའི་ཡ་མཚན་དང་ཅི་འདྲ་འདྲའི་འོས་ལངས་དུ་ཤོར་བ་ཤིག་རེད་སྙམ། ཉེ་སྔོན་ངས་སྐད་འཕྲིན་གྱི་བར་སྟོང་བརྒྱུད་ནས་བརྙན་ཐུང་ཤིག་ལ… ཞིབ་ཏུ་ཀློག →

ཅོ་མིང་བའི་རང་ཚོར་འགའ།

དང་པོ ཚེ་སྲོག ཚེ་སྲོག འབུ་གྲོག་མ། ཨེ་ཡིན་སྙམ་པའི་ཚོར་བ་ལྗི་མོ་ཞིག ངའི་བྲང་ཁོག་གི་རྩྭ་ཐང་བརྒྱུད་ནས་བུད་སོང་ ཚོར་བ་དང་འདུ་བྲལ་རྒོད་པའི་ཧི་མ་ལ་ཡའི་རི་འདབས་སུ སྟོང་གཏམ་གྱི་མདའ་རྩེ རྐྱལ་སྟོང་གི་འུར་ཟིང་ ནམ་ཞིག་ལ སུ་ཞིག་གིས་ཁད་ཀྱིས་དཀྲོགས་ཐུབ གཉིས སྤྲིན་ནག་ཁྲོད་ཀྱི་བྱང་སྐར། ལྷོ་སྤྲིན་ག… ཞིབ་ཏུ་ཀློག →

ཅོ་ནེ་ནས་ལམ་ལ་ཆས། ༼ཁ་བྱང་གཅིག་པའི་སྙན་ངག༽

ཅོ་ནེ་ནས་ལམ་ལ་ཆས། དགའ་བཀྲ་ཤིས་རྡོ་རྗེ། མེས་པོའི་རལ་གྲི་ས་ལ་ལྷུང་རྗེས། ཁྲག་གི་ལོ་ཟླ་མཁའ་ལ་འཆོར་རྗེས། མིག་ཟུང་གི་འོད་སྣང་གང་ལ་ཕྱོགས་ཡོད། རེ་བའི་རྡོག་སྒྲ་སྨུག་པོ་སུ་ལ་གཏད་ཡོད། ཁ་སང་གི་མཚར་སྡུག་དྲུད་ནས་དེ་རིང་ལ་ཐོན་དུས། དེ་རིང་། ཁྱོད་ལ་གསལ་བོར་འདྲི་འདོད་པ་ནི། ཡབ་མེས་ཀྱི་རྔུལ་ཆུའི་ཐིག… ཞིབ་ཏུ་ཀློག →

ཚོར་བ་བན་བུན་བར་ནས་ཤོར་སོང་པའི་སེམས་གཏམ་ཐན་ཐུན་ཁག་གཉིས།

གསེར་ལྗོངས། ཁྲོ་བོའི་ལག་ཟུང་ཐོད་དུ་གཡུགས་པའི་གཡུ་རལ་གྱི་ཉག་མ་རེ་རེ། ། དྲན་མའི་མེ་ལོང་སྟེང་དུ་ཟུག་པའི་འོབ་ཚོད་ཀྱི་ལག་དམར་རེ་རེ། ། འཕྱོ་བཞིན་འཕྱོ་བཞིན་ལྡིང་ནས་འོངས་པའི་ཡ་མེད་ཀྱི་རྦབ་རྡོ་རེ་རེ། ། སྟེང་ཕྱོགས་ལྷ་ཡི་ཡུལ་ནས་བྱོན་པའི་རྒྱལ་སྲས་ཀྱི་ཁ་ཕོ་མ་ཡི་ནམ། ། དྲན་ཤེས་གཙང་མའི་མདུན་ན་མག… ཞིབ་ཏུ་ཀློག →

དུས་རབས་ཤིག་གི་སློང་མོ་བ། ངས་ནམ་ཡང་ཁྱེད་ཉིད་བཀུར།

གངས་སིལ་ནས་གངས་ཆུ་བཞིན་མཆེད་ཡོང་ལ། སྣ་ཚོགས་ཀྱི་ཆ་རྐྱེན་མེད་པའི་སློང་མོ་བ། ཁྱེད་ཀྱི་རྒྱབ་རོལ་ན་ལག་ཟུང་ཁྲི། མིག་ཟུང་ཁྲི། ངས་ནམ་ཡང་ཁྱེད་ཉིད་བཀུར། འབྲོག་ཁྱིམ་ནས་དཀའ་སྡུག་གིས་འཚར་ལོངས་བྱུང་ལ། སྒེར་དོན་གྱི་གཡོ་སྒྱུ་བྲལ་བའི་སློང་མོ་བ། ཁྱེད་ཀྱི་སེམས་ཁོངས་ན་སེམས་པ་ཁྲི། རེ་བ་ཁྲི། ངས་ནམ་ཡང་… ཞིབ་ཏུ་ཀློག →

གངས་དཀར་སེམས་ན་རྟ་མེད་ན། ཕུ་ཐུང་ནང་ནས་སྲབ་མ་འཛིན།

ཞོགས་པའི་མཚམས་སྤྲིན་ཆུ་མོའི་ནང་དུ་ནུབས། ། ལྷུན་པོའི་བཞིན་ལ་སྐྱོ་བའི་མདངས་ཤིག་མངོན། ། རྟ་ནོར་ལུག་གསུམ་ཤི་མ་གསོན་གྱི་ངང་། ། མི་རྟག་འཇིག་རྟེན་ཁམས་འདི་ཀྱེ་མ་ཧུ། ། ནགས་རིའི་གཅེས་ནོར་སྲོག་ཆགས་ཀུན་པོ་དང་། ། སྤང་རིའི་གཅེས་ཟོག་རྟ་ནོར་ལུག་གསུམ་རྣམས། ། ནགས་རི་སྟོང་བ་སྤང་རི་སྐྱ་ཐེང་ངེ་། ། མི… ཞིབ་ཏུ་ཀློག →

མདོ་སྨད་བུ་ལོའི་སེམས་ན་མངའ་རིས་བུ་མོ་ཞིག

གནམ་སྔོན་པོའི་ཁ་དོག་དྭངས་ས། ། ས་དོག་མོའི་ཁ་ཞེང་ཆེ་ས། ། གངས་ལྷུན་པོའི་རྩེ་མོ་མཐོ་ས། ། བྲག་དམར་ཡག་རྔམ་བརྗིད་ལྡན་ས། ། སྤང་རི་བོའི་ཉམས་མདངས་མཛེས་ས། ། ཆུ་ལྷུང་ལྷུང་བཞུར་སྒྲ་སྙན་ས། ། རྩྭ་རྩི་ཤིང་ཡར་བསྐྱེད་མགྱོགས་ས། ། ནོར་གཡང་གི་འཕེལ་ཁ་དར་ས། ། གཞོན་རྗེས་རབས་སྐུ་བསོད་ཆེ་ས། ། བུ་ང་ཚོའི་ཕ་… ཞིབ་ཏུ་ཀློག →

© 2019 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑