རྩོམ་པ་པོ།

— འབར་མེ

གཙང་བོའི་ཕ་རོལ། (བཅད་མ།)

དགུན་གསུམ་ཁ་བ་གྱོན་པའི་སྣང་བ་ཡི་རི་མོ།། རྗ་སྒང་འཇག་མ་རྐང་གཅིག་གི་མགོ་ལྕོག་དང་འདྲ་བོ།། རླུང་བུ་གང་སར་ལྡང་ཚེ་དེའི་ཕྱོགས་སུ་ལྡེམ་པ།། དམ་ཚིག་རྡོ་ལ་ཕབ་པའི་སྲ་གཟུགས་སུ་མ་གྲུབ།། ཆང་ཕོར་ཤེད་ཀྱིས་བཏེགས་པའི་ཚངས་མགུར་གྱི་མཛེས་པ།། མ་བཅོས་སྣང་བའི་རྩེ་རུ་རོལ་རྩེད་ཅིག་བརྒྱག་ཀྱང་།། སེམས་པ་གཅེར་བ… ཞིབ་ཏུ་ཀློག →

ཤཱཀྱ་ཐུབ་པ་ལ་ཕུལ་བའི་མེ་ཏོག (བཅད་མ།)

སྤྲིན་གྱི་མེ་ཏོག་དགུང་ཁའི་མཚམས་སུ་བཞད།། ཆར་བ་ཤག་ཤག་འབྲུག་སྟོང་ལྡིར་ཙ་ན།། རྩ་མགོར་ཟིལ་ཐིག་རྡོག་རེ་ས་གཞིར་འཐིམ།། མིག་གི་མཐོང་ཚད་སེམས་ཀྱི་རི་མོ་ཞིག། རླུང་ལ་གཤོག་པ་ཐོགས་ཏེ་གནམ་ལ་འཕུར།། གནམ་གྱི་སྒོ་གླེགས་ཕྱེ་བའི་དུས་ཚོད་འདིར།། རྨུ་མག་སྣེ་ངོར་འཛེག་ནས་ས་གཞིར་བབ།། ལྟོ་བ་རླུང་གིས་གསེད་པས་… ཞིབ་ཏུ་ཀློག →

བཙོན་ཁང་ནང་གི་མེ་ཏོག (བཅད་མ།)

(བདག་གི་ཕུ་བོ་བཙོན་ལ་ཐོག་པའི་སེམས་སྡུག་དང་ཡང་ན་བཙོན་ཁང་དུ་དངོས་སུ་ལྟ་རུ་སོང་བའི་ཚོར་བ་ཞིག་གི་ཟུར་ཁ།) མུན་ནག་མདངས་སུ་བཞད་པའི་མེ་ཏོག་རྐང་གཅིག། ལྕགས་སྒྲོག་ཁུག་པས་ཚེ་འདི་ཁུད་དུ་བཏུམས་ཚེ།། ཕ་ཡུལ་ཉེ་དུའི་སེམས་པ་ཁ་བས་གླེབས་ནས། ། མཚོ་མོ་འགམ་དར་ཆགས་པ་མིག་ཆུས་རླན་བྱུང་།། སྐར་མདའ་ས་རུ་འཕེན་… ཞིབ་ཏུ་ཀློག →

ཚོར་བའི་ཁང་མིག་ནང་དུ།

སྐྱོ་བ་བྲག་ལ་བཏབ་པའི་ལས་འཕྲོ་འདི། ། གཙང་བོ་རླབས་དང་འདྲེས་པའི་འོད་ཟེར་ཡིན། ། ཐིག་པ་སེམས་ལ་འཇག་པའི་ནང་རོལ་ཏུ། ། ཚོར་བའི་སྒོ་མོ་བརྡུངས་ནས་མི་ཚེ་བསྐྱལ། ། ཟས་འཁྱག་ཕོར་གང་རྙེད་པའི་འཚོ་བ་ཞིག ། ལྟོ་གོས་རླུང་གིས་བཟེད་པའི་རྣལ་འབྱོར་པ། ། བྱེ་འུ་ཀྱུར་ཀྱུར་གྲགས་པའི་རྨི་ལམ་ནང་། ། ཞོགས་ཁའི་མེ་ལ… ཞིབ་ཏུ་ཀློག →

བྱེའུ་འཕུར་ཚུལ། (བཅད་མ།)

བྱིའུ་ཚང་ལ་འཁོར་བའི་འདུན་མ་ཞིག ། འཇའ་སྣེ་ཚང་ལ་འཁྱིལ་བའི་ལས་འཕྲོ་འདི། ། སྐྱེ་བ་གཏན་གྱི་མེ་ཏོག་གློ་ཁ་ཅན། ། ལག་པའི་མཐུལ་དུ་སྣོལ་ནས་མདངས་ཤིག་བཙལ། ། ཙན་དན་སྡོང་བོར་མེ་ཏོག་སྣ་བརྒྱ་བཞད། ། སྒེའུ་ཁུང་འགྲམ་དུ་སྤྲིན་དང་སྨིག་པ་འཁྱིལ།། དྲི་བསུང་ངང་གིས་འཐུལ་བའི་ཁང་མིག་འདིར། ། ཞག་གང་སྡོད་པས་སྤྲ… ཞིབ་ཏུ་ཀློག →

སྐྱོ་གླུ། (བཅད་མ།)

རྗ་མགོ་ཕ་གིར་སྤྲིན་ནག་འཁྲུགས་ཙམ་ཁད་ཀྱིས་ལྡང་།། འབྲུག་སྒྲ་ལྡིར་ལྡིར་ཆར་རླུང་དྲག་པོ་ཤུགས་ཀྱིས་འབབ།། འཚུབ་མ་སྐོར་ཅིག་གྱི་ལེར་འཐུབ་པའི་ས་སྲོད་འདིར།། བར་སྣང་ཡོངས་སུ་ཁྭ་ཏའི་གཅོང་སྐད་ལྷང་ལྷང་གྲགས།། ལམ་གྱི་གློག་དམར་དམར་ཐག་ཆོད་པའི་ད་ལྟའི་ཚོད།། མིག་ཟུང་བཙུམ་ནས་གྲིབ་མའི་ཁྱུ་ལ་འཐབ་མོ་བྱེད།། … ཞིབ་ཏུ་ཀློག →

གནམ་གྱི་གཤོག་པ།

ནམ་མཁར་འཕུར་བའི་རྒོད་པོ་ཞིག ། གཤོག་ཟུང་རྡེབ་ཙམ་བསྒྲོད་ལམ་བར། ། ཕ་མཐའ་མེད་པའི་མཚོ་ཆེན་ངོགས། ། རི་མོར་འབྲི་བཞིན་རྒྱང་དུ་བཀྱེད། ། མིག་གིས་མ་ཟིན་ཚོར་བ་ཞིག ། སྲོག་མེད་འགྱིག་གི་བུ་མོ་སྟེ། ། བྲང་ཁ་རྡུང་བའི་ལྷ་མོ་བཞིན། ། སྒོམ་གྱིན་སྒོན་གྱིན་རྡོ་འཁྱག་རེད། ། ལུས་ཀྱི་བ་སྦུ་ཕྱོགས་སུ་ཞོག ། སེ… ཞིབ་ཏུ་ཀློག →

ཟླ་བའི་ལྷ་མོ།

རྩ་ལམ་གྱི་ཟུང་ཁྲག་དམར་པོ གློ་རྡེག་ཏུ ཁབ་ཀྱིས་གཙག་ནས་ཐང་ལ་འཛག་དུས སུན་སྣང་རིང་བོ་འདི་ལོ་མ་ལྗང་གུ་ཞིག་ཡིན་ཆོག ཁྲག་ཐིག་དམར་འཛར་འཛར་གྱི་བཞུར་བས སྨྲ་བ་མེད་པར་རྒྱང་རིང་ནས་དལ་དལ་སྡོད་འདུག ཟླ་འོད་བསིལ་བསིལ ནུབ་མ་གཅིག་གི་འཛུམ་མདངས་ཀྱིས་ང་རང་ཐག་རིང་དུ་ཁྲིད་ཅིང དུས་ཚོད་ཀྱི་གྲིབ་མ་མང་པོ་ཞིག་… ཞིབ་ཏུ་ཀློག →

ཆགས་སྲེད། ༢

བར་མེད་དུ་ཤིང་གི་ཐོ་བ་ཆེན་པོ་ཞིག་གཡུ་བྱུང ཤ་དང་རུས་པ་ཉོག་ཉོག་པོར་བཏང་བའི ལྕགས་ཀྱི་ཐག་པ་རིང་བོ་དང འཆི་བདག་གིས་དྲུང་ནས་རྙེད་པའི་བཀའ་ཡིག མིག་ལམ་དུ ལོ་མ་ལྗང་གུ་ཞིག་རླུང་གིས་འཁུར་བའི ཐ་སྙད་ཀྱི་སྟོངས་པའི་ཁམས་སུ་འཕུར་དུས སྡོང་ལོ་སེར་བོ་གང་ནས་རྙེད་དམ ང་ནི་དབུ་ལྡེབ་ཞིག་མེ་ལ་སྲེག་པའི ཐལ་རྡ… ཞིབ་ཏུ་ཀློག →

ལང་ཚོའི་གྲིབ་མ། (བཅད་མ།)

སྣང་བ་རི་ལ་བཞུར་བའི་སྤྲིན་དཀར་གྱི་ཚོམ་བུ།། ལུག་ཁྱུ་སྤང་ལ་གཏོར་འདྲའི་ཚོན་མདང་ཞིག་མེད་ན།། མ་རྟོགས་སེམས་ཀྱི་ནག་ཐིག་བྲང་གཞུང་དུ་འཛག་པའི།། སྙིང་ཆུང་ལུ་གུ་ལྡང་བའི་ངལ་བ་རང་མི་འདུག ། མིག་གི་ཡོལ་རས་ནག་པོ་ཡར་ཡར་དུ་བཀྱག་ཚེ།། སེམས་ཀྱི་དེ་ཉིད་སངས་བའི་གཞས་ཆུང་དུ་གྱུར་ཏེ།། ན་བུན་རླུང་གིས་ལྡེམ་པ… ཞིབ་ཏུ་ཀློག →

ཁུག་རྟ་གཤོག་ཐོགས།

མདོ་འབར་མེ། ནག་ལྷོག་ལྷོག་ཏུ་འཁྲུག་པའི་སྤྲིན་པ ཟླ་བ་དལ་གྱིས་རྒྱང་རིང་དུ་བཞུད་འགྲོ་ཚེ གཤོག་སྒྲོ་གཉིས་པོ་རྡེབ་ཙམ་རྡེབ་ཙམ་གྱིས་འཕུར་བའི་ཁུག་རྟ བར་ཁམས་ནས་ཐག་རིང་དུ་འཕུར་ལ སླར་ཡང ཟླ་བའི་ངོས་སུ་འཛུལ་སོང སྐབས་འདིེར་བདག་གི་རྩ་ལམ་ན ཆུ་བོ་སྨོན་པ་ཞིག་གདུ་བཞིན་ཡོད ཉིན་མཚན་དུས་དྲུག་ཏུ རྩ་ལམ་གྱ… ཞིབ་ཏུ་ཀློག →

© 2019 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑