རྩོམ་པ་པོ།

དཀར་པོ།

དཔེ་ཆའི་དཔལ་འབྱོར་རིག་པ།(ལྟ་ཚུལ་མུ་འགོད།)དཀར་པོ།

༡ ལར་གྲོགས་པོ་འགའ་ཡིས་དཔེ་ཆ་ཉོ་བ་ནི་འགྲོ་སྒོ་འབའ་ཞིག་ཏུ་བསམ་བློ་གཏོང་གིན་འདུག ངས་བལྟས་ན། དཔེ་ཆ་ཉོས་རྗེས་ཟབ་ནན་གྱིས་ལན་གཅིག་བཀླགས་ཟིན་ན་དེ་ནི་འགྲོ་སྒོ་ཞིག་གཏན་ནས་མ་རེད་སྙམ། ༢ དཔེ་དེབ་རེ་ཟུང་ཉོ་བ་དེ་ཡང་ཚོང་ཡིན་པས་ན། དེ་ལའང་ཚོང་ལས་ཀྱི་ཁྱབ་འོག་གི་འགུལ་སྐྱོད་དེ་དག་ཏན་ཏན་ཡོད་དགོས། དཔེར… ཞིབ་ཏུ་ཀློག →

མི་ཆེན་བཅའ་ཚུལ་ལ་དཔྱད་པ།

དཀར་པོ། ཁྲག་དྲི་ཁོ་ན་ལས་ཞི་བདེ་བྱུང་། གཡོ་འཕྲུལ་ལས་ཀྱང་གཞི་རྒྱ་ཆེ་བའི་དད་མོས་ཀྱི་ལྕགས་རིས་བསྐོར་བའི་ཆོས་ལུགས་མཐའ་དག་གྲུབ། འོ་ན། གཡོ་འཕྲུལ་དེའི་ཕར་ངོས་སུ་ད་དུང་བདེན་པའི་ཐ་སྙད་བཏགས་པའི་གཡོ་ཇུས་འགུག་ཤུགས་ཅན་ཞིག་ཡོད། དེ་ལ་ཡང་ཆོས་ལུགས་དང་སྟོན་པ་གང་ཞིག་གི་བརྡ་སྦྱར་བའི་རྗེས་སུ་དེའི་སྟེང… ཞིབ་ཏུ་ཀློག →

སྤྱི་ཚོགས་དང་སྒེར་གྱི་སྦྲེལ་ཐག

སྤྱི་ཚོགས་གླེང་བར་བྱེད་དུས། ང་ཚོས་ཏག་ཏག་དབྱིབས་སུ་གཏོགས་པའི་ཟླུམ་པོ་གྲུབ་ཚུལ་དང་ཐག་རིང་དུ་འཐེན་པའི་མེ་འཁོར་གྱི་ལྕགས་ལམ་སོགས་ཅིས་ཀྱང་དཔེ་རུ་དྲངས་ཏེ་བཤད་དགོས་འདུག དཔེར་ན་དབྱིབས་ཟླུམ་པོ་ཞིག་གྲུབ་པ་ངེས་ལ་ངེས་པར་དུ་ཚ་ལུ་མ་སོ་སོར་བགོས་པ་ལྟར་ཆ་ཤས་ཆ་ཤས་བྱས་ནས་ད་གཟོད་སྤོ་ལོ་ལྟ་བུའི་གཟར་ངོ… ཞིབ་ཏུ་ཀློག →

དགའ་བའི་མཐའ་དཔྱོད།

དཀར་པོ། (འཇིག་རྟེན་དུ་སྦེད་པར་མི་ནུས་པའི་བྱ་དངོས་གསུམ་ཡོད། དེ་དག་ནི་གློ་བུར་བ་དང་དབུལ་བོ། ད་དུང་དགའ་བ་གསུམ་པོ་དེ་ཡིན་པར་བཤད།) དགའ་བ་ནི་མི་རེ་རེའི་སྟེང་དུ་གྲུབ་པའི་ཁ་དོག་མི་འདྲ་ལ་དབྱིངས་ཀྱང་མི་འདྲ་བའི་མེ་ཏོག་ཅིག་གམ། ཡང་ན། འཇའ་ཚོན་ལྟ་བུའི་འཛིན་ཐབས་པའི་སྣང་བ་ལང་ལོང་དེ་ཡིན་སྲིད་ན། ད་… ཞིབ་ཏུ་ཀློག →

ཡེ་སུའུའི་བསྡུས་བརྗོད། – 《གསེར་སྒོང་གཏོང་བའི་བྱ་མོ། 》

དཀར་པོས་བསྒྱུར། ས་ཁང་ཞིག་ཏུ་ཧམ་སེམས་ལ་མཐའ་མེད་ལ་ལྟོ་དགའ་ལས་གཡོལ་བྱེད་མཁན་གྱི་ཞིང་བ་ཞིག་ཡོད། ཁོའི་འཚོ་རྟེན་གཅིག་པུ་ནི་བྱ་མོ་འགའ་ཡོད་པ་དེ་ཡིན་ཞིང་། བྱ་སྒོང་བཙོང་བ་ནི་འཚོ་བའི་ཡོང་འབབ་ཡིན་མོད། གང་ལྟར་ཡོང་འབབ་མི་བཟང་བས་བཀོལ་རིན་དེ་ཙམ་མེད། ཁོས་ཉིན་གང་བོར་བྱ་མོ་ཚོའི་མཐའ་བསྐོར་ནས་ཉིན་ཞིག… ཞིབ་ཏུ་ཀློག →

ཤ་སྦྲང་དང་སེང་གེ

སྤང་གི་སྟེང་དུ་སེང་གེ་ཞིག་གཉིད་བསྡད་པའི་སྐབས་དེར། ཤ་སྦྲང་ཞིག་འཕུར་ནས་ཁོའི་སྔུན་དུ་ཡོང་སྟེ། ཁ་ཕོ་ཆེན་པོས། “ང་ཁྱོད་ལ་མི་སྐྲག ཁྱོད་ང་ལས་ལྷག་པའི་ནུས་པ་ཅི་ཡོད། ཁྱོད་རང་གིས་ཁས་ལེན་བྱེེད་མི་འདོད་ན་ཁྱོད་ཀྱིས་དངོས་སུ་ཚོད་ལྟ་ཞིག་བྱོས། ང་བལྟས་ན་ཁྱོད་ལ་ནུས་པ་ཞིག་ཡོད་པ་ནི་སྡེར་འབྲད་བྱེད… ཞིབ་ཏུ་ཀློག →

གློག་ལྕེས་རྨ་འོད་དང་མགོ་འཇིགས་ཀྱི་གཞས་ཚིག་ཐད་ཀྱི་གནད་དོན་དང་དེ་འབྲེལ་གྱི་དོན་ཕྲན་འགའ་གླེང་བ།

༼འདི་ནི་འདིའོ།།༽ བོད་གཞས་ལ་ཞིབ་ལྟ་བྱེད་མཁན་གང་མང་ཞིག་གིས་བོད་ཀྱི་གཞས་གདངས་མ་གཏོགས། གདངས་དེ་ལས་ཐོན་པའི་ཚིག་འབྲུ་ལ་ཞིབ་ལྟ་མ་བྱས་པར། ཁ་གང་གྲག་ལ་འདིའི་འདི་ཡང་”སྔོན་ཆད་ཀྱི་དབྱངས་ཤིག་རེད། ཨ་ཡོ་ཤེ ད་དབྱངས་གསར་བ་ཞིག་ཡོད་ན་ལེགས་མོད། དེ་ལྟར་བྱེད་མི་ཐུབ་པ་ནི་ཇི་འདྲ་སྐྱོ་ཨང་།”ཞེས… ཞིབ་ཏུ་ཀློག →

ཀིར་ཤ་ན་མུར་ཏིའི་མན་ངག་ཕྱོགས་བསྒྲིགས།

གལ་ཏེ། ཁྱོད་རང་རི་རྩེར་བསླེབ་འདོད་ན། ཁྱོད་རང་ངེས་པར་དུ་ལུང་བ་ལ་བརྒྱུད་དགོས་ཤིང་གཡང་གཟར་ནས་འཛེགས་དགོས། ད་དུང་གཡང་ལ་ལྷུང་བའི་ཉེན་ཁ་དེར་འཇིགས་ཤིང་ཞུམ་མི་རུང་ངོ་།། ཁྱོད་རང་མི་གཞན་ཞིག་གི་རྗེས་སུ་འབྲངས་པ་ནས་བཟུང་། ཁྱོད་རང་བདེན་པ་ཡི་རྗེས་སུ་སྙེག་པ་དེ་མཚམས་ཆད་པ་རེད། ང་ལ་རྗེས་འཇུག་པ་སྟོང་… ཞིབ་ཏུ་ཀློག →

“མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།།”

རྩོམ་འབྲི་བ། གློག་ལྕེ། གངས་ཅན་མུན་སེལ་ཐོན་མིའི་ཞབས་ལ་འདུད། སྔར་ཡོད་ཀྱི་ཀརྨ་སི་ཏུ་དང་པྲ་ཏི་རིན་ཆེན་དོན་གྲུབ་རྣམ་གཉིས་སུམ་རྟགས་འགྲེལ་བ་གཞིར་བཞག་པའི་སུམ་རྟགས་ཀྱི་ཚིག་འགྲེལ་སོགས་གང་དུ་ཡང་། ༼མོ་ཡི་ཡི་གེ་མེད་པ་ན།། ཕོ་ཡིག་བརྗོད་པ་མེད་པར་འགྱུར།། ༽ཞེས་པ་དེ་ལ་མོ་ཡི་ཡི་གེ་ནི་ཨཱ་ལི་བཞི་ལ་འདོ… ཞིབ་ཏུ་ཀློག →

བདག་གིས་མཐོང་བའི་དུང་དཀར་ཚང་།

རྩོམ་འབྲི་བ་གློག་ལྕེ། ཉིན་འགའི་རྗེས་སུ་མཁས་མཆོག་དམ་པ་དུང་དཀར་ཚང་གི་དགོངས་པ་རྫོགས་ཏེ་བགྲང་བྱ་བཅོ་བརྒྱད་ལོན་པའི་༡༩༩༧/༧/༢༢/-༢༠༡༥/༧/༢༢/ཉིན་མོ་རེད། དེས་ན་བདག་གིས་གླེང་གིན་པ་དང་གླེང་འོས་པ་དེ་ཡང་ཁོང་ཚང་ཡིན་འདུག་གོ ། བདེན་པ་ཟེར་བ་ཡིན་ན་ཡང་ཆོག ཅི་ཞིག་ཡིན་ཡང་དེའི་ཚད་མ་ལྟ་བུ་ཡིན་པའི་སྐད་དང་… ཞིབ་ཏུ་ཀློག →

དབྱར་རྩྭ་དགུན་འབུ་དང་བོད།

གློག་ལྕེ། སྤྱི་ལོ་ཉིས་སྟོང་ཟིན་པའི་མན་ཆད་ནས་བཟུང་ངེད་ཅག་མཐོ་སྒང་བོད་ཀྱི་ས་གནས་སུ་སྐྱེས་པའི་དབྱར་རྩྭ་དགུན་འབུའི་རིན་གོང་ནི་ལོ་རེ་བཞིན་ཇེ་མཐོར་སོང་། འདི་ཡང་ལར་བསམ་ན་ང་ཚོ་ལ་དབྱར་རྩྭ་དགུན་འབུ་འདིས་ཕན་པ་རྒྱ་ཆེན་ཞིག་སྒྲུབ་ཡོད་ལ་ཡང་བསམ་ཕྱོགས་གཅིག་ནས་བལྟས་ན་གནོད་པ་ཞིག་ཀྱང་བསྐྱེད་ཡོད་དེ།

ཉེ་ཆར་གྱི་བཅད་མ་སྐོར་ཞིག

སེམས་རིས་དམར་པོ། དཀར་པོ། ལོ་ཟླའི་ཡོལ་བ་ཕར་ལ་དེད་པའི་འཕྲོར།། སེམས་ངོགས་ཟླ་བ་ཇེ་གསལ་ཇེ་གསལ་དུ་གྱུར།། བཙན་གྱིས་ཁ་བ་ལྷབ་ལྷུབ་གཡོ་བའི་ཚེ།། མི་ནི་ཅི་འདྲའི་ཉམ་རེ་ཆུང་བ་རེད།། བདག་གིས་བྲིས་པའི་ཞལ་བཞིན་དེ་ཉིད་ནི།། སྐྱེད་མོ་ཚལ་གྱི་མེ་ཏོག་མིན་ན་ཡང་།། འོད་ཀྱི་འདབ་མ་འཁྱིལ་བར་གསལ་བ་ཡིས།། བདག་གི… ཞིབ་ཏུ་ཀློག →

སྐུ་ཞབས་སྨན་བླ་ལགས་ལ་ཞུ་དོན།

____གློག་ལྕེ། དེ་རིང་བདག་གིས་དྲ་ལམ་ཞིག་ནས་མཐོང་བ་དེ་ལྟར་ན། སྨན་བླ་ལགས་ཀྱིས་ཡེ་ཤུ་སྟོན་པའི་རྣམ་ཐར་ཆ་ཚང་ཞིག་ངག་ལ་གྱེར་ནས་བརྙན་དང་བཅས་པ་དྲ་ལམ་དུ་བཏང་འདུག་ལ་ད་དུང་སྐུ་ཞབས་སྨན་བླས་བསྒྱུར་བ་རེད་ཅེས་ཡེ་ཤུ་སྟོན་པའི་མདོ་རེ་ཡང་སྔོན་མ་ཞིག་ནས་རིག་རྒྱུ་འདུག དེའི་ཐད་དུ་བདག་ལ་བསམ་ཚུལ་ཅུང་ཙམ་ཞིག… ཞིབ་ཏུ་ཀློག →

ལོ་ཟླའི་བོར་བའི་ཁྱོད།

གྲིབ་མས་ང་ཡི་འཇིག་རྟེན་བསྒྲིབ།། སྣང་བར་འཆར་བའི་དབྱངས་རྟ་ཞིག། གཙང་བོའི་ངོགས་སུ་འདྲེས་པ་དེ།། རྒྱ་མཚོའི་རྦ་རླབས་ནང་དུ་ལྷུང་།། དབྱངས་ཀྱི་སྐུད་པ་ཕྲ་མོ་ཞིག། ལག་པ་ཟུང་གིས་ཡང་ཡང་འཐེན།། སྒྲ་སྙན་སྙན་མོའི་ནུས་མཐུ་ཡིས།། དྲི་ཟ་ཚོགས་ཀུན་གཅིག་ཏུ་བསྐུལ།། མེ་ཏོག་སྨིན་པའི་མཛེས་སྡུག་དེ།། སྟོན་གྱི་བ… ཞིབ་ཏུ་ཀློག →

མཐའ་མཇུག་གི་རྨི་ལམ།

རྩྭ་ཐང་གི་མཐའ་ནས་བོར་བའི་གཤོག་པ་ཡ་གཅིག་དེ་རྙེད་རྗེས། ཡང་བསྐྱར་ལན་ཕྲན་སྐྱ་བོ་དེར་ཞུགས་ཏེ། མི་ཚེ་ནི་འོད་ཟེར་ཞིག་ཏུ་བསྒོམ་བཞིན། བགྲོད་ལམ་རིང་མོའི་དེའི་མུ་མཐའ་བརྒལ་འདོད། མི་འགས་ངག་འཆལ་སྨྲ་བཞིན་འདུག ང་རང་སླར་བཞིན་དྲན་རྒྱུ་མང་བའི་མི་དེ་ཡིན། མེ་ཏོག་ཚོ་རང་སྟོབས་ཀྱི་སྤྲོ་བ་སློང་བྱེད་ཡིན་པ… ཞིབ་ཏུ་ཀློག →

རོལ་ཆ་གས་པ།

རྣམ་ཤེས་དྲུད་པའི་མེ་ཏོག་ཅིག རྫ་འདབས་ནས་ཁ་བ་རུ་འཐིམ མིག་ལམ་ལ་གསལ་ལེར་མངོན་པའི་འོད་ཟེེར མུན་ནག་གི་རུམ་དུ་ནམ་ཞིག་ལ་འཛུལ་སོང ཁ་བ མུན་ནག ཚོན་མདངས་མེད་པའི་ཆ་མེད་ཀྱི་མི རྐང་ལམ་ཕྲ་མོ་བརྒྱུད་ནས་གང་འགྲོ བོར་སོང་བའི་རྟ་ཁྱུ་ལྷས་ར་གང་བོ་དེ ཁྱོད་ཀྱི་མཚན་ལྗོངས་ཤིག་ལ་བོར་སོང་བ་འུ་རེད ད་ས་རུབ་ལ་ཡ… ཞིབ་ཏུ་ཀློག →

གཟུགས་མེད་ཁམས།

རྣམ་ཤེས་ལྡོམ་པོ་དག ཁ་དོག་གིས་སྤྲས་པ་མེད་ལ དབྱིབས་རིས་ཀྱི་བཀོད་པའང་མེད ས་གཞིའི་མངའ་ཐང་ལ་རྫོགས་ཚིག་བཀོད་པ་ཡང མ་ཚོར་གཉིད་དེ་ཡོད ཅི་ཞིག་ཡོད མིག་ཟུང་གི་འཕེན་པ་གཏོང་ཚད་ཡོད་དམ ཡིད་སེམས་ཀྱི་དགའ་བ་བཅོལ་ས་ཡོད་དམ མེད་དེ ཅི་ཞིག་ཡོད རང་ཉིད་གང་ནས་གང་ལ་འགྲོ་བ་དེ གཞན་ལ་གསང་ལ་རང་ཉིད་ཀྱིས་ཀྱང་མ་ཤེ… ཞིབ་ཏུ་ཀློག →

ཁྱོད་རང་རྒྱང་ན་ཡོད་པས། ངས་དེ་རུ་སྙན་ངག་ཐུན་གཅིག་འབྲི།

གྲོང་གི་ཟུར་ཁའི་ཉི་མ།། ཁྱོད་ཀྱི་མིག་ཏུ་འཚེར་ན།། ཡུལ་གྱི་རི་ཆུ་ནགས་གསུམ།། སེམས་ལ་འཁོར་ཙམ་བྱེད་དམ།། ཐག་རིང་རྒྱང་གི་སྙིང་ཉེ།། བས་མཐའི་ཡུལ་གྲུ་དག་གོ། འཚོ་བའི་ལམ་དུ་ལེགས་སམ།། རྒྱང་ལ་མིག་ཟུང་འཐེན་ཡོད།། ང་ཡི་སྙན་ངག་འགྱུར་ཁུག། ཐག་རིང་ཕྱོགས་སུ་མ་ལྷུང་།། དེ་རིང་ལན་གཅིག་ལྷུང་ན།། མི་ཚེའི་མཛེ… ཞིབ་ཏུ་ཀློག →

བསོད་ནམས་བཟང་པོར་སྐད་འདི་འཕྲོད་པར་ཤོག

སྐད་གཏོང་མཁན – གློག་ལྕེ། དེ་དགོང་བདག་གིས་ཚོར་བ་ལ་གཏུམས་པའི་སྙན་ངག་ཐར་ཐོར་དེ་འབྲི་མཚམས་བཞག་སྟེ་དྲྭ་སྒང་ལ་སྐྱོད་ཀྱིན་ཡོད། ཡ་ང་བའི་དགེ་བཤེས་བསོད་ནམས་བཟང་པོའི་སྤྱོད་པར་བལྟས་ཀྱིན་བལྟས་ཀྱིན་བློ་ཕམ་སེམས་གཏིང་ནས་སྐྱེས་འོང་གིན་ཡོད། ཅི་སྟེ། གཞུང་ལུགས་ཀྱི་རྐྱལ་བ་རུ་གྱུར་ཅིང་། འཇིག་རྟེ… ཞིབ་ཏུ་ཀློག →

ཚེར་མ་ལྟ་བུའི་རོལ་དབྱངས།

རྨི་ལམ་གྱི་འོག་ཏུ་བུ་མོ་ཞིག་གཅེར་བུར་བུད དེ་ནི་ལམ་ཁ་ཞིག་རྫོགས་པའི་ཉིན་མོ་དེ་ཡིན ཡིན་ན་ཡང་ནམ་ཞིག་རྨི་ལམ་འོད་དུ་འཚེར་ངེས ལུས་ལ་གསེབ་པའི་ཆར་གྱི་ཟེགས་མ་དེ་ཡང དངོས་གྲུབ་བསྩོལ་བའི་ཆར་ཆུ་མིན་པས མིག་ཟུང་ཡིབ་ནས་ལགས་སོ་ཟེར་བར་མ་ངེས དེ་ཕྱིར་མི་ཚོགས་དབུས་སུ སུ་ཞིག་ཀྱང་ཟླུམ་པོ་ཞིག་བྱེད་ལས་ཟུར… ཞིབ་ཏུ་ཀློག →

© 2019 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑