རྩོམ་པ་པོ། སྤྱང་གུ་རུ་འཇིགས་མེད།

ངོ་མ་དག་གཙང་ཞིག་འདོད་ན་འགན་འདི་ལོངས།

སྤྱང་གུ་རུ་འཇིགས་མེད། དེང་སང་ཚང་མའི་ཁ་ལ་ལོབ་ཕྱོགས་ཤིག་གམ་ཟེར་སྲོལ་ཞིག་ལ་བསྟན་པ་དག་གཙང་དང་བླ་གྲྭ་དག་ཐེར་ཟེར་ནས། མཁས་བླུན་ཀུན་གྱི་ཁ་ནས་འུར་གྱིས་སྒྲོག་ཀྱང་ཡོད་ཚད་བདེན་པ་དང་དོན་དངོས་ཡིན་ག་ལ་དགོས། དེང་སང་རི་བོང་ཅལ་གྱིས་འདྲོགས་འདྲའི་སྨྱུག་ཐོགས་པ་དང་མིན་པ་ཡིན་པར་བསྒྱུར་བའི་ཞེ་མེར་ཞིང་། … ཞིབ་ཏུ་ཀློག →

སྟོན་མཇུག་གི་ཚོར་སྣང་སྐྱུར་མོ།

སྤྱང་གུ་རུ་འཇིགས་མེད། མཛེས་པའི་མེ་ཏོག་འདབ་མ་རླུང་གིས་གཏོར།། ཁྲུང་ཁྲུང་དཀར་མོའི་བསྟར་ཕྲེང་ལྷོ་ལ་འཐེན།། བསིལ་རླུང་དལ་གྱིས་རྒྱུ་བའི་སྟོན་ཁ་དེ།། མི་རྟག་གསང་བརྡ་སྟོན་པའི་ལས་ལ་བྲེལ།། འཇམ་གཉེན་ཁ་བ་ལེབ་མོ་སྒང་ལ་འཐོར།། གསར་སྐྱེས་ལྗོན་པས་མ་ཐེག་མགོ་བོ་དུད།། འཁྱམས་པོའི་ལུས་པོ་དེ་ཡང་འདར་སུག་ས… ཞིབ་ཏུ་ཀློག →

ས་རྩོད་རྩྭ་རྩོད་འདི་ལ་གང་ཅི་བྱེད།

སྤྱང་གུ་རུ་འཇིགས་མེད། ན་ནིང་ལ་རྒྱ་ཟེར་བའི་ཅོང་ཟིག་བརྡུངས་།། དེ་རྗེས་མཐུན་སྒྲིལ་ཟེར་བའི་ཀི་ཞིག་བཏབ།། ཤ་དང་རིགས་རྒྱུད་གཅིག་པའི་གཏམ་ཞིག་སྨྲས།། མི་རིགས་མཐུན་སྒྲིལ་ཟེར་བཞིན་ཞི་བདེ་གླེང་།། ལ་རྒྱའི་ཕྱིར་དུ་ཡོད་ཚད་སྟེར་ནི་བྱུང་།། མཐུན་སྒྲིལ་ཕྱིར་དུ་ཅི་ལའང་བཟོད་ནི་བྱུང་།། ཐམས་ཅད་གཅིག་ཏུ་ས… ཞིབ་ཏུ་ཀློག →

སྣང་བ་རང་ཡན་མ།

མཁའ་ནས་བབས་པའི་མེ་ཏོག་འདི།། སྙིང་ལ་སིམ་པའི་བདུད་རྩི་བཞིན།། དྲོད་སྣང་སྦྱིན་པའི་ཉི་མ་བཞིན།། སྐྱོ་བའི་མུན་པ་གཏོར་ནས་བྱུང་།། མདུན་ན་རྒྱུག་པའི་དགུ་ཆུ་འདི།། བྲེལ་འཚུབ་ངང་ནས་རྒྱུག་ན་ཡང་།། དལ་ཞིང་ཁོམ་པའི་འཁྱམས་པོ་དེས།། ཆུ་འགྲམ་དེ་ནས་ཚོར་བ་རྒུམ།། ཡན་པོར་བཏང་བའི་སྣང་བ་འདི།། ཚོགས་དྲུག་ཡུལ་ལ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑

error: Content is protected !!