རྩོམ་པ་པོ། རས་པ།

མང་གཙོ་ནི་ལམ་ལུགས་ཀྱིས་ཁྱད་ཕྱེས་པའི་མིའི་ཐོབ་ཐང་མངོན་འགྱུར་ལ་ཕན་ཐོགས་ཡོད་པ་ཞིག་ཡིན། རང་དབང་ནི་དེ་ལས་བྱུང་བ་མ་ཡིན་ཡང་། དེ་ལས་རང་དབང་ཆེ་ཙམ་ཡོང་བར་རེ་བ་རྒྱབ་ཆོག

ཆབ་སྲིད་ཀྱི་དམིགས་གཏན་ནི་ཁེ་ཕན་རེད།

ང་ཚོའི་སྤྱི་ཚོགས་ནི་གདོད་མའི་རྣམ་པར་གནས་ཡུན་རིང་དྲགས་ནས་མི་རྣམས་ལ་སྤྱི་ཚོགས་ཀྱི་འདུ་ཤེས་ཧ་ཅང་ཞན། དེ་ལས་ཀྱང་ང་ཚོ་མདོ་ཁམས་ཀྱི་གནའ་བོའི་སྤྱི་ཚོགས་ནི་ “བདག་མེད་ཀྱི་ས་ཆར་”བསྡད་པས་སྲིད་ལུགས་དང་། སྲིད་དོན་པའི་གོམས་གཤིས་ལ་རྒྱུས་མྱོང་མེད་ལ། གོ་བ་ལེན་རྒྱུ་ཡང་ཧ་ཅང་ཁག་པོ་བྱུང་གི་ཡོད། ད་ལྟའི་… ཞིབ་ཏུ་ཀློག →

ལྗང་རླུང་དཔེ་ཀློག་བྱ་འགུལ་ཆེན་མོའི་གསལ་བསྒྲགས། ལྗང་རླུང་རྩོམ་སྒྲིག་ཁང་གིས།

ངེད་ལྗང་རླུང་ཚོགས་པ་ནི། སྤྱི་ལོ་ ༢༠༠༧ ལོར་སེ་ར་ཐེག་ཆེན་གླིང་སེར་བྱེས་བྱ་བྲལ་ཁམས་ཚན་གྱི་གྲྭ་རྐྱང་འགས་རྩ་འཛུགས་བྱས་པའི་ཁེ་མེད་རིག་གཞུང་གི་ཚོགས་པ་ཞིག་ཡིན། ད་ལོར་ལོ་བཅུ་ཏག་ཏག་འཁོར་ཡོད། ལྗང་རླུང་དངོས་སུ་ཚུགས་ནས་ལོ་བཅུ་འགོར་བའི་དུས་ཆེན་དང་སྟབས་བསྟུན། ངེད་ཚོས་བོད་མི་རིགས་ལ་དཔེ་ཀློག་གི་འ… ཞིབ་ཏུ་ཀློག →

ཨ་རིའི་སྲིད་འཛིན་འདེམས་སྒོ་གོ་སླ་བར་བྱས་པ། རྩོམ་པ་བོ་བསྟན་འཛིན།

   
ངོ་སྤྲོད། ཨ་རིའི་ནང་ལ་ད་ལྟ་མི་ཚང་མ་སྲིད་འཛིན་འདེམས་སྒོའི་ཐོག་ལ་བྲེལ་བ་བྱེད་བཞིན་པའི་སྐབས་ལ། ཨ་རི་གཅིག་པུ་མིན་པར། རྒྱལ་སྤྱི་དང་། ཡུལ་གྲུ་མི་འདྲ་བའི་མི་མང་ཚོས་ཀྱང་དེར་དོ་སྣང་བྱེད་མཁན་མང་། ལྷག་པར་དུ་བོད་ནང་གི་མི་མང་རྣམས་ཀྱིས་ཀྱང་དེའི་སྐོར་ལ་དོ་སྣང་བྱེད་པ་སྐད་འཕྲིན་སོགས་ནས་ར… ཞིབ་ཏུ་ཀློག →

གྲོགས་ན་རོའི་ཆང་ས་ལ་བཀྲ་ཤིས་བདེ་ལེགས་ཞུ།

ངའི་གྲོགས་པོ་དང་ངེད་གཉིས་ཁ་བྲལ་ནས་ལོ་ཤས་ཕྱིན་སོང་། ཕྱི་ཡུལ་དུ་འབྱོར་ནས་བསམ་བློ་དང་། དཔལ་འབྱོར། ལས་རིགས་སོགས་ལ་རྒྱབ་སྐྱོར་དང་རོགས་རམ་བླ་མེད་གནང་མྱོང་བའི་གྲོགས་མཆོག་གིས་འཇིག་རྟེན་མཐུན་འཇུག་གི་མཛད་སྒོ་མི་འགྱངས་པར་བསྡུ་རྒྱུའི་མགྲོན་ཤོག་འབྱོར་བས་སེམས་ལ་གནོན་དཀའ་བའི་དགའ་སྣང་ཞིག་སླེབས། … ཞིབ་ཏུ་ཀློག →

རང་སྐྱ་ཐུབ་པའི་དཔལ་འབྱོར་གྱི་བླ་སྲོག་སྐད་ཡིག་ཡིན།

ཉེ་བའི་དུས་སུ་རྒྱ་གར་གྱི་སྲིད་བློན་མཱོ་ཏི་ལགས་ཀྱིས་རྒྱ་གར་དུ་ཧིན་རྡིའི་སྐད་ཡིག་དར་སྤེལ་གཏོང་བར་སྐུལ་འདེད་དང་། སློབ་གྲྭ་སོ་སོར་ཧིན་རྡིའི་སྐད་ཡིག་གི་སློབ་ཚན་བསྐྱར་སྒྲིག་བྱེད་བཞིན་པ་མ་ཟད། སྲིད་བློན་རང་གིས་ཀྱང་གཞུང་འབྲེལ་གཏམ་བཤད་ཁག་ལ་ཧིན་རྡིའི་སྐད་སྐྱོན་བཞིན་ཡོད། གནས་ཚུལ་འདི་ནི་དབྱིན… ཞིབ་ཏུ་ཀློག →

མང་གཙོའི་རིང་ལུགས་ཡག་པོ་རེད་ཅེས་པའི་རྒྱུ་མཚན།

༄༅།། མང་གཙོའི་རིང་ལུགས་ཟེར་དུས་ཕྱོགས་ཐམས་ཅད་ནས་སྐྱོན་ཆ་གང་ཡང་མེད་པ་ཞིག་དང་། རྣམ་པ་ཐམས་ཅད་དུ་ཡང་དག་པ་ཞིག་ཡོད་མ་རེད། འདི་ཁོ་རང་གི་ནང་ལའང་སྐྱོན་ཆ་མང་པོ་དེ་འདྲ་ཞིག་ཡོད་པ་རེད། ནུབ་ཕྱོགས་པའི་དེང་རབས་ཀྱི་མཁས་པ་ཞིག་གིས་ “མང་གཙོའི་རིང་ལུགས་ཟེར་བ་འདི་ཆབ་སྲིད་ཀྱི་རིང་ལུགས་ཧ་ཅང་ཐབས་ཆག་… ཞིབ་ཏུ་ཀློག →

རྒྱལ་སྤྱིའི་བུད་མེད་ཉིན་མོ་ཇི་ལྟར་བྱུང་བའི་སྐོར།  

ཐང་ང་ལྷ་མོས་བསྒྱུར། ལོ་ལྟར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་འཛམ་གླིང་གང་སར་རྒྱལ་སྤྱིའི་བུད་མེད་དུས་ཆེན་སྲུང་བརྩི་བྱེད་བཞིན་ཡོད། དེས་འཛམ་གླིང་གི་བུད་མེད་ཡོངས་དང་ལྷག་པར་དུ་དཔའ་མཛངས་ལྡན་པའི་བུད་མེད་དམ་པ་དག་གི་རྣམ་ཤེས་ལ་བརྩི་བཀུར་མཚོན་གྱིན་ཡོད། ཕྱི་ལོ་༡༩༠༠ ནང་ལ་སྤྱི་ཚོགས་ཀྱི་གཉའ་གནོན་དང་དབྱ… ཞིབ་ཏུ་ཀློག →

ས་རྡུལ་ནི་ཇི་ལྟར་ང་ཚོ་ལ་བེད་སྤྱོད་ཆེ་བ་ཡིན་ནམ།

ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར། ང་ཚོ་མང་ཆེ་བས་ས་རྡུལ་ནི་ང་ཚོ་ལ་གནོད་པ་སྐྱེལ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་དེ་ནི་ས་རྡུལ་གྱི་ཕྱོགས་གཅིག་ཁོ་ན་ལ་ལྟ་བའི་བསམ་ཚུལ་རེད། ས་རྡུལ་ནི་ང་ཚོ་ལ་བེད་སྤྱོད་ཆེན་པོ་ཡོད།འོན་ཀྱང་ས་རྡུལ་བེད་སྤྱོད་ཡོད་པའི་ཕྱོགས་ལ་རྟགས་དཔྱད་མ་བྱས་པའི་སྔོན་དུ་ང་ཚོ… ཞིབ་ཏུ་ཀློག →

ཇི་ལྟར་ཉི་འོད་ཀྱིས་ང་ཚོར་ཕན་ཐོགས་ཀྱི་ཡོད་དམ།

ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར། སྤྱིའི་ཆ་ནས་ཉི་འོད་ལ་འགྲོ་བ་མི་དང་ཚེ་ཡོད་པའི་རིགས་ལ་ཧ་ཅང་ཕན་པའི་ནུས་པ་མང་པོ་ཡོད།འོན་ཀྱང་ཉི་འོད་ཀྱིས་ན་ཚ་སྔོན་འགོག་བྱེད་པ།ནད་དྲག་པ།ནད་གསོ་བ་ལ་སོགས་པ་ཕན་ཐོགས་ཡོད་པས་སྨན་གྱི་རིན་ཐང་དང་གཅིག་མཚུངས་ཡིན་པར་ད་ལྟའི་སྐབས་སུ་ཚན་རིག་གིས་བདེན་དཔང་བྱས་ཡོད། ཉི་འོད་ཀ… ཞིབ་ཏུ་ཀློག →

མཱོ་ན་ལེ་ས་ཡི་རི་མོ་ངོ་སྤྲོད།

ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར། མཱོ་ན་ལེ་ས་(mona lisa)ཡི་རི་མོ་ནི་ནམ་ཡང་ཉམས་པ་མེད་པའི་འཛམ་གླིང་གི་ཆེས་གྲགས་ཅན་གྱི་རི་མོའི་གྲས་ཤིག་ཡིན། དེ་ནི་ལཱོ་ན་འར་ཏཱོ་ངྷ་བན་སི་ (Leonardo da Vinci) ཡིས་བྲིས། རི་མོ་འདི་ནི་ལྐོག་གྱུར་གྱི་འཛུམ་མདངས་ཆེ་བའི་བུད་མེད་ཅིག་གི་སྣང་བརྙན་ཡིན་པས།  གནའ་ནས་ད་ལྟའ… ཞིབ་ཏུ་ཀློག →

ཅིའི་ཕྱིར་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་རེད།

ཚེ་བརྟན་བཀྲ་ཤིས་ཀྱིས་བསྒྱུར། སྔོན་མའི་བཤད་སྲོལ་ལ་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ན་སྨན་པ་ཉེ་སར་མེད་ན་ཆོག་ཟེར་བ་ཁྱེད་ཀྱིས་ཐོས་ཡོད་ངེས། དེའི་དོན་ཅི་ཡིན་ནམ། དེའི་དོན་ནི་ཁྱེད་ཀྱིས་ཉིན་མ་རེ་ལ་ཀུ་ཤུ་རེ་ཟོས་ཚེ་སྨན་པ་ཁྱེད་ཀྱི་ཉེ་འཁྲིས་སུ་མེད་ཀྱང་ཆོག་ཟེར་པ་ཡིན་ནམ། དེའི་དོན་ངོ་མ་ནི་དེ་མ་རེད། དེའི་… ཞིབ་ཏུ་ཀློག →

ཉེན་འཚུབ་གཅིག་གཏམ་རྒྱུད་ཀྱིས་བརྗོད་ན།

དེ་རིང་སླར་ཡང་ང་ཚོའི་སྒྲིག་འཛུགས་ཀྱི་གཏམ་རྒྱུད་བཤད། སྒྲིག་འཛུགས་ནི་ཕྱི་ལོ་1959 ལོར་ཡུལ་སྤོས་ཀྱིས་རྩོད་ལེན་ཅན་གྱི་ངོར་བཙུགས་ཤིང་། ཕྱི་ལོ་1960ལོར་ཏོང་ཧྲཱི་ལྷན་ཚོགས་ལྟ་བུའི་མི་མང་འཐུས་མི་འོས་འཛུགས་བྱས་ཏེ་ཆེས་མཐོའི་དབང་ཚད་ལྡན་པའི་ངང་སྒྲིག་ཁྲིམས་གཏན་འབེབས་དང་། ལོ་རེའི་བྱུང་སོང་རྩིས་རྒ… ཞིབ་ཏུ་ཀློག →

གཉན་པོས་ལྷ་ས་རྩོམ་རིག་མེ་ལོང་གི་རྩོམ་སྒྲིག་པའི་དྲི་བར་ལན་བཏབ་པ།

ངའི་འཆར་ཡན་ཁྲོད་ཀྱི་སྙན་ངག    ངའི་འགྲུལ་བཞུད་ཁྲོད་ཀྱི་མནོ་བསམ། དྲི་བ།  ཁྱོད་རང་ངོ་སྤྲོད་ཅིག་དང་བསྟུན་ཁྱོད་ཀྱི་ཆེད་ལས་ག་རེ་ཡིན་ནམ། ལན།  ངའི་སྐྱེས་མིང་ལ་རྡོ་རྗེ་ཚེ་བརྟན་དུ་འབོད་པ་དང་རྩོམ་ཡིག་འབྲི་དུས་གཉན་པོ་ཞེས་པའི་པིར་མིང་ཞིག་སྤྱོད་ཀྱིན་ཡོད། ང་ནི་ལོ་རབས་བརྒྱད་ཅུ་པའི་ནང་རེབ་གོང་གི་… ཞིབ་ཏུ་ཀློག →

ངའི་སྙན་ངག་གིས་ཀློག་མཁན་རྣམ་པར་དྲི་བ་ཞིག་འདོན་གྱི་ཡོད།

༡ ཁྱོད་རང་ངོ་སྤྲོད་ཞིག་དང་བསྟུན་ནས་ཁྱོད་ཀྱི་ཆེད་ལས་ག་རེ་ཡིན་ནམ། ད་ལྟ་ག་བར་བཞུགས་ཡོད། ལན། ངའི་སྙན་ངག་བྲིས་པ་ལ་རས་པ་(Repa)ཞེས་པའི་མིང་འདི་སྤྱད་ཡོད། མིང་འདི་ནི་མཚོན་དོན་ཅན་གྱི་མིང་ཞིག་ཡིན། བཙན་བྱོལ་དུ་མ་ཡོང་སྔོན་ལ་བོད་ནས་བཙན་པོ་ཞེས་པའི་དུས་དེབ་ཅིག་ཏུ་ང་རང་ངོ་སྤྲོད་བྱས་པའི་ནང་དུ་རས་པ… ཞིབ་ཏུ་ཀློག →

བུ་ཆུང་ཞིག་གིས་ཕྱུག་བདག་ཅིག་ལ་བརྩེ་བ་ཆེན་མོའི་དོན་སྙིང་བསླབ་པ།

གངས་ལྷ་མོས་བསྒྱུར། ཉིན་ཞིག   མ་རྩ་དུང་ཕྱུར་ཅན་གྱི་ཕྱུག་བདག་ཏཱན་ཉི་ཨར་གོམ་འཆམ་འགྲོ་དུས་བུ་ཆུང་ཞིག་ལམ་ཟུར་དུ་སར་སྒུར་ནས་བསྡད་པར་མཐོང་། བུ་ཆུང་གི་ལག་ཏུ་རྩ་རྐང་ཞིག་བཟུང་སྟེ་ས་ལ་རེག་བཞིན་འདུག ཏཱན་ཉི་ཨར་ཡ་མཚན་དང་བཅས་མར་སྒུར་ནས་བུའི་མགོ་ལ་བྱིལ་བྱིལ་གྱིས། གྲོགས་པོ་ཆུང་ཆུང་། ཁྱོད་ཀྱིས་ག་ར… ཞིབ་ཏུ་ཀློག →

དཔེ་དེབ་ཅིག་གི་སྔོན་དུ་བྲིས་པའི་ཡི་གེ།

《དབྱངས་ཞུགས་པའི་ང་རོའི》སྔོན་དུ་གླེང་བ། རས་པ། མངོན་པར་འབྱུང་བའི་མདོ་ཞེས་པར་གསལ་བའི་སྙན་ངག་གི་གལ་གནད་རང་བཞིན་ཇི་ཡིན་སྐོར་ལུང་འདྲེན་བྱས་པ་ཞིག་རྩོམ་རིག་སྐོར་གྱི་དཔྱད་རྩོམ་དག་ལས་འཕྲད་ཡོང་།  དེ་ནི་ “བྱང་ཆུབ་སེམས་དཔའ་སེམས་ཅན་འདུན་པར་བྱ་བའི་ཕྱིར་སྙན་ངག་གི་བསྟན་བཅོས་བསླབ་པར་བྱ་སྟེ་”ཞེས་པ་… ཞིབ་ཏུ་ཀློག →

རང་ཉིད་ཀྱི་ཁོར་ཡུག་ཏུ་གད་སྙིགས་ཀེ་ལོ་ག་ཚོད་འདུག

རྩོམ་པ་པོ། ཁྲོ་གཏུམ། ང་ཚོ་མི་གཅིག་གི་ཁོར་ཡུག་ལ་ལྟ་སྐོར་དུ་འགྲོ། ཡང་ན་རང་ཉིད་ཁོ་ནའི་ཁོར་ཡུག་ལ་ལྟ་སྐོར་བྱེད། ཐོག་མར་རང་ཉིད་ཀྱི་ནང་སྒོ་ཕྱེ་སྟེ། ཁྱོད་ཀྱིས་རང་ཉིད་འདུག་སའི་ཉེ་འཁོར་དུ་མིག་ཟུང་གཟབ་ནན་གྱིས་གཟིགས་རོགས། གད་སྙིགས་ཀྱི་རྒྱལ་བོ་ནི་ཐབ་ཚང་དུ་ཡོད་པས་ན།  ཐོག་མར་ཐབ་ཚང་གི་གད་སྙིགས་བ… ཞིབ་ཏུ་ཀློག →

《 ཨ་མས་སྙིང་ནས་གདམས་པའི་གླུ》དང་མི་ཇུས་ཀྱི་གཏམ།

<<ཨ་མས་སྙིང་ནས་གདམས་པའི་གླུ་>>ཞེས་པ་འདི་ནི་རྒྱ་ནག་པོའི་ཡུལ་ལ་གྲགས་པ་ཆེར་རྒྱས་པའི་སྙན་ངག་སྨྲ་བ་ཡི་དམ་ཚེ་རིང་ལགས་དམ་པས་བརྩམས་གནང་བའི་སྙན་ངག་ཅིག་ལགས་ཤིང་།  ཁག་བདུན་ཅན་གྱི་སྙན་ངག་འདི་ཉིད་ལས་རྩོམ་པ་པོས་རང་གི་རིགས་རྒྱུད་ཀྱི་འཚོ་བའི་གནས་ལུགས་ལས་ལེགས་པར་བཏུས་པའི་བསླབ་བྱ་དང་། … ཞིབ་ཏུ་ཀློག →

ཡུལ་གྱར་དང་རྟོག་པའི་མཛེས་རིག

—ཧིན་རྡི་སི་ཏཱན་དང་པཱ་ཀ་སི་ཏཱན་གྱི་ས་མཚམས་Wagah Border ལ་སོང་བའི་ཟིན་བྲིས། དང་པོ། ཧིན་རྡི་སི་ཏཱན་དང་པཱ་ཀ་སི་ཏཱན། ང་ཚོས་པན་ཇ་པེ་མངའ་སྡེའི་དབུས་ས་ནས་གླ་གཏོང་རླངས་འཁོར་གླས་ནས་ས་མཚམས་སུ་བསྐྱོད་ཅིང་། ས་མཚམས་འདིར་འགྲོ་མཁན་ཧ་ཅང་མང་པོ་འདུག ལམ་ཐག་རིང་བ་དང་ཚ་དུབ་ཆེན་པོའི་ངང་དམིགས་སའི… ཞིབ་ཏུ་ཀློག →

བྱིས་པས་བརྙན་འཕྲིན་ལྟ་བར་སྟངས་འཛིན་ཇི་ལྟར་བྱེད་དགོས་སམ། ཉི་མ་འཚོ།

[རྩོམ་མཁན་ངོ་སྤྲོད།] ཉི་མ་འཚོའམ་མུ་ཏིག་ནི་སྒྲུང་གཏམ་གཙོས་པའི་རྩོམ་ཡིག་སྣ་ཚོགས་འབྲི་བའི་བུད་མེད་རྩོམ་པ་པོ་ཞིག་དང་དྲ་བའི་ཟིན་བྲིས་པ་ཞིག་ཡིན། མདོ་སྨད་འབོ་ར་ནས་སྐྱེས་ཤིང་ཆུང་དུས་ནས་སློབ་གྲྭ་འགྲིམས། སློབ་འབྲིང་མཐར་ཕྱིན་ལ་ཉེ་དུས་ཀྱི་ཕྱི་ལོ་ ༡༩༩༩ ལོར་བོད་ཕྱི་ལོགས་སུ་འབྱོར་ཏེ་སུ་ཇཱ་སློབ་… ཞིབ་ཏུ་ཀློག →

མི་སེར་སྤེལ་བའི་སྲིད་ཇུས་ཀྱི་བྱུང་རབས་དང་མངོན་རྟགས།

ཐུར་ཁེ་(Tarkey)རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུས་རབས་ ༡༥ དང་ ༡༦ ལ་ (ཕྱི་ལོ་ ༡༣༥༦ ནས་ ༡༦༣༥) ཨོ་ཊོའོ་མཱན་རྒྱལ་བརྒྱུད་ (Ottoman Empire) ཀྱིས་མི་སེར་གནས་སྤོས་སམ། མི་སེར་ཡུལ་སྤོས། མི་སེར་སྤེལ་བའི་སྲིད་ཇུས་ཀྱི་འབྱུང་རྩ་ལག་བསྟར་བྱས་པར་གྲགས་ཤིང་། ཨོ་ཊོའོ་མཱན་རྒྱལ་བརྒྱུད་འོག་གི་ཝའི་ལའ་ཡེ་ཊི་(Vi… ཞིབ་ཏུ་ཀློག →

གྲོགས་པོ་ཞིག་ལ་དྲན་གསོ་ཞུ་བ།

མི་ཚེ་ནི་གཞུང་ལམ་ཐོག་གཏོང་བཞིན་པའི་རླངས་འཁོར་དང་འདྲ། དེ་ཡི་རྐྱེན་གྱིས་འཁོར་དགག་གི་གནད་དོན་ལ་གཡོལ་ཐབས་མེད་པའི་དུས་ཧ་ཅང་མང་། དལ་ལྷོད་དང་ཞི་འཇམ། གཟབ་ནན་ངང་གཏོང་མཁས་ཀྱི་རླངས་འཁོར་ཁ་ལོ་བ་ཞིག་ལ་མཚོན་ནའང་། བརྒྱ་ཆའི་བརྒྱ་རང་ཉིད་ཀྱི་སྲུང་སྐྱོབ་ལ་འགན་སྲུང་ཐུབ་པར་སུ་ཡིས་བཤད་ནུས། བཤད་མི་ཐུབ་… ཞིབ་ཏུ་ཀློག →

ང་དང་ལས་དོན་རུ་ཁག

རས་པ། རྩོམ་འདིའི་ཁ་བྱང་དུ་བཀོད་པའི་༼ལས་དོན་རུ་ཁག་༽ནི་རིག་གསར་སྐབས་བོད་ཡིག་ནང་ཐོན་པའི་བརྡ་ཆད་ཅིག་ཡིན་ཞིང་། བགྲེས་པོ་རྣམས་ཀྱིས་འདི་ཐོས་ཚེ་སེམས་ལ་ཞེད་སྣང་གི་ཚོར་བ་ཞིག་ཡོད་འདུག ལོས་ཡིན། འདི་ནི་སྲིད་དོན་༼གསར་བརྗེའི་༽དུས་སྐབས་དག་ལ་མ་གཏོགས་ཕལ་ཆེར་འབྱུང་དཀའ་བར་སྙམ།  ཧེས་ཐའི་ལིའི་ལས་དོན་ར… ཞིབ་ཏུ་ཀློག →

རྒྱལ་ཁམས་དང་གྱེས་པའི་གདུང་གླུ།

རས་པ། ____སྙན་ངག་འདི་ནི་གུས་པའི་རྩོམ་གྲོགས་རྣམས་ལ་ལོ་གསར་བའི་ལེགས་སྐྱེས་སུ་ཕུལ་བ་ཡིན། གླེང་གཞི། ངས་ཕ་ཡུལ་ཞེས་པའི་དྲན་ཐོ་ཞིག་ཡང་ཡང་བཀླགས་ཀྱིན་ཡོད ཡང་ཡང་བཀླགས་ཀྱང་རྙེད་རྒྱུ་མ་བྱུང་བའི་དེབ་ཐེར་དེ་ནི ཧི་མ་ལའི་རླུང་ཁར་གཤེགས་པའི་ཚྭ་འཚོང་རྒན་པོ་ཞིག་ནང་བཞིན མི་རྣམས་ཀྱིས་བུ་རབས་ཚ་རྒྱུད་ལ་… ཞིབ་ཏུ་ཀློག →

« ཅུང་རྙིང་བའི་རྩོམ་ཡིག

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑