རྩོམ་པ་པོ། རླངས་ཚང་བསོད་ནམས་རྡོ་རྗེ།

བྱིས་པའི་སློབ་གསོ་ནི་ཤི་སོང་ཡང་མིག་བཙུམ་མི་ཐུབ་ས་དེ་ཡིན།

ལོ་གཅིག་རྫོགས་མཚམས་འདིར་རང་ཉིད་ཀྱི་ལས་ཀར་ཕྱིར་འདང་ཞིག་བརྒྱབ་ན།

སྤྱིའི་གནས་ཚུལ། ལོ་བརྒྱད་ཀྱི་སྟེང་རྒྱལ་བོ་སྒང་སློབ་ཆུང་དུ་ཞུགས། དམའ་འབྲིང་གཉིས་པའི་སྐབས་སློབ་མཚམས་འཇོག་དགོས་བྱུང་། གྱང་རྡུང་མཁན་དང་ཤིང་གཅོད་མཁན་སོགས་ཀྱི་ལས་ཀ་མང་པོ་བྱས། ལོ་ཉེར་གསུམ་སྟེང་སླར་ཡང་སློབ་གྲྭར་འགྲོ་བའི་སྐལ་བ་ལྡན། ལོ་༣༡་སྟེང་སློབ་མཐར་ཕྱིན། ༢༠༠༦ལོར་ཀུན་ཕན་ཐེབས་རྩ་ཚོགས་པར་… ཞིབ་ཏུ་ཀློག →

རྣལ་འབྱོར་གྱི་དབང་ཕྱུག་རྗེ་མི་ལའི་རྣམ་ཐར་གྱི་རྐུན་མ་དབུས་ལྷ་ལྡན་ཞིང་གི་མགོ་ཁྲིད་མཐོན་པོ་གཉིས་རེད།

༢༠༡༦ལོའི་ཟླ་བཅུ་གཉིས་པའི་ཟླ་མགོར་རྒྱུན་གྱི་གོམས་སྲོལ་ལྟར་རེབ་གོང་ཐོན་མིའི་རིག་གནས་དཔེ་ཁང་དུ་སོང་། དེར་དཔེ་ཆ་གསར་བ་ཐོན་ཡོད་མེད་ལ་མིག་བཤེར་ཞིག་བྱེད་དུས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར། ཞེས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ཞིག་སླེབས་འདུག བ… ཞིབ་ཏུ་ཀློག →

ལས་བྱ་ཞེས་པ་འདིས་དོན་དམ་སློབ་མར་རོགས་འདེགས་ག་འདྲ་བྱེད་ཀྱི་ཡོད་དམ།

ད་ནི་མཚན་མོའི་དུས་ཚོད་བཅུ་བར་སླེབས་ལ་ཉེ། དེ་རིང་གཟའ་ཉི་མ་ཡིན་ཡང་ལོ་རིམ་དང་པོ་ཡིན་པའི་བུ་ཆུང་གིས་ཞོགས་པ་ནས་ཉིན་གུང་བར་ལས་བྱ་བྲིས་སོང་། ཁ་སང་གཟའ་སྤེན་པ་ཡང་དེ་བཞིན་ཡིན། ལས་བྱ་ནི་བོད་རྒྱ་རྩིས་གསུམ་ལ་རེ་རེ་འདུག རྩིས་རིག་གི་ལས་བྱ་ནི་སྣོན་འཕྲིའི་སྐོར་སླ་མོ་རེ་རེད་འདུག་པས་དེ་རིང་ཉིན་གུང་… ཞིབ་ཏུ་ཀློག →

ཉིན་ཐོ་ཚན་པ་གཉིས། རྩོམ་པ་པོ། རླངས་ཚངས་བསོད་ནམས་རྡོ་རྗེ།

ཕ་རེ་སིའི་རྒྱ་སྲང་གི་ལག་འཇུ་ཞིག   གྲོང་ཁྱེར་ཕ་རེ་སི་ནི་གནའ་དུས་ཀྱི་བཟོ་བཀོད་མ་ཉམས་གཅེས་འཛིན་བྱེད་ཅིང་དེང་རབས་ཚན་རིག་གི་མགྱོགས་འགྲོས་མྱུར་བའི་གྲོང་ཁྱེར་ཕྱུག་པོ་ཞིག་རེད།གནས་འདིར་ཤར་ནུབ་རྒྱལ་ཁབ་གང་ས་ནས་ཕེབས་ཡོང་བའི་སྐྱབས་བཅོལ་བ་དང་།ཡུལ་སྐོར་བ།ཨེ་ཤ་ནས་འབྱོར་བའི་གཞང་བཙོང་མ་དང་།སླ… ཞིབ་ཏུ་ཀློག →

དགོངས་དག་ཞུ་ཡིག

ཁར་ཉིན་ཁོ་བོས་ “སློབ་མ་ན་གཞོན་རེ་སློབ་གྲྭ་ནས་གཏན་འབུད་བྱེད་པ་ལས་དགེ་རྒན་སྒེར་གཅོད་པ་རེ་རེ་ལས་གནས་ནས་བུད་ན་ཕན་ཆེ།” ཞེས་པའི་རྩོམ་ཡིག་ཅིག་ཕྱེད་རབ་བཏགས་བརྩམས་སྒྲུང་དང་། ཕྱེད་གསར་འགྱུར་རྩོམ་ཡིག་གི་ལམ་ནས་བྲིས་པའི་འབོལ་རྩོམ་ཞིག་བཙན་པོའི་དྲ་བར་བཀོད་པ་དང་། རྩོམ་ཡིག་དེ་དྲ་ངོས་སུ་བཀོད་ནས་ཡུ… ཞིབ་ཏུ་ཀློག →

ཁོ་བོའི་རྩོམ་ཡིག་ཅིག་དང་འབྲེལ་བའི་སྐད་ཆ་ཐན་ཐུན།

ང་ཚོའི་ཡི་གེ་བའི་སྡེ་ན་སྤམ་རྫུ་ཤོར་བར་ཟོན་པ་ཆེས་ཆེར་བྱེད་པའི་གཡོ་ཅན་ཝ་མོའི་རིགས་ཤིག་དང་། ཁ་མྱིང་སྣ་མྱིང་འདོགས་པར་གོམས་ཤིང་རང་ཉིད་ཀྱིས་མི་འདོད་པའི་ཚིག་ཟུར་ཙམ་མཐོང་བ་ཚུན་ལ་དགག་ལན་གཅིག་མིན་གཉིས་མིན་དུ་བྲིས་ཏེ་རང་ཉིད་མཆོག་དང་མཁས་པར་འདོད་མཁན་གྱི་རིགས་ཤིག གཞན་གྱི་བྱས་པ་ལ་བརྟེན་ནས་རང་གི… ཞིབ་ཏུ་ཀློག →

ནུབ་གླིང་གི་དྲིན་བཟོའི་དུས་ཆེན་དང་འབྲེལ་བའི་སྐད་ཆ་འགའ།

བོད་ཀྱི་སྤྱི་ཚོགས་ཁྲོད་སྐད་འཕྲིན་དར་བ་ནས་སྤྱོད་སྒོ་འདི་ཉིད་ཉེས་པའི་རིགས་ཤིག་ཏུ་བགྲང་ནས་སྐད་ཆ་བཤད་མཁན་མང་པོ་ཞིག་ཡོད་པ་ལས་སྐད་འཕྲིན་དར་བ་ནས་རྣ་ཡ་འོན་པ་དང་མིག་ཡ་ཞར་བ་ལྟར་འཚོ་བའི་བོད་པའི་སྤྱི་ཚོགས་ཀྱིས་ཀྱང་གསར་འགྱུར་སྣ་ཚོགས་དང་། འཛམ་གླིང་གི་ཟ་དང་ཟུར་གྱི་གནས་ཚུལ་མང་པོ་ཞིག་ངང་གིས་ཤེས་ག… ཞིབ་ཏུ་ཀློག →

ཡབ་ཆེན་གན་དྷི།

རྩོམ་མཁན། ལེ་སུ་ལེ.ལེ་བེ་ཊ། ༼རྒྱ་གར།༽ རླངས་ཚང་བསོད་ནམས་རྡོ་རྗེས་རྒྱ་གར་གྱི་གྲགས་ཅན་མི་སྣ་བཅུ་ཞེས་པའི་དབྱིན་དེབ་ནས་བདམས་ཏེ་བསྒྱུར། སྤྱི་ལོ་གཅིག་དགུ་ཞེ་བརྒྱད་ལོའི་ཟླ་དང་བོའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། སྐུ་ན་ཅུང་ཟད་བགྲེས་པའི་མི་ཞིག་རང་གི་བཞུགས་ཤག་གི་སྒོ་ར་བརྒྱུད་དེ་ཧིན་དྷུའི་ཆོས་ལ… ཞིབ་ཏུ་ཀློག →

དཔེ་དེབ་དཔེ་མེད་ཅིག་སྟེ། དྷི་ལྷ་ལྡན་ལགས་ཀྱིས་བརྩམས་པའི་སྟོན་པ་ཚད་གྲུབ་སྐོར་གྱི་དཔྱད་དེབ་གཉིས་པ། དོགས་པའི་ཚོམས་ཀྱི་རྩོམ་སྒྲིག་པར་ཡུས་བཤད་པ།

༼དཔེ་དེབ་འདི་བཀླག་གིན་བཀླག་གིན་ཚོར་བ་འདིས་མ་བཏང་བར་ཐོལ་གྱིས་ཡིག་ངོར་བཀོད་པ་ཡིན་པས་གནས་ལུགས་ལས་ཚོར་བའི་དབང་དུ་སོང་དྲག་པའི་སྐད་ཆ་རེ་ཡོད་ཤ་སྟག་ཡིན་ན་ཀློག་པ་པོ་དག་ལ་དགོངས་དག་ཞུ།༽ ཁར་ཉིན་རྔ་བ་ནས་དྷི་ལྷ་ལྡན་ལགས་ཀྱིས་བརྩམས་པའི་སྟོན་པ་ཚད་གྲུབ་སྐོར་གྱི་དཔྱད་དེབ་གཉིས་པ་དོགས་པའི་ཚོམས་སམ་དངོ… ཞིབ་ཏུ་ཀློག →

ཁ་བ་སྙིང་ལྕགས་དྲན་བཞིན་ཡོད། མདང་ནུབ་ལྷག་ཏུ་དྲན་པར་བྱས།

མདང་ནུབ། བདག་གི་བུ་ཆེ་བས་ཨ་ཕ་ལགས། ང་ལ་གནའ་གཏམ་ཤོད་དང་། གནའ་གཏམ་འབུ་མེ་ལྕེབས་ཤོད་དང་ཟེར། སྒྲུང་གི་ནང་དོན་ཁོའི་ཨ་མས་བཤད་པ་ལྟར་རོབ་ཙམ་ཤེས་ཡོད་ལས་ཆེ། མིང་དེ་ནི་གསལ་བོར་སེམས་ལ་ངེས་འདུག ངས་འབུ་མེ་ལྕེབས་ཞེས་པའི་དཔེ་མིང་དེ་གོ་བ་དང་གྲོགས་འདས་པོ་སྙིང་ལྕགས་ལགས་ཀྱི་མིང་གིས་འབོད་ཀྱིན་པའི་སྣང་… ཞིབ་ཏུ་ཀློག →

ཞོགས་དུང་གིས་དགེ་འདུན་པའི་མདུན་ནས་ཐ་མག་འཐེན་པ་དང་འོད་ཟེར་གྱིས་དགེ་སློང་གི་སྒོ་བཅག་སྟེ་རྡུང་རྩིས་བྱས་པ་གཉིས་ལས་གང་ལ་སྐྱུག་བྲོའམ།

“གྲྭ་གཟུགས་ཙམ་བཟུང་ནས་ཞོགས་དུང་དང་ལྷན་དུ་ཚར་བསུར་ཕུད་ཁུལ་བྱེད་པ་དང་ཞོགས་དུང་གིས་སྤྱི་བའི་འཁོར་ཡུག་ནང་གྲྭ་བ་དེ་ཚོའི་སར་འཛེམ་མེད་དུ། དུ་བ་འཐེན་པ་སོགས་ནི་ངོ་མ་དགོད་བྲོ་བ་ཞིག་དང་ཁྱད་གསོད་ཀྱི་སྣང་ཚུལ་ཞིག འདི་ལ་བསམ་ན་གྲྭ་བ་དེ་ཚོར་ཅི་བྱུང་སོང་། གཞན་ཡང་གྲྭ་བ་དེ་ཚོས་ངེས་པར་དུ་བོད་ཀྱི་ལོ་ར… ཞིབ་ཏུ་ཀློག →

གྲོ་ཕྱེ་རྒྱ་མ་ལྔ་བཅུས། སྡེ་བ་ཁྲག་དཀྲུག་སྣག་དཀྲུག

—- མེད་པོ་རེད་ལབ་ན་ཁོང་ཁྲོ་ལངས་ངེས། ཕྱུག་པོ་རེད་བསམ་ན་མུག་སྐྱོབ་མཁོ། N སྡེ་བའི་སྡེ་དཔོན་དང་ཧྲུའུ་ཅི་གཉིས་ཀྱིས་ལག་ཏུ་ཁ་བཏགས་རེ་བཟུང་ནས་སྡེ་འདབས་ན་ཡར་ཡོང་བཞིན་པའི་རྐང་གསུམ་འཁོར་ལོའི་ཕྱོགས་སུ་ཅེར་ནས་སྒུག་འདུག རྐང་གསུམ་འཁོར་ལོ་དེ་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་ཟེར་བའི་ཁང་བ་རྫིག་པོ་དེའི་སྒ… ཞིབ་ཏུ་ཀློག →

ལོ་གསར་བའི་ནང་བོད་པའི་བྱིས་པ་ཡོངས་ལ་སློབ་གྲྭ་ཞེས་པའི་རྩེད་ར་དང་ཤོག་སྨྱུག་ཅེས་པའི་རྩེད་རོགས་ཤིག་ཡོད་པར་སྨོན།

གྲོགས་པོ་མང་པོ་ཞིག་གིས་བསམ་དོན་ལྷུན་འགྲུབ་དང་ཚེ་རིང་ནད་མེད་སོགས་ཀྱི་ལོ་གསར་ཤིས་ཚིག་ཉིན་འགའི་སྔོན་ནས་བསྟུད་མར་འབྱོར་གྱིན་འདུག འདི་ནི་གཅིག་གི་ལད་མོ་གཅིག་གིས་བཤད་བཞིན་པ་ཙམ་ལས། མིའི་འབྲེལ་ལམ་སྐད་འཕྲིན་དང་ཁ་པར་ཁོ་ནས་འཛིན་ཐུབ་པ་ཞིག་མ་རེད་ལ། ལོ་གསར་གྱི་ཤིས་ཚིག་ཀྱང་ཁ་པར་དང་སྐད་འཕྲིན་ཁོ་ན… ཞིབ་ཏུ་ཀློག →

ཀན་སུའུ་ཚང་གི་རྩོམ་སྒྲིག་པ་ཞིག་དང་འབྲེལ་ནས་ཞིང་གཤེགས་སྨན་པ་དགེ་འདུན་རྒྱ་མཚོ་རྗེས་སུ་དྲན་པ།

༼ཁྱོད་ཀྱིས་གཞན་ལ་བུ་ལོན་ཆད་པའམ་ནག་ཉེས་ཆེ་ཆུང་གང་ཞིག་ཡོད་ན་ཡང་ཕ་རོལ་བོའི་ཁ་པར་ལ་ཨ་ལན་མི་སྤྲོད་པ་ནི་མི་གཞིའི་ཀུན་སྤྱོད་ཀྱི་ངོས་ནས་ཆེས་ཐ་ཤལ་དེ་ཡིན།༽ ད་ལོའི་སྟོན་མཇུག་ཙམ་རེད། ང་ཕ་ཡུལ་དུ་སོང་ཐེངས་ཤིག་ལ། ཨ་མས། “ཨ་ཁུ་(༢)དགེ་འདུན་རྒྱ་མཚོ་ན་ནས་ཡུལ་དུ་ཡོང་འདུག ད་དྲག་བསྐྱེད་འབྱུང་དཀའ་ས་རེད་… ཞིབ་ཏུ་ཀློག →

བོད་ཡིག་བོད་སྐད་ཤེས་པ་འདི་ངའི་བསོད་ནམས་རེད།

དྲི་བ། རྒན་ལགས་ཁམས་བཟང་། ཐོག་མར་སྐུ་ཉིད་ཀྱིས་བདག་གི་བཅར་འདྲི་འདི་དང་ལེན་གནངས་པར་བཀའ་དྲིན་ཆེ་ཞུ། རྒན་ལགས་ཀྱི་སྐྱེ་ཁུངས་དང་ནང་ཆོས་ལ་སློབ་གཉེར་ཞུས་པའི་རིམ་པ་མདོར་བསྡུས་ཤིག་གསུངས་རོགས། ལན། ང་རང་ཕྱི་ལོ་ ༡༩༥༦ ལོར་ཨ་ཡེ་ལན་ཊིའི༼Island༽ ་ཁེའོ་པ་༼Cuba༽ཞེས་པར་སྐྱེས། རང་ལོ་གསུམ་ལ་སོན་དུས་ཏེ་… ཞིབ་ཏུ་ཀློག →

རིས་མེད་མཁས་པའི་གཙུགས་རྒྱན་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་རྣམ་ཐར་བོད་འགྱུར་མ།

སློབ་དཔོན་ཆེན་མོ་ཐུབ་བསྟན་བློ་གསལ་༼Prof Jose Cabezon༽མཆོག་གིས་བརྩམས།༼ཨ་རི།༽ རླངས་ཚང་བསོད་ནམས་རྡོ་རྗེས་དབྱིན་ཡིག་ལས་བསྒྱུར། སྒྱུར་མཁན་གྱི་གསལ་བཤད། ༼རྣམ་ཐར་འདི་ཉིད་གུས་པས་བོད་བསྒྱུར་བྱས་ནས་ལོ་ཡི་ཉག་མ་རེ་ཟུང་འགོར་ཟིན་ཞིང་། དེ་ཡང་ཨ་རིའི་སན་ཊ་བྷ་བྷི་ར་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཐུབ… ཞིབ་ཏུ་ཀློག →

འཆི་མེད། ཁྱོད་ལ་རྟེན་འབྲེལ་ཞུ།

གཏགས་མཁན་གྱི་གཏམ། ༼དགེ་རྒན་དཔལ་མོས་བརྩམས་པའི་ “འཆི་མེད། ཁྱོད་ལ་རྟེན་འབྲེལ་ཞུ་”ཞེས་པ་འདིར་མཚོན་ན། ནམ་རྒྱུན་གྱི་རྟེན་འབྲེལ་ཞུ་སྟངས་ལས་བརྒལ་བའི་རྟེན་འབྲེལ་ཞུ་སྟངས་གཞན་ཞིག་ཡིན་པས། ཀློག་པ་པོས་གློ་བུར་དུ་དང་ལེན་བྱེད་ཐུབ་པ་ཞིག་མིན་མོད། འོན་ཀྱང་། རྩོམ་ཡིག་འདི་དང་འབྲེལ་ནས་འཆི་མེད་ཀྱི་ལས་ད… ཞིབ་ཏུ་ཀློག →

སྡེ་དཔོན་ཧྲུའུ་ཅིར་ངོ་ཚ་མེད། སྡེ་བ་གཞུང་ལ་ཟས་སྐལ་བཅད།

ཞིང་སྡེ་གསར་བའི་འཛུགས་སྐྲུན་མགོ་ཚུགས་པ་ནས་ད་ལྟའི་བར་དུ་Nསྡེ་བའི་འགྱུར་ལྡོག་ཆེ་ཤོས་ནི། སྡེ་དཔོན་དང་ཧྲུའུ་ཅིར་འབྲེལ་བ་ཆེ་བའི་ཁྱིམ་ཚང་རེ་འགའི་སྡོད་ཁང་ཡག་པོ་དག་ཉེན་ཡོད་སྡོད་ཁང་གི་གྲས་སུ་བཞག་ནས་གསར་བ་ལས་པ། སྡེ་བའི་སྲང་ལམ་ལ་ཨར་འདམ་གྱི་ལམ་བླུགས་པ་དང་། ཉི་འོད་ནུས་པའི་གློག་སྒྲོན་སྤར་བ་སོག… ཞིབ་ཏུ་ཀློག →

འུ་ཚང་ལ་6+4=9 རེད་ཟེར་བའི་དགེ་རྒན་མང་པོ་ཡོད།

༡༩༤༩ ལོར་དབུས་འགྱུར་ལྷ་ལྡན་ཞིང་དུ་བཅིངས་གྲོལ་དམག་ཡོང་སྟེ། འདུ་ཁང་དག་གི་གྲལ་སྔ་ནས་ཕྱག་འཚལ་ཞིང་སྐོར་བ་རྒྱབ། དགེ་འདུན་མང་ལ་འགྱེད་རྒྱབ་པས། ལྷ་ས་ནས་ “གུང་ཁྲན་ཏང་ཕ་མའི་ཕ་མ་རེད། དངུལ་རྡ་ཡང་ཆར་བ་འབབ་འབབ་རེད།” ཅེས་པའི་གླུ་སྐྱིད་པོ་བླངས་ཏེ་ཉི་མ་ཨན་ཙམ་གཏོང་ཐུབ་པ་བྱུང་ཡོད། ད་ལྟ་བོད་ཀྱི་སློབ་… ཞིབ་ཏུ་ཀློག →

མི་སྐྱ་ཞིག་གི་མིག་དབང་ལ་འཁོར་བའི་དགེ་བཤེས་ལྷ་རམས་པ།

—-བོད་ནང་དུ་ཕྱིར་ལོག་པའི་ལྷ་རམས་པ་རེ་ཟུང་གི་སྤྱོད་པ་ལ་གཞིར་བྱས་ཏེ་བྲིས། ༼བཀའ་སློབ་རིན་པོ་ཆེ་ལས། “རབ་ཏུ་བྱུང་བའི་རྟགས་ཆ་ལུགས་བཅངས། སྤྱོད་པ་གང་བྱུང་བྱས་ན་བསྟན་པར་ཞབས་འདེགས་བསྒྲུབ་རྒྱུའི་ཚབ་ཏུ་ཞབས་འདྲེན་དུ་འགྲོ་གི་ཡོད།” “སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན་ན་མདོ་སྔགས་སྤྱིའི་འགྲོ… ཞིབ་ཏུ་ཀློག →

ལྷ་སའི་བསླངས་པའི་གླུ།

ལྷ་སས་བསླངས་པའི་གླུ། དབུས་གྱུར་ལྷ་ལྡན་ཞིང་གི་ཡིད་བཞིན་ནོར་བུ།། གསར་ཞལ་སྔར་ལས་ནག་པོར་གྱུར་པ་ཅི་རེད།། མར་ཁུ་བསྐྱར་འཁོར་ཡང་འཁོར་བྱས་པ་མང་པས།། འཚིག་དྲེག་ནག་པོས་ཞལ་ལ་གནོད་པ་ཨེ་རེད།། ཕོ་བྲང་དམར་པོའི་ནང་ནོམ་དད་བརྟེན་ཁེར་མོ།། ན་ནིང་ཐོད་པ་གཏུགས་ནས་བྱིན་རླབས་ཞུས་ཀྱང་།། ད་ལོ་འཁྲིས་ལ་འགྲོ་བའ… ཞིབ་ཏུ་ཀློག →

སྙན་ངག་རྙིང་བ་ཞིག་འགོད་འདོད་བྱུང་སོང་།

གངས་སེང་དྲན་པའི་རྒྱང་གླུ། ———པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་སུ་ཕྱིན་རྗེས། ཉིན་མོ་སྨག་གིས་བཟུང་བའི་རི་གྲོང་འདི་ན།། རྣ་ལ་གཟན་པའི་གཏམ་ལས་གོ་རྒྱུ་མི་འདུག། གངས་སེང་རི་ནས་བོར་བའི་གཏམ་རྒྱུད་བཞིན་དུ།། ཡུལ་རིའི་རྒྱན་ཆ་ཐམས་ཅད་གཞན་དུ་བཞུད་ཐལ།། བྱམས་བརྩེའི་ཕུག་རོན་དཀར་མོའི་གཤོག་རླ… ཞིབ་ཏུ་ཀློག →

ཨ་ནུ་དཔེ་ཚོགས་ལས་གཉའ་ཁྲི་བཙན་པོ་ཞེས་པའི་འདྲ་རིས་དེབ་ཀྱི་སྐོར་ལ་ཕུལ་བའི་བསམ་ཚུལ་མདོར་བསྡུས།

ཉེ་སྔོན་ནས་དྲ་ལམ་དུ་བྱིས་པའི་ཀློག་དེབ་“ཨ་ནུ་དཔེ་ཚོགས་”སྐོར་འགྲེམས་སྤེལ་ཞུ་ཉེའི་སྐོར་མང་པོ་ཞིག་གིས་བརྒྱུད་བསྐུར་བྱེད་བཞིན་འདུག་པར་དགའ་སྤྲོ་དང་བཅས། ངས་ཀྱང་“བདག་གིས་ཡུན་རིང་རེ་ཞིང་སྒུག་པའི་དཔེ་དེབ་འདི་དངོས་སུ་ཚོར་རར་བཀྲམས་པར་རྟེན་འབྲེལ་ཞུ།” ཞེས་སྐད་འཕྲིན་གྱི་བར་སྟོང་ལ་བཞག ཁར་ཉིན་རེབ… ཞིབ་ཏུ་ཀློག →

སློབ་གསོའི་སྣེ་ཁྲིད་པར་འདོད་པའི་སློབ་གཙོ་ཞིག་གི་བྱེད་བབ་ལ་རྒོལ་བ།

ཕྱི་ལོ ༢༠༡༢ ལོར་ད་ལྟའི་བར་ཡུལ་རེབ་གོང་ངམ་བོད་ཁམས་སུ་འབྱུང་དཀོན་པའི་བྱ་བ་རླབས་ཆེན་ཞིག་བྱུང་བ་ནི་རེབ་གོང་སེང་གེ་གཤོང་གི་དམངས་ཚོགས་རང་ངོས་ནས་འགྲོ་སོང་ཕོན་ཆེན་བཏང་སྟེ་བྱམས་སྐྱོང་བུ་གསོ་ཁང་དང་པོ་ཞེས་ལོ་གསུམ་ནས་དྲུག་དབར་གྱིས་བྱིས་པ་དག་གི་ཆེད་སློབ་གྲྭ་ཞིག་བཙུགས་པ་དང་། ༢༠༡༤ ལོར་རྒྱལ་ཚང་མ… ཞིབ་ཏུ་ཀློག →

« ཅུང་རྙིང་བའི་རྩོམ་ཡིག ཅུང་གསར་བའི་རྩོམ་ཡིག »

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑