རྩོམ་པ་པོ། མྱི་ཆེན།

རོང་བོ་དགོན་ཆེན་གྱི་མྱི།
འཚོ་བ་གཙོ་བོར་སྨྲ་མཁན་གྱི་རྩོམ་པ་པོ་ཞིག་ཡིན།

བོད་ཀྱི་ན་གཞོན་རུས་པ་སྲ་མོ་ཅན་ཞིག

— ན་གཞོན་རུས་པ་ཅན་ཁ་བ་སྙིང་ལྕགས་ལགས་འདས་པར་མྱ་ངན་ཞུ། {མཚོ་སྔོན་པོའི་ནང་ན་གསེར་ཉ་མང་། ། ཉ་གསེར་མིག་དུངས་པ་མཚོ་ལ་འཁོར། །} ཁྱོད་རང་ཐོག་མར་མཐོང་དུས་ལོ་ན་ཉི་ཤུར་མ་སོན་པའི་ན་གཞོན་རང་ཤེད་ཅན་ཞིག་རེད་བསམ་སོང་། ལོ་ཟླའི་ཚེས་གྲངས་ད་ལྟ་དྲན་ཡུལ་ན་གསལ་བོ་ཞིག་མི་འདུག་སྟེ། གནའ་མཁར་ཟི་ལིང་དུ… ཞིབ་ཏུ་ཀློག →

ཆེན་པོ་ཧོར་ཡུལ་གྱི་ཉིན་ཐོ། མྱི་ཆེན།

ཤིང་མོ་ལུག་གི་ལོའི་འགྲུལ་བཞུད་ཐོག་མ་སྟེ། སོག་ཡུལ་གྱི་དགོན་སྡེ་ཆེ་ཤོས་སོག་སྐད་དུ་ཝོའུ་ཏང་ཀྲོ(五当召)ཟེར་བའི་དགོན་པར་མཆོད་མཇལ་ལྟ་སྐོར་དུ་ཕྱིན་པ་ཡིན། རྒྱ་ཡིག་ཐོག་རྙེད་པའི 五当 ནི་སོག་སྐད་དེ་ལྕང་མའམ་རྒྱ་ལྕང་གི་དོན་ལ་འཇུག་ཅིང་། 召 ནི་དགོན་པ་ཞེས་པའི་དོན་ཡིན་པར་བཤད། སོག་པོ་ཚོས་དགོན་པ་འདིར 巴达嘎… ཞིབ་ཏུ་ཀློག →

༸ ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ དྲན་སྟངས་གཞན་ཞིག

༸ ཀུན་གཟིགས་པཎ་ཆེན་རིན་པོ་ཆེར་ཐོག་མར་མཇལ་དུས་ངེད་རང་ལོ་ན་ཧ་ཅང་ཆུང་། སྐབས་དེར་ངའི་ཕ་ལགས་རྫོང་མཁར་དུ་ཡོད་སྟབས་ཨ་མ་ལགས་ཀྱིས་གཙོས་ཉེ་འབྲེལ་ཚོ་དང་ལྷན་དུ་གཡག་འཕོང་ལ་ཞོན་ཏེ་ནམ་མ་གསལ་ཙམ་ནས་མཇལ་དུ་རྫོང་ཐོག་ལ་འོང་བ་ཡིན། ཕ་ཡུལ་རྩེ་ཁོག་གི་སའི་སྙིང་བོ་ལྟ་བུར་གྱུར་བའི་རི་ཆུང་མིང་ལ་བྱ་དར་སྐྱིད་… ཞིབ་ཏུ་ཀློག →

ཆེན་པོ་ཧོར་ཡུལ་དུ་ཕྱིན་པའི་མགྱོགས་བྲིས། ཚན་པ་གཉིས།

  དང་བོ། མགྱོགས་བྲིས། གནམ་ངོ་འཐིབས་ཤིང་འཁྱགས། སོག་ཡུལ་མཁར་སྔོན་པོ༼呼和浩特༽རུ་འབྱོར་ཡོད། དེ་ཡང་བོད་རྒྱལ་གྲི་གུམ་བཙན་པོའི་སྲས་གསུམ་པ་ཉ་ཁྲི་ཀོང་ཡུལ་དུ་སྤྱུགས་པ་རིམ་གྱིས་ཆུང་མ་དང་བཅས་པ་སོག་ཡུལ་དུ་འཁོར་ཏེ་པོར་ཏ་ཆེ་ནོ་ཞེས་སོག་ཡུལ་གྱི་རྒྱལ་བོར་བསྡད་པའི་བུ་རྒྱུད་འཕེལ་བ་ལས། ཧོར་ཇིང་གིར་… ཞིབ་ཏུ་ཀློག →

ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་མཆོད་མཇལ་བྱས་པའི་ཉིན་ཐོ།

གནམ་ངོ་དྭངས་ཤིང་ཉི་འོད་ཀྱིས་ཡངས་པའི་གྲོང་ཁྱེར་འདིའི་ཡོད་ཚད་སྲེག་གྲབས་བྱེད། གཟའ་ལྷག་པ། ནངས་སྔ་ལངས་ཀྱིས་བར་སྐོར་བྱང་ཆུབ་བྱོན་ལམ་གྱི་ནུབ་ཟུར་དུ་ཡོད་པའི་སྤྱི་བདེ་ཉེན་སྲུང་བ་ཡིན་ཟེར་བའི་བོད་རྒྱའི་ཕོ་སར་མོ་སར་དག་གི་ལྟ་རྟོག་ཞིབ་བཤེར་བརྒྱུད་དེ། ལྷ་ལྡན་གཙུག་ལག་ཁང་གི་སྒོ་འགྲམ་གྱི་མཆོད་མཇལ་… ཞིབ་ཏུ་ཀློག →

བྱང་རྭ་སྒྲེང་ལ་མཆོད་མཇལ་བྱས་པའི་ཉིན་ཐོ།

གནམ་གཤིས་དྭངས་ཤིང་དྲོ། ང་ཚོ་བོད་མཐའི་ཨ་མདོ་དབུས་མཇལ་བ་དག་གི་ངག་སྒྲོས་སུ་རྭ་སྒྲེང་ཆོས་ཀྱི་གོང་བ་ཡིན་ཞེས་འབོད་ཀྱིན་ཡོད། དེང་སང་གི་མི་རྒན་པ་དག་གི་གླེང་སྲོལ་ལྟར་ན། སྔོན་ཆད་བསྐལ་བ་ཡག་དུས་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ཕྱུག་བདག་ཚོ་སྐྱ་ཞོན་སྣ་དེད་ཀྱིས་ཚོང་དོན་དང་ཡང་ན་དད་ཞེན། དེ་ལུགས་བཞིན་ད… ཞིབ་ཏུ་ཀློག →

གསང་ཕུ་ནེའུ་ཐོག་ལ་མཆོད་མཇལ་བྱས་པའི་ཉིན་ཐོ།

གནམ་གཤིས་བསིལ་ཞིང་ཉི་འོད་གསལ་དྭངས་སུ་ཡོད། གོ་ཐོས་སུ་གསང་ཕུ་ཟེར་བའི་མིང་འདི་ནི་ཇོ་བོ་ཨ་ཏི་ཤའི་གསུང་གི་ལུང་བསྟན་ནམ་རྟེན་འབྲེལ་ལས་བཙལ་བའི་མིང་ཞིག་སྟེ། ཉིན་ཞིག་ཇོ་བོ་འཁོར་དང་བཅས་པ་ཕྱགས་ཕེབས་པའི་ལམ་བར་ཞིག་ཏུ། ཇོ་བོ་ཆེན་པོས་ས་གནས་དེར་ཕྱག་མཛུབ་ཀེར་ཏེ་དགོན་གནས་སུ་ལུང་བསྟན་གནང་ཞོར་རེ་ཞིག་… ཞིབ་ཏུ་ཀློག →

 སྟོད་ཉི་མ་ལྷ་སར་ཕྱིན་སྐབས་ཀྱི་ཉིན་ཐོ་ལས་བཤུས།

      གནམ་ངོ་དྭངས་ཤིང་གསལ།     ཉི་འོད་ཀྱིས་སྲེག་གྲབས་བྱེད། དེ་རིང་ཡང་གཟའ་ཉི་མར་ཁེལ་ཡོད་པས་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་རུ་བཅུག་མ་སོང་། དེ་ཕྱིར་ང་ཚོ་ལྷོད་ལྷོད་ངང་བར་སྐོར་ལམ་དུ་འཁོར་བ་ཡིན། ལྷ་སའི་གཙུག་ལག་ཁང་འདི་ལ་ནང་སྐོར་དང་བར་སྐོར། གླིང་སྐོར་ཞེས་ཕྱོགས་རིས་མེད་ནས་ཕེབས་པའི་དད་ལྡན་མ… ཞིབ་ཏུ་ཀློག →

ང་ཚོས་དགོན་སྡེའི་རིག་གནས་ཅི་ལྟར་སྦྱོང་དགོས།

ང་ཚོ་གྲྭ་བཙུན་ཚང་མ་གནས་སྡོད་བྱེད་ས་འདིར་དགོན་པ་ཞེས་འབོད་ཀྱིན་ཡོད་ལ། སྔོན་ཆད་དགོན་པ་ཞེས་པ་ནི་གྲོང་ལས་རྒྱང་བཀྱེད་དེ་ཡོད་པའི་ཆོས་ཀྱི་བྱེད་སྒོ་སྤེལ་ས་ཞིག་ལ་ངོས་བཟུང་འདུག དེང་སང་མི་ཇེ་མང་དང་ས་ཇེ་ཆུང་དུ་སོང་བའམ་དུས་འགྱུར་གྱི་དགོས་དབང་གིས་དེ་འདྲའི་གནས་འགོལ་བོ་ཞིག་ག་ལ་ཡོད་དེ་རྙེད་ཐུབ་མེད… ཞིབ་ཏུ་ཀློག →

ཤའང་ཟ་མི་རུང་བའི་ཕག་པ་འདི་ཚོ།

ཕོ་སར། ང་ཚོར་མཁོ་བ་ནི་མི་ཡིན་ནམ་རིག་གནས་ཡིན།མིས་རིག་གནས་བསྐྲུན་པ་རེད་དམ་རིག་གནས་ཀྱིས་མི་བསྐྲུན་པ་རེད། ང་ཚོས་མི་གསོ་སྐྱོང་བྱེད་དགོས་སམ་རིག་གནས་དར་སྤེལ་གཏོང་དགོས། ང་ཚོས་མི་དང་རིག་གནས་ཀྱི་གོ་དོན་གཏིང་ཚུགས་པ་ཞིག་ཤེས་དགོས། ༡ ནམ་ཡང་བཀུར་སྟིའི་ཞིང་ན་མཐོ་བའི་སློབ་གསོ་བ་དང་མི་དོན་ཆེད་གཉེར… ཞིབ་ཏུ་ཀློག →

ཐ་སྙད་ཀྱིས་མི་འདང་ན་དཔེ་ཆར་ལྟོས།

ང་ཚོའི་ན་གཞོན་ཚོ་གཅིག་པུ་ཙམ་མ་ཡིན་པར་མཁས་བླུན་གཡག་འདྲ་བ་དག་གི་ཁྲོད་ནའང་བོད་ཡིག་གིས་རྩོམ་ཡིག་གྲ་དག་ཅིག་འབྲི་བར་ཐ་སྙད་སོགས་ཀྱིས་མི་འདང་བའི་གནོན་ཤུགས་གང་མང་སླེབས་ཀྱིན་འདུག་ཟེར་བའི་གཏམ་ངན་ཐེངས་གཅིག་མིན་པར་ནམ་རྒྱུན་ཁོ་བོའི་རྣ་རྩར་སླེབས་ཡོང་། རྒྱ་ཡིག་གི་རྩོམ་ཡིག་མང་བོ་ཀློག་ཐལ་ཆེས་པའམ་ཡ… ཞིབ་ཏུ་ཀློག →

དེང་གི་སྙན་ངག་འདི་ཚོར་རྐང་མེད་ཀི

ང་ཚོའི་ན་གཞོན་རྩོམ་རིག་ལ་དུངས་པ་ཡོད་མཁན་མང་ཆེ་བ་ཞིག་གི་འདང་རྒྱག་སྲོལ་ཞིག་ནི།བོད་དར་སྙན་ངག་གི་མགོ་དེ་མེ་ལོང་མ་ནས་བརྩིས་ཏེ་དཔྱད་སྟངས་འདི་འོང་བ་རེད་སྙམ་པ་དྲན་བྱུང་། རྒྱུ་མཚན་གང་གིས་ཤེས་ཞེ་ན།ང་ཚོའི་བཙན་པོ་གོང་མ་རིམ་བྱོན་གྱི་དུས་དང་བོད་སིལ་བུའི་སྐབས་སོགས་སུ་སྙན་ངག་གི་ཚབ་མཚོན་མང་གླུ་དང… ཞིབ་ཏུ་ཀློག →

ཅུང་གསར་བའི་རྩོམ་ཡིག »

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑