རྩོམ་པ་པོ། ཞོགས་རླུང་།

ཁ་ཕོ་ཟློ་བ།

ཉི་མ་རི་རྒྱབ་ཏུ་ལྷུང་ལ་ཁད། ། དཔེ་བཞག་ན་མི་ཚེའི་ལྷག་མ་རེད། ། མི་ཚེའི་ལྷག་མ་ཡང་ཆུད་ཟོས་སུ། ། གཏོང་མཁན་གྱི་མི་ཚོ་གསོན་སྙིང་མེད། ། ཡང་མིན་ན་ཆོས་པ་ཡོང་ལེ་ཞིག ། དེ་མིན་ན་འཁོར་བ་འཁྱོང་ནི་ཞིག ། མི་ཚེ་ལྷག་མའི་ནང་མ་ཐུབ་ན། ། ད་གསོན་པ་ལས་ཀྱང་ཤི་ན་དགའ། ། ༢༠༡༤ ༩ ༣

ལུག་རྫི་བུ་མོ།

སྤྲིན་པའི་བང་རིམ་རྟོལ་བའི།། ཉི་འོད་འཇམ་པོ་ཀན་དང་།། རི་བོའི་རྐེད་པར་འཁྲིལ་བའི།། ན་བུན་གཞོན་ནུ་ཀན་དང་།། འཇག་མའི་རྩེ་མོར་འཐམ་པའི།། ཟིལ་བ་ཡང་མོ་ཀན་དང་།། མཚོ་མོའི་རླབས་ཕྲེང་འདེད་པའི།། ངང་བ་གསེར་ལོ་ཀན་དང་།། གནམ་སའི་བར་ན་རྒྱུ་བའི།། རླུང་བུ་བསིལ་མོ་ཀན་དང་།། རྩི་ཐོག་ཁ་རུ་ལེན་པའི།། གཡང་དཀར… ཞིབ་ཏུ་ཀློག →

སྲིད་པའི་སྐྱོ་གར་ལ་ལྟ་བ།

ནམ་ཟླ་བཞུར་ནས་ཉི་འོད་རྒས།། གྲང་ངར་འཇབས་ཏེ་བསེར་བུ་ལྡང་།། བུང་བ་ངུ་བཞིན་མེ་ཏོག་འགྱེལ།། ཁྲུང་དཀར་དང་ནི་ངང་སེར་ཡང་།། མིག་ཆུ་བསིལ་བཞིན་ལྷོ་རུ་བྱེར།། ཀྱེ་མ་མི་ཚེའི་རི་མོ་ཡང་།། སྒྱུ་མ་ཆུ་ཟླ་རྨི་ལམ་བཞིན།། ཡུད་ཙམ་རྗེས་ནས་ཡལ་ཏེ་འགྲོ།། དེ་སོགས་འཁོར་བའི་བྲག་ཅ་ལ།། ཉན་གྱིན་ཉན་གྱིན་སྐྱོ་བ་འཕེལ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑