རྩོམ་པ་པོ། སྤྱན།

དཔེ་རྙིང་བཀླགས་ན་རང་ངོ་རང་གིས་ཤེས། —《ཆོས་རྗེ་ལོ་རས་པའི་རྣམ་ཐར》བཀླགས་པ།

  ཁ་སང་དེ་རང་གི་ང་ཚོ་ནི་རྟགས་དང་ཆ་ལུགས། བསམ་སྟངས་ཤོད་སྟངས་ཚང་མ་འགྱུར་དང་འགྱུར་བཞིན་པའི་མི་ཚོགས་ཤིག་སྟེ། གཞན་དང་གཞན་གྱི་རིག་གནས་མཁྲེགས་པོ་དང་སྡུག་གཤིས་རྩུབ་མོ་དག་གི་སིམས་འཛུལ་ཐེབས་ནས་རང་གཟུགས་གཞན་དུ་འགྱུར་ཞིང་། རང་གཤིས་རླུང་ལ་སྤུར་ནས་ཐ་ན་ཡི་གེ་འབྲི་མཁན་དག་གི་ཚིག་གི་སྦྱོར་བ་ཚུ… ཞིབ་ཏུ་ཀློག →

འབོད་སྒྲ་དང་གོ་ལྡོག་པའི་དོན་དངོས། སྤྱན།

རིང་བོ་མ་ལོན་པའི་ཉིན་ཁ་ཤས་ཀྱི་ཡར་སྔོན་ཞིག་ལ། “མི་ཚོགས་ཀྱི་འཚང་ག་རྒྱས་པའི་རྒྱ་སྲང་ཞིག་ནས་བོད་ཀྱི་རྒད་པོ་གཉིས་ཀྱི་རླངས་འཁོར་དང་འཕྲུལ་རྟའི་གདོང་ཐུག་བརྒྱབ་ཅིང་། འགྱེལ་འདུག་པའི་འཕྲུལ་རྟའི་འཕོངས་ཀྱི་སྒྲ་སྒམ་ལས་བོད་པ་ཚོ་མཐུན་བསྒྲིལ་བྱོས་ཡ་མཐུན་སྒྲིལ་བྱོས། ཞེས་བོད་ཀྱི་གླུ་བ་གང་ཞིག་… ཞིབ་ཏུ་ཀློག →

སྒེའུ་ཁུང་ཕྱི་རོལ། ང་ཁྱོད་མེད་པའི་འཇིག་རྟེན།

སྣེ་མང་འདྲེས་འཛིང་གི་གནས་ལུགས་དང་། ཕྲ་བ་ཕྲ་བའི་རིགས་ལམ་གྱིས་གཏམས་པའི་མཚན་ཉིད་རིག་པའི་གླེགས་བམ་ཆེན་པོ་དེ་རེ་ཞིག་མདུན་ཅོག་སྟེང་བཞག་ནས། སྒེའུ་ཁུང་ཕྱེས་ཏེ་ཕྱི་རོལ་དུ་བལྟས་ཚེ། གནམ་སའི་འདྲེས་མཚམས་དེ་ནི་ཁུ་སིམ་མེ། དབེན་འཇགས་གེར་འདུག་ལ། དེ་ན་ང་ཁྱོད་མེད་ཅིང་། བདག་ཏུ་འཛིན་པ་མེད་པའི་ཞིང་ཁམས… ཞིབ་ཏུ་ཀློག →

དངོས་ཡོད་རྗེན་པ་རི་མོའི་ཁྲོད་ན་ཡོད།

གོམས་སྲོལ་དང་སྒྲིག་ཁྲིམ། ལྟ་བ་དང་གྲུབ་མཐའ། སྤྱི་ཚོགས་ཀུན་སྤྱོད་སོགས་གནས་མིན་པའི་ལིང་ཏོག་གིས་ང་ཚོའི་བློ་མིག་རབ་རིབ་ཏུ་བྱས་པའི་རྐྱེན་གྱིས། རང་གི་འཇིག་རྟེན་གྱི་ངོ་གདོད་དངོས་ཏེ་མཐོང་ཐབས་བྲལ། ཁྱེད་ཀྱིས་ཞིབ་ཚགས་ངང་གཟིགས་དང་། རི་མོ་ཁོ་ནས་ད་གཟོད་ཁྱེད་ལ་རེ་བ་གསར་བ་ཞིག་སྟེར་ངེས་ཏེ། དངོས་ཡོ… ཞིབ་ཏུ་ཀློག →

གཉུག་གཤིས་ཀྱིས་བསླད་པའི་ལས་དབང་།

སྤྱིའི་ཆ་ནས”ལས”ནི་རྒྱུ་དང་། “དབང”ནི་རྒྱུ་དེའི་དབང་གིས་བྱུང་བའི་འབྲས་བུ་ལ་གོ་དགོས་བར་སྣང་ལ། བྱེ་བྲག་དུ་ནི་སྐྱེ་བོ་གང་ཞིག་གིས་ལས་སམ་རྒྱུ་ཅི་འདྲ་ཞིག་བསྒྲུབ་ན་དབང་ངམ་འབྲས་བུ་འང་དེ་མཚུངས་འབྱུང་བའི་གནས་ལུགས་དེ་རེད། དེར་རྟེན། ནང་བསྟན་མཚན་ཉིད་རིག་པའི་མཁས་མཆོག་དབྱི… ཞིབ་ཏུ་ཀློག →

དངོས་ཡོད་དཀའ་སྡུག་དང་སྒེར་གྱི་འགྱུར་ལྡོག

གཅིག བརྒྱ་ལ་ཤན་སྟོབས་ཡོད་ཚད་གཟུགས་སུ་གྲུབ་པའི་དབང་དུ་བཏང་ན། དོན་དངོས་དཀའ་སྡུག་ལས་བྱུང་པའི་ཤན་སྟོབས་ནི།  སྐབས་འགར་གཏན་བདེའི་ཞིང་དུ་འཛེག་པའི་ཐེམ་སྐས་སུ་གྲུབ་ཡོད་ལ།  རེ་འགར་མུན་ནག་བཙོན་དོང་དུ་ཚུད་པའི་ཉེར་བསྡོགས་སུ་གྱུར་ཡོད་སྟབས། འདི་ཡིས་བླུན་པོ་དམ་པར་སྒྱུར་བས་དོན་དངོས་ཡོད་ཅིང་། ལྷ་འ… ཞིབ་ཏུ་ཀློག →

ཤེས་རིག་དང་ཁེ་ཕན་གྱི་གདོང་གཏུགས།

དེ་ཡང་མི་རབས་སྔོན་མ་དག་དང་སྲོལ་རྒྱུན་གྱི་རིན་ཐང་ལྟ་བའི་ངོས་ནས་ཤེས་རིག་ལ་སྤྲད་པའི་གདན་ཐོབ་ནི། རྨོངས་བའི་དད་པ་འབའ་ཞིག་གིས་བསྩལ་བ་གཏན་མིན་པར་རིག་གནས་རིག་གནས་སུ་ཤེས་ཤིང་། ཤེས་བྱ་ནོར་བུ་རུ་རྙེད་པའི་ངེས་རྟོགས་ཀྱིས་བཏེགས་པ་ཡིན་པས། སྔར་གྱི་དུས་སུ་གླེགས་བམ་གསེར་གྱིས་བྲིས་ཤིང་། པོ་ཏི་ནོར་བ… ཞིབ་ཏུ་ཀློག →

ཡུམ་ཆེན་གྱི་སྤྱོད་མཆོག

འཇིག་རྟེན་འདིའི་སྟེང་གི་ཡུམ་ཆེན་རྣམས་ནི། ལུས་རྟེན་གནང་མཁན་དང་བསྐྱེད་པའི་མ་ཙམ་དུ་མ་ཟད་ཀྱི། བློ་ཁོག་དང་བློ་སྟོབས་བསྲིང་མཁན་གྱི་ཡུམ་ཆེན། བསམ་གཞིག་དང་ཤེས་རབ་བསྐྱེད་པའི་མ་ཡུམ་དེའང་ཡིན་ཕྱིར། ཡུམ་ཆེན་དག་གི་ཤན་སྟོབས་ཀྱིས།བུ་ཡི་བྱིས་བློ་ལ་གསོན་ཤུགས་ཀྱི་སྙིང་སྟོབས་རྒྱས། བྱིས་པའི་རྣམ་དཔྱོད་… ཞིབ་ཏུ་ཀློག →

རྒྱ་གར་ཁ་སྤུ་ཅན། ཤེས་རིག་གི་ས་རྟགས།

གནའ་སྔ་མོ་སྟེ་དུས་རབས་བདུན་པའི་དུས་སྨད་ཀྱི་ཉིན་ཞིག་ལ། ཕོ་བྲང་རླུང་འཚུབ་ཀྱི་ནང་ན་དཀར་བའི་ཞལ་ལ་སྨུག་རིས་རྒྱས་པ། མིག་མདངས་ལ་འཚེར་སྣང་བབས་པའི་བོད་བཙན་པོས། ཁ་ཆེ་ཡུལ་ནས་ཕེབས་པའི་སྐད་གཉིས་སྨྲ་བ་ཞིག་གི་ལོ་ཙྭའི་ཚིག་རིས་ལ་རྣ་བ་ཀྲོང་ངེར་གཏད་འདུག་པའི་གྲལ་གྱི་ལྟག་མ་ན། བགྲེས་ཉམས་བཞེས་པའི་མཚན་མ… ཞིབ་ཏུ་ཀློག →

མིག་ཆུ་དང་འཛུམ་མདངས།

འདི་ལྟར། “སྐབས་རེར། མིག་ཆུ་ནི་ཚིག་གིས་མཚོན་ཐབས་བྲལ་བའི་བདེ་སྐྱིད་ཅིག་ཡིན་ལ། ལན་རེར། འཛུམ་མདངས་ནི་བརྗོད་མི་ཐུབ་པའི་མྱ་ངན་ཞིག་ཀྱང་ཡིན་སྲིད”ཟེར་བའི་སྐད་ཆ་འདི་ནི། ལྷད་མེད་ཀྱི་བདེན་གཏམ་ཞིག་ཡིན་པ་སྟེ། དགའ་དྲགས་ནས་ངུས་བ་དང་སྡུག་ཆེ་ནས་བགད་པ་ཧ་ཅང་མང་། དེའི་ཕྱིར་ངུ་བ་དང་དགོད་པ་… ཞིབ་ཏུ་ཀློག →

མི་ཚེའི་རིན་ཐང་ནི་ཅི་ཞིག་རེད།

《སྙིང་རྗེ་དང་སྐྱེས་བུ་སྒེར》ཞེས་པའི་དེབ་དེར་བཀླགས་མཆན་ཞིག་གི་དོད་དུ། 《སྙིང་དང་སྐྱེས་བུ་སྒེར》ཞེས་པའི་དེབ་དེའི་ནང་དུ་དྲི་བ་གཅིག་ལ་དྲིས་ལན་གནང་ཡོད་པར་འདོད་ལ། དེ་ནི་མི་ཚེའི་ཉང་དགོས་ནི་ཅི་ཞིག་རེད་ཅེས་པའི་དྲི་བ་དེ་ཡིན་ཞིང་། སྤྱིར་དྲི་བ་དེའི་ལན་ནི་ཞིབ་ཚག་པ་དང་། རྒྱ་ཆེ་བ། གཏིང་ཟབ་མོ། རྣམ་… ཞིབ་ཏུ་ཀློག →

གཙོ་ཕལ་གོ་ལྡོག་གི་ལམ་ཀ

དེ་ཡང་རང་ཟླུམ་རིལ་གོ་ལ་འདིའི་སྟེང་ན་འཚོ་བའི་དཔྱོད་ལྡན་སུ་ཡིན་ཡང་། རང་ཉིད་བདེ་བའི་ཕྱིར་དུ་དང་། སྐྱིད་པའི་དོན་དུ་ཚེ་སྲོག་གི་རིན་ཐང་འཚོལ་སའི་ལམ་བུ་མི་འདྲ་བ་རེ་འདམ་ཡོད་ཅིང་། གདམས་པའི་ལམ་བུའི་ནང་དུ་ཤར་གྱིས་བགྲོད་དུས་སུ་འང་རང་རང་གི་མདུན་ལམ་གྱི་ཆ་ནས། འགག་རྩ་འམ་གཙོ་བོར་གྱུར་བའི་ཤེས་བྱའི་… ཞིབ་ཏུ་ཀློག →

《བོད་ཀྱི་དགོན་སྡེའི་སློབ་གསོ》ནི་བཅའ་ཡིག་དུད་དྲེག་ཅན་ཞིག་རེད།

དེང་འཛམ་གླིང་ཤར་ནུབ་གྱི་དབྱེ་བ་མེད་ཅིང་། སྤྱི་དང་སྒེར་གྱི་ཁྱད་མ་ཕྱེས་པར་སློབ་གསོ་ཟེར་བ་དེ། གལ་ཆེན་དོན་ཆེན་དུ་འཛིན་པའི་དོན་ནི། སྟབས་བདེ་དང་སྤྱི་བམ་གྱི་ཚུལ་གྱིས་བཤད་ན། རྒྱལ་ཁབ་བམ། མི་རིགས་སམ། ཡུལ་ལུང་ངམ། ཚོགས་སྡེ་གང་ཡིན་ཡང་རང་གི་མ་འོང་བའི་དོན་དུ་དང་། སོ་སོའི་ཤེས་རིག་གང་ཞིག་ཡུན་གནས་… ཞིབ་ཏུ་ཀློག →

གཞན་ལ་ལམ་སྟོན་ན། རང་ལ་མིག་དགོས།

དོན་དངོས་ཇི་བཞིན་ཡིན་ཡིན་དང་། འགྲིག་འགྲིག་ལྟ་བུ་ཞིག་ཡིན་པའང་། འཁྲབ་སྟོན་གྱི་ཁྱད་ཆོས་གཙོ་བོ་ཞིག་སྟེ། དོན་དངོས་ཀྱི་རྣམ་པ་འཁྲབ་ནས་བཤམ་སྟོན་བྱེད་པས་འཁྲབ་སྟོན་ཟེར་བ་རེད་ལ། རྣམ་པ་ཙམ་ལས་བླ་སྲོག་དང་བྲལ་བ་དེ་འཁྲབ་སྟོན་གྱི་རང་བཞིན་དངོས་ཤིག་ཡིན་པས། འཁྲབ་སྟོན་ནི་དོན་དངོས་ཀྱི་ལད་མོ་རྐྱང་བ་ཅིག… ཞིབ་ཏུ་ཀློག →

སྐྱ་མིན་སེར་མིན་གྱི་བྱ་མ་བྱིའི་རང་གཟུགས། རང་ཉིད་བོར་ཟིན་པའི་བོད་ཀྱི“གྲྭ་བཙུན་སྙན་ངག་པ”དག

འཇིག་རྟེན་འདིའི་སྐྱེ་བོ་སུ་ཡིན་ཡང་། ཡོད་ཚད་ཀྱི་གཞི་རྩ་རང་ཉིད་ཀྱང་ངེས་འཛིན་གསལ་བོ་ཞིག་བྱེད་ཐུབ་མེད་ན། དེས་ལས་གཞན་པའི་བྱ་བཞག་ཅིག་ལེགས་འགྲུབ་ཀྱི་གནས་མི་དམིགས་ཏེ།རང་ཉིད་ནི་སུ་དང་། འོས་འགན་ནི་གང་། སྔར་གང་ནས་འོང་བ། ད་གང་དུ་འགྲོ་རྒྱུ་ཡིན། ལོ་རྒྱུས་ཀྱི་འགྱུར་ལྡོག་ཅི་འདྲ་བ་ཞིག་གི་ནང་དུ་ཡོ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑