རྩོམ་པ་པོ། རྡོ་རྗེ་རིན་ཆེན།

དུས་རབས་འདིས་ང་ལ་འོད་སྣང་ཤེས་སུ་བཅུག་ལ། དུས་རབས་འདིས་ང་ལ་མུན་ནག་ཀྱང་ཤེས་སུ་བཅུག

ང་རྒྱལ་དང་རང་རློམ་ཅན་གྱི་ང་ཚོ།

དཔེ་དེབ་རེ་ཟུང་རེ་བཀླགས་པས་ང་རྒྱལ་ཆེ་ཞིང་། སྙིང་ཁམས་ཆེ་བའི་ང་ཚོས། གནའ་བོའི་མདོ་དབུས་མཐོ་སྒང་གི་རིག་གནས་དང་དཔལ་ཡོན་གྱི་འོད་སྣང་མོག་མོག་ཅིག་མཐོང་རྗེས། རང་ཉིད་ནི་རང་གིས་ངོས་ཟིན་དཀའ་བར་གྱུར་སོང་། ནུབ་ཕྱོགས་ཤེས་རིག་གི་རིག་ཚན་རེའི་མིང་ཙམ་གོ་ཐོས་བྱུང་རྗེས། ཀླད་མེད་ཨ་གསར་ཆེ་བའི་ང་ཚོས། རང… ཞིབ་ཏུ་ཀློག →

སྟོན་པ་སངས་རྒྱས་དང་བསྐྱར་དུ་མཇལ་བ།

༄༅།། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།། དེ་ཡང་འདིར། མཐའ་མེད་པའི་འཇིག་རྟེན་ཁམས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་ཡོངས་སུ་གྲགས་པ་དེ་ཉིད། གནའ་བོའི་རྒྱ་གར་གྱི་བྱང་ཤར་གྱི་རྒྱལ་ཕྲན་ཆུང་ཆུང་ཞིག་གི་རྒྱལ་བོའི་སྲས་སུ། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་གྱི་ཉ… ཞིབ་ཏུ་ཀློག →

༈ ཟླ་བ་ས་སྒང་ལ་སྐོར་བའི་ལུགས་དང་ས་སྒང་ཉི་མར་སྐོར་བའི་ལུགས། (ཨ་མདོའི་ལོ་སར་ལས་འཕྲོས་པའི་གཏམ)རྡོ་རྗེ་རིན་ཆེན།

ཐོག་མར་དྲ་གྲོགས་རྣམ་པ་དང་ཀློག་མཁན་ཚང་མར་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག དེ་རིང་ནི་རྒྱ་ནག་གཙོ་བཅས་པའི་ཀོ་རི་ཡ་དང་། ཉི་ཧོང་། ཝེ་ནན་(Vietnam)ལ་སོགས་པའི་ཨེ་ཤ་ཡའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གིས་གནམ་ལོ་གསར་བ་ལ་རོལ་བཞིན་འདུག དེ་བཞིན་རང་རིགས་བོད་ལ་མཚོན་ནའང་། བོད་མདོ་སྨད་ཨ་མདོའ… ཞིབ་ཏུ་ཀློག →

དགའ་རོགས་དུས་ཆེན་ནམ། དམ་པ་ཝ་ལེམ་ཁྲེན་གྱི་ཉིན་མོ།

ལོ་རེའི་ཟླ་གཉིས་པའི་ཚེས་༡༤ཉིན་ནི། འཛམ་གླིང་གི་མ་ཤི་ཀྭའི་རྒྱལ་ཁབ་གཙོ་བོའི་མི་རིགས་མང་པོ་ཞིག་གིས། ཉིན་མོ་འདི་དགའ་རོགས་དུས་ཆེན་དུ་སྲུང་བརྩི་ཞུ་བཞིན་ཡོད་ལ། དེ་བཞིན་རང་ཅག་བོད་ཀྱི་ན་གཞོན་ཕོ་མོ་མང་པོ་ཞིག་གིས་ཀྱང་། དེང་སྐབས་དུས་ཆེན་འདི་ལ་སྲུང་བརྩི་ཞུ་མུས་སུ་མཆིས། ཡིན་ནའང་། མི་མང་པོ་ཞིག་ག… ཞིབ་ཏུ་ཀློག →

མར་ཐེན་ལོ་ཐྲེར་ཁིན་གྱི་མི་ཚེའི་ལོ་རྒྱུས་ཉུང་བསྡུས།

“ང་ཚོས་ངེས་པར་དུ་དྲག་པོའི་ཁ་གཏད་དུ་བརྩེ་བ་བརྟེན་དགོས།” མར་ཐེན་ལོ་ཐྲེར་ཁིན་ནི་ཨ་རིའི་ཆེས་རླབས་ཆེ་བའི་དབུ་འཁྲིད་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོང་སྲིད་འཛིན་ལ་སོགས་གང་ཡང་མིན་ནའང་། ཁོང་གི་འཁྲུངས་སྐར་ལ་ཨ་རིའི་སྲིད་འཛིན་ཞིག་ལྟར་ཨ་རིའི་རྒྱལ་ཡོངས་ཀྱིས་དུས་ཆེད་སྲུང་བརྩི་བྱས་ཏེ་དྲན་གསོ་གནང་གིན་ཡ… ཞིབ་ཏུ་ཀློག →

བརྩམས་སྒྲུང་འབྲི་བ་ལ་ཀློང་རྡོལ་བའི་ལེའོ་ཐོལ་སི་ཐོ་ཡེ་མཆོག་དང་མཇལ་བ།

ལེའུ་དང་བོ། ལེའོ་ཐོལ་སི་ཐོ་ཡེ(Leo Tolstoy)མཆོག་ནི་༡༨༢༨ལོའི་ཟླ་༡༢བའི་ཚེས་༩ཉིན། གྲོང་ཁྱེར་ཁྲོ་ལ(Tula)དང་ཉེ་ཞིང་མོ་སི་ཁོ་དང་སྤྱི་ལེ་ཉིས་བརྒྱས་ཆོད་པའི་ཡ་སི་ན་ཡ་ཕོ་ལི་ཡ་ན་(Yasnaya Polyana)ཟེར་བའི་གྲོང་ཚོ་ཞིག་ཏུ། ནེ་ཁོ་ལེ་ཐོར་ལི་སི་ཐོ་ཡེ་(Nikolai Tolstoy)ཟེར་བའི་འབྱོར་ལྡན་ཞིང་བདག་ཅིག་ག… ཞིབ་ཏུ་ཀློག →

དཔེ་ཆ་ཀློག་པ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་སྒྲུབ་པ་ཡིན།

༡ དཔེ་ཆ་ཀློག་པ་ནི་རྒྱལ་གཅེས་ཀྱི་ལས་དོན་ཞིག་སྟེ། ཀློག་པས་གང་དེ་མི་རིགས་ཉིད་སེད་རྟོགས་འབྱུང་ཞིང་། འཐུས་ཚང་དུ་འགྲོ་བ་བ་ཡིན། དེ་ཕྱིར། དཔེ་ཆ་ཀློག་པ་ནི་དོན་དམ་གྱི་རྒྱལ་གཅེས་ཤིག་གོ། ༢ གཟའ་འཁོར་རེར་དཔེ་དེབ་རེ་ཀློག་མི་ཐུབ་རུང་། རྩོམ་ཡིག་ཡག་པོ་རེ་ངེས་པར་ཀློག་ཐུབ་དགོས། ཅི་ཕྱིར་ཞེས་ན། དེ་ནི་… ཞིབ་ཏུ་ཀློག →

མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས།

1 མི་རིགས་ཤིག་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་སུ། སྐུ་དྲག་ཚོས་རྒྱལ་ཁབ་བཙོང་ཞིང་། ཆབ་སྲིད་པ་ཚོས་མི་རིགས་བཙོང་། ཤེས་ཡོན་པ་ཚོས་རིག་གནས་བཙོང་བ་རེད། ཐ་ན། མི་མང་དཀྱུས་མ་ཚོས་ཀྱང་རང་གི་ཡབ་མེས་ཀྱི་ཤུལ་བཞག་རྣམས་གང་ཐུབ་ཅི་ཐུབ་ཀྱིས་བཙོང་ངེས། འདི་ལྟ་བུའི་རྣམ་པ་ལ། དུས་རྒྱུན”རྒྱལ་ཁབ་ཞི་འགྲི… ཞིབ་ཏུ་ཀློག →

དབྱིན་བོད་ལྷན་སྦྱར་གྱི་སྙན་ངག་ཅིག

རྩོམ་མཁན། ཁཱི་རེབ་སི་ཐེ་འ། མཱེར་ཐེན། རྡོ་རྗེ་རིན་ཆེན་གྱིས་བསྒྱུར། བདག་གིས་རང་གི་ཉིན་མོ་དག་ཕུལ་ཏེ། ཁྱེད་ལ་སྒུག་བཞིན། མི་ཚོགས་ཀྱི་བྲེལ་འཚུབ་ཀློང་དུ། ཁྱེད་ཀྱི་ངོ་གདོང་འཚོལ། ཏག་ཏག་སྐབས་དེར། ཁྱེད་ཀྱིས་དེ་རྟོགས་པར་གྱུར་པས། བདག་གི་དབུགས་རྔུབ་མཚམས་ཆད་ཅིང་། དེ་མ་ཉིད། ཁྱེད་ཀྱི་མིག་ཞགས་ཀྱིས… ཞིབ་ཏུ་ཀློག →

༈ བརྩེ་བ་མེད་ན། ངའི་སྔུན་ནས་མ་ངུ་རོགས། 

༈ ཀྱེ། བདག་གི་མ་ཡུམ་ས་གཞི་ཆེན་མོ། རྩོམ་པ་པོ། སྐྱ་རེངས། བདག་རང་བྱུང་དང་ཁ་བྲལ་མི་འདོད་པ་མ་ཟད། དེ་ལ་རྒྱབ་ནི་དེ་བས་ཀྱང་གཏོད་མི་འདོད།“ཀྱེ། བདག་གི་མ་ཡུམ་ས་གཞི་ཆེན་མོ་ལགས།” “དེ་རིང་བདག་ཁྱོད་ཀྱི་ཕོང་བ་རུ་ངོ་ནོངས་པར་གྱུར།” ཁྱེད་ཀྱིས་རང་གི་བུ་ཕྲུག་རྣམས་ལ་མཁོ་བ་དག རི… ཞིབ་ཏུ་ཀློག →

༈ ཆོས་ལུགས་ནི་མིའི་རིགས་ཁོ་ནའི་ནོར་བུ་ཞིག

བདག་གིས་ཆོས་ལུགས་ལ་ཚན་རིག་གི་ངོས་ནས་རིན་ཐང་ཅི་ཞིག་བདོག་མིན་གཏན་ནས་མི་ཤེས་ལ། ཚན་རིག་གིས་ནམ་དུའང་ཆོས་ལུགས་ལ་དཔང་སྐྱེལ་བྱ་མི་སྲིད། ཆོས་ལུགས་ཀྱི་གྲུབ་དོན་ཞིག་ཚན་རིག་དང་མཐུན་ཙམ་གྱིས། ཆོས་ལུགས་ལ་ཚན་རིག་གི་རིན་ཐང་ཡོད་པ་ཞིག་ཏུ་འགྱུར་བར་གཞར་ནས་མི་འདོད་དོ།། ཆོས་ལུགས་ནི་གཏན་ཚིགས་རིག་པ་དང་མཚ… ཞིབ་ཏུ་ཀློག →

2014 ལོའི་སྙན་ངག་འགའ་བདམས་བཀོད།

༈ ཀྱེ། བདག་གི་ཡུམ་ཆེན་ལགས། རྩོམ་མཁན། སྐྱ་རེངས། ཀྱེ། བདག་གི་ཡུམ་ཆེན་ལགས། ནངས་མོ་དེ། དགུན་ལྗོངས་ཤིག་གི་ཁ་བ་བུ་ཡུག་གི་གྲང་རླུང་ཁྲོད་སད་པར་གྱུར་མོད། ཁྱེད་རང་གཙང་བོ་ཞིག་ལྟར་འཁྱགས་རོམ་དང་ལྷན་གཟིམས་པར་གྱུར། དུས་དེ་ནས་བཟུང་། བདག་གིས་ཁྱེད་ཀྱི་བརྩེ་བའི་འཛུམ་མདངས་མཐོང་བར་མ་གྱུར་ལ། ཁྱེད་ཀྱི་… ཞིབ་ཏུ་ཀློག →

དཔེ་ཀློག་ཁྲོད་གྱི་བདེ་སྐྱིད་གླེང་བ།

མི་མང་བོ་ཞིག་གིས་རྒྱུན་དུ་སྐྱ་རེངས་ཤར་མ་ཐག་སྐད་ཅོར་རྒྱག་པའི་བྱེའུ་ཚོགས་དང་། ཉིན་ནུབ་མེད་པར་ལྟོ་འཚོལ་ཞིང་དུས་ཚིགས་དང་བསྟུན་ནས་གསང་ལམ་ཚུན་ཆད་ན། འཁྲུག་པ་སློང་ཞིང་སྣང་མེད་རྒྱ་ཡན་དུ་ཉལ་བསྡད་འདུག་པའི་ར་ལུག་ཁྱི་ཕག་སོགས་མཐོང་བ་ན། སེམས་ལ་རང་དབང་མེད་པར་དུད་འགྲོ་དེ་ཚོའི་སྐྱེ་བ་བླངས་པ་ནི་སྙི… ཞིབ་ཏུ་ཀློག →

དགག་སྒྲུབ་རང་ལུགས་པ་ཚོ་གླེང་བ།

འདི་ནས་ཡར་བལྟས་པའི་མི་ལོ་གཅིག་སྟོང་ལྷག་གི་གོང་རོལ་ན། ཤར་ཨེ་ཤེ་ཡའི་ཧིན་དུ་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་ན། མིའི་རིགས་ཀྱི་སེམས་ཁོང་ལ་ཤེས་རབ་ཀྱི་སྒྲོན་མེ་སྦར་སའི་རྩོད་པའི་སློབ་གླིང་ཞིག་མཐོང་སྟེ། དེ་ནི་ཕྱིས་སུ་དབྱི་སི་ལམ་གྱི་རྟ་དམག་གི་རྐང་སྒྲའི་འོག་གཏན་དུ་མི་ཡུལ་དང་གྱེས་སོང་བའི་དཔལ་ནཱལནྡཱ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑