རྩོམ་པ་པོ། ཞལ་བཞི་པ།

སྙན་ངག་ལ་དགའ་ཞིང་སྙན་དངགས་ལ་དུངས།

བརྩེ་བ་གྱེར་བའི་ཐོལ་གླུ།

༡ བརྩེ་བའི་དེའི་ངོས་སུ། སྙིང་དམར་པོ་ཞིག་གིས་ཚངས་ཐིག་འཐེན་དུས། འཁྱོག་དྲགས་པའི་ཟུར་མིག་དེས། སེམས་པ་ཐེར་པོ་ལ་རྩ་མདུད་དགུ་སྒྲིལ་མ་བསྟབ་ཏེ་བུད་སོང་། སྐབས་དེར་ངའི་ཡན་ལག་དང་ཉིང་ལག་ཕྲེང་བར་བསྒྲིག་སྟེ། བརྩེ་བ་དེ་ལ་མུ་ཁྱུད་དམར་པོ་ཞིག་བསྐོར། ༢ སྐར་མ་རེ་ཟུང་གི་མུན་པ་འབོད་ཅིང་། མཚན་སྨག་གི་མཁའ… ཞིབ་ཏུ་ཀློག →

གྱེས་གཏམ་དགུན་གྱི་རླུང་བུ།

ནམ་ཟླ་ཆར་པས་བསླས་པའི་དབྱར་གྱི་ཚིགས་སུ། ། ཆར་ཐིགས་ཐུར་དུ་ལུད་པའི་ནུབ་མོ་ཞིག་ལ། ། གྲང་འདར་ཤིག་ཤིག་རྒྱག་པའི་ཆུ་བྱ་དཀར་མོ། ། བར་སྣང་འཕྲེད་དུ་བཅད་དེ་ང་ལས་གྱེས་སོང་། ། བསིལ་རླུང་ཡན་ཁ་འཇམ་པའི་དཔྱིད་ཉི་རིང་མོར། ། རླབས་ཕྲེང་དགུང་ལ་སྙོབ་པའི་མཚོ་མོའི་ངོགས་སུ། ། རྔ་མ་འཁྱུག་ལ་ལྡེམ་པའི་གསེར་མི… ཞིབ་ཏུ་ཀློག →

ཆུ་ཀླུང་འགྲམ་གྱི་སྙན་ངག་ཐོལ་མ།

མཁའ་ཡི་ཉི་མ་སེར་པོ་སྤྲིན་པའི་གསེབ་ནས་འཕྲོ་དུས། ། ཀླུང་གི་ཟེགས་མ་འཐོར་བ་ལག་གི་མཐིལ་ན་བཟེད་ཡོད། ། འཇས་རིས་ཟླུམ་གྱིས་ཕུབ་པ་སེམས་པའི་དབུས་སུ་བླངས་ཏེ། ། འཛུམ་པའི་དགྱེས་ཞལ་ཅན་མོར་བརྩེ་བའི་སྐྱེས་སུ་ཕུལ་ཡོད། ། བར་སྣང་གོར་གོར་དབུས་སུ་རྒོད་པོ་ལྡིང་གིས་བསྐོར་བ། ། ས་གཞི་ལེབ་ལེབ་ངོས་སུ་ལྗང་ལོ… ཞིབ་ཏུ་ཀློག →

དགའ་ལོ་དྲན་པའི་ནངས་མོ།

ཉི་གཞོན་འཛུམ་བརྒྱ་གྲོལ་བའི་ནངས་མོ་ཞིག་ལ། ། རི་ལུང་ཁ་བས་གཏུམས་པའི་དཔྱིད་གཞུང་འདི་ནས། ། བསིལ་རླུང་དལ་གྱིས་ཡན་པ་རིང་ལ་རྔུབས་ཏེ། ། ཐོད་ཀྱི་ཨ་སྔོན་གནམ་ལ་འཛུམ་ཞིག་བསྟན་པ། ། བྲག་མཐའི་ཕ་བོང་སྟེང་ནས་རི་ལུང་མཇལ་ཚེ། ། སྨུག་པ་ལང་ལོང་སྟེང་ནས་གཉིད་ཅོག་བརྒྱག་འདོད། ། ཁྲི་གདུགས་ཉི་ཟེར་ཟུགས་པའི་གང… ཞིབ་ཏུ་ཀློག →

ཁ་བ་འཚུབ་པའི་བར་ཚིགས་དེར།

རི་རྩེའི་དར་ཆ་བཙས་པོ་རླུང་གིས་ལྷབ་ལྷབ་གཡོ་དུས། ། གནམ་གྱི་ཉི་འོད་སེར་མ་དུད་སྤྲིན་ནག་མོས་གཏུམས་སོང་། ། ལོགས་ཀྱི་རི་ཚོམ་འབུར་མར་བུ་ཡུག་ལྟེམ་མེར་འཚུབ་པས། ། སྲོད་ཀྱི་མི་བུ་ཁེར་མ་ཕ་བོང་འོག་ནས་བསྒུགས་ཡོད། ། ཁ་བའི་ལོ་འདབ་སིལ་མ་ཡོག་གེ་ཡོག་གེར་འབབ་ཅིང་། ། དཔྱིད་ཀྱི་རླུང་བུ་འཇམ་པོ་དལ་གྱིས་ད… ཞིབ་ཏུ་ཀློག →

ལམ་དབར་ནས་བཏུས་པའི་སྙན་རྩོམ།

སྤྲིན་གྱི་ཚོམ་བུ་འགོ་བའི་གངས་རི་དཀར་མོར། ། ཉི་འོད་སེར་མ་འཕྲོ་བའི་བར་ཚིགས་ཞིག་ནས། ། ཀླུང་གི་དར་དཀར་འཕྱན་པའི་བྲག་རིའི་ངོས་སུ། ། འཇའ་རིས་ཟླུམ་གྱིས་ཕུབ་པའི་གུར་ཁང་མཛེས་པ། ། ནགས་ཀྱི་ཚང་ཚིང་གཡོ་བའི་རླུང་འཚུབ་རེ་རེས། ། གཡུ་ལོ་མཁའ་ལ་སྤུར་བའི་དཔྱིད་གཞུང་འདི་ནས། ། གྲོག་ཤུར་གདར་མ་འགྲིམས་པའི… ཞིབ་ཏུ་ཀློག →

ཉིན་མོ་སྤྲོ།

དཀར་འཇམ་སྤྲིན་གྱི་དུམ་བུ་མཁའ་ལ་འཁྱར། ། གསེར་མདོག་ཉི་མའི་ཟེར་མདངས་ས་ལ་ཟུགས། ། སྦྲང་ཆར་བསིལ་མ་འཇོ་བའི་དབྱར་གཞུང་ནས། ། སེམས་པ་གནམ་ལ་ལྡིང་བའི་ཉིན་མོ་སྤྲོ། ། སྣ་ཚོགས་མེ་ཏོག་བཞད་པའི་དགྱེས་འཛུམ་ཁྲོད། ། སྙེ་མའི་མགོ་བོ་ལྡེམ་པའི་མཛེས་སྡུག་མཚར། ། རླུང་གི་ལྡང་ཁ་ལྷོད་པའི་དགུང་ཚིགས་ནས། ། སེམས་… ཞིབ་ཏུ་ཀློག →

གཏན་གྲོགས་འདས་པའི་སྐྱོ་གླུ།

་་་་་་་ཆུང་མ་ཞིག་གི་ཁྱོ་ག་འདས་པའི་སྣང་བརྙན་མཐོང་རྗེས། ས་མཐའི་རྫ་རི་སྨུག་པོར་དུད་སྤྲིན་ནག་མོ་འཐིབས་དུས། ། སྲོད་ཀྱི་ཆར་སྨག་ཁྲོད་ནས་སྒྲག་འདར་སིག་སིག་རྒྱག་བྱུང་། ། ནམ་མཁའ་འཐོར་བས་མ་ཡིན་ས་གཞི་གས་པས་མ་ཡིན། ། གནམ་གྱི་ཉི་ཟླ་སྐར་ཚོགས་གཏན་དུ་ཡལ་བས་མ་ཡིན། ། ཤ་རུས་སེམས་པ་འདྲེས་པའི་གཏན་གྲོགས་… ཞིབ་ཏུ་ཀློག →

ཡིད་འོང་མ།

དཔྱིད་ཀྱི་རླུང་བུ་ཡན་པའི་སྤང་ངོས་ནས། ། ཡིད་ཀྱི་བརྟན་པ་འཕྲོག་པའི་ལྷ་ཞལ་མ། ། མཚན་མོ་དབུགས་ཀྱི་ལྷོད་ཁ་མི་ཆོག་པར། ། དྲན་པའི་ལོགས་སུ་ཡང་ཡང་འཆར་དོན་ཅི། ། མཁའ་ཡི་ལྷ་མོ་སྐྱེངས་པའི་འཇོ་སྒེག་དང་། ། དམན་ཆུང་སེམས་པ་ཚིག་པའི་མཚར་སྡུག་གི ། ལང་ཚོའི་ཕུན་སུམ་འཛོམས་པའི་ན་ཆུང་མ། ། ལན་བརྒྱར་བལྟས་པས་ཚ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑

error: Content is protected !!