རྩོམ་པ་པོ། བཙན་པོ་ཚང་།

བཙན་པོ་དྲ་བའི་རྩོམ་སྒྲིག་ཚན་ཆུང་གིས་ལེགས་རྩོམ་སོགས་འོས་སྦྱོར་གྱི་ལས་འགན་སྒྲུབ་བཞིན་ཡོད་པ་ཡིན། གལ་ཏེ་ཁྱེད་ལ་རྩོམ་ཡིག་ཡག་པོ་ཡོད་ཚེ་ཡིག་སྒམ་འདི་རུ་སྐུར་ཆོག gangkar@qq.com

གློག་བརྙན《ལག་དམར》གྱི་མི་ཡག་པའི་ཆ་འགའ། འཇམ་དཔལ་རྡོ་རྗེས།

གཅིག བོད་མི་སྐོར་ཞིག་གིས་ཤོག་ཁ་དང་སྡེ་ཚན་བྱས་ནས་གློག་བརྙན་ལག་དམར་གླེང་སོང་། སྤྱིར་ན་དེ་ནི་དགའ་འོས་པ་ཞིག་རེད། འཁྲབ་ཁྲིད་པ་བོད་ཡིན་ལ། འཁྲབ་མཁན་དག་བོད་ཡིན་པ་མ་ཟད། གློག་བརྙན་ནང་གི་འཇིག་རྟེན་དེ་བོད་ཀྱི་འཚོ་བ་གཞི་བྱས་ཡོད་པ་ཞིག་ཡིན་པས། རྒྱ་མི་དང་ཕྱི་གླིང་བ་ཚོ་དང་མི་འདྲ་བར་བོད་མི་ཚོར་མྱོ… ཞིབ་ཏུ་ཀློག →

མཐོང་ཐོས་མྱོང་གསུམ་ལས་བྱུང་བའི་འབྲས་སྤུངས་དཔེ་མཛོད་ཀྱི་ངོ་སྤྲོད་མདོར་བསྡུས། ཀརྨ་བདེ་ལེགས་ནས།

ཐོག་མར་གསལ་བཤད་ཞུ་རྒྱུ་ལ། སྤྱིར་འབྲས་སྤུངས་དཔེ་མཛོད་ཁང་དུ་རིན་ཐང་ཆེ་བའི་དཔེ་རྙིང་དཔེ་དཀོན་མང་པོ་ཞིག་བཞུགས་ཡོད་རུང་། དེ་རྣམས་ཀྱི་ཆ་འཕྲིན་དཀར་ཆག་དང་སྤར་བསྐྲུན་གྱི་ལམ་ནས་ཕལ་ཆེ་བ་སྤྱི་ཚོགས་ཐོག་ཕུལ་ཟིན་པས་བསྐྱར་ཟློས་ཀྱི་དགོས་པ་མེད་ལ། འབྲས་སྤུངས་དཔེ་མཛོད་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད… ཞིབ་ཏུ་ཀློག →

བོད་དུ་སྟོད་ལུགས་དང་སྨད་ལུགས་ཀྱི་ཡོ་ག་དར་ཚུལ། རྡོ་རྗེ་རིན་ཆེན་གྱིས།

__ རྡོར་དབྱིངས་ལས་རྣམ་སྣང་མི་བཞི་རྒྱབ་སྤྲོད་ཀྱི་སྐོར། དེ་ཡང་རྡོར་དབྱིངས་ཀྱི་རྣམ་སྣང་མི་བཞི་རྒྱབ་སྤྲོད་བྱ་བ་ནི་ཡོ་ག་ལ་མཁས་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་བཞེད་ལུགས་ཡིན་ལ། སྔར་བོད་བཙན་པོའི་སྐབས་ལུགས་འདི་ཤིན་ཏུ་དར་བར་བྱུང་། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་སླ… ཞིབ་ཏུ་ཀློག →

བོད་ཀྱི་ཐབ་ཀའི་ཤེས་རིག་ལག་རྩལ་གྱི་ངོ་སྤྲོད་མདོར་བསྡུས། ཀརྨ་བདེ་ལེགས་ནས།

དང་པོ། བོད་ལ་ཐབ་ཀ་དང་འབྲེལ་པའི་རིག་གནས་སྣ་མང་ཞིག་ཡོང་བའི་རྒྱུ་མཚན། གཅིག བོད་བཙན་པོའི་སྐབས་སུ་མངའ་ཐང་རྒྱ་བསྐྱེད་ཀྱི་སྐབས་སུ་འཁྲུག་པ་མང་པོ་བྱུང་ནས་དམག་སྒར་ཡང་ཡང་སྤོ་དགོས་པའི་དབང་གིས་སྒར་གསར་པ་རེ་རེར་ཐབ་ཀ་རེ་བཅའ་དགོས་པ་དང་། དེ་ཡང་བོད་ཀྱི་ལོ་རྒྱུས་རྒྱའི་ཐང་ཡིག་ཏུ་འཁོད་པ་ལྟར་ན། བ… ཞིབ་ཏུ་ཀློག →

ལས་རིགས་བར་གྱི་ངོས་ལེན་དང་བརྩི་མཐོང་། སྒར་བ་ཚེ་རིང་བཀྲ་ཤིས་ཀྱིས།

—–འབྲོག་ལས་དཔེར་བྱས་ནས་གླེང་བ།  ཨ་རི་ན་འབུམ་རམས་པ་འདོན་བཞིན་པའི་བདག་གི་གྲོགས་པོ་ཀ་གྱའི་དཔའ་རྩེ་རྒྱལ་ནས་མདོ་སྨད་ཀྱི་མཛོད་དགེའི་འབྲོག་ཁུལ་ཞིག་ཏུ་སྤེལ་བའི“འབྲོག་ལམ་རིང་མོ”ཞེས་པའི་བྱེད་སྒོ་ཞིག་ཏུ་ཞུགས་རྗེས“རང་གི་སྐྱིད་སྡུག་རང་གིས་བཤད”ཅེས་པའི་རྩོམ་ཞིག་བྲིས་ཡོད།  … ཞིབ་ཏུ་ཀློག →

ང་རང་གསར་རྩོམ་ལ་ཞུགས་པའི་གོ་རིམ་དང་དེ་ལས་ཐོབ་པའི་མྱོང་ཚོར། འཆི་མེད་ཀྱིས།

བོད་མོས་བོད་མོའི་རྩོམ་རིག་གླེང་བ། ང་རང་གསར་རྩོམ་ལ་ཞུགས་པའི་གོ་རིམ་དེ་གླེང་དགོས་ཚེ་ངེས་པར་མི་ལོ་བཞི་བཅུ་ལྷག་གི་ཡར་སྔོན་ནས་གླེང་དགོས་འདུག ལོ་རབས་དྲུག་ཅུ་བའི་སྨད་ཙམ་ལ་ང་རང་རེབ་གོང་ས་དཀྱིལ་སྡེ་བར་སྐྱེས། དེས་ན་ལོ་རབས་དྲུག་ཅུ་བའི་སྨད་ཙམ་ཞེས་གླེང་འོང་དུས། ང་རང་བྱིས་དུས་ཀྱི་སྤྱི་ཚོགས་ཁོར… ཞིབ་ཏུ་ཀློག →

གྲངས་འཛིན་དུས་རབས་སུ་མིག་དཔེ་ཅན་གྱི་ཕ་མར་ལྡན་དགོས་པའི་ཤེས་བྱ། དཔལ་མཚོ་སྐྱིད་ཀྱིས་བསྒྱུར།

ལག་རྩལ་གསར་པ་དང་འབྲེལ་གཏུག་སྨྱན་ཆས་ཀྱིས་ང་ཚོའི་འཚོ་བ་དང་མཐོང་རྒྱ་ལ་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་ཀིན་ཡོད་པ་དང་།ང་ཚོའི་འཚོ་རྟེན་ནི་གྲངས་འཛིན་དུས་རབས་དང་འབྲལ་མི་ཕོད་པ་ཞིག་ཡིན། སྨྱན་ཆས་གསར་པ་ནི་འཐུང་ཆུ་དང་མཁའ་རླུང་ཇི་བཞིན་འཚོ་བའི་གང་ས་གང་དུ་གནས་པ་མ་ཟད་འཚོ་བའི་རོལ་སྟངས་དང་། བྱ་སྤྱོ… ཞིབ་ཏུ་ཀློག →

མི་ལ་རས་པའི་སྐོར་གྱི་རྩོམ་ཡིག་གཉིས། ཚངས་དབང་དགེ་འདུན་བསྟན་པས།

རྗེ་བཙུན་མི་ལ་རས་པའི་སྐོར།(1) དེ་སྔོན་མཁས་པ་དུ་མའི་ཞལ་ནས།  མི་ལ་རས་པ་ནི་བླ་མ་བསྟེན་ཚུལ་ཡག་ནས་རྟོགས་པ་ཀློང་དུ་བརྡོལ་ཏེ་ཤེས་བྱའི་གནས་གང་ལའང་མཁྱེན་པའི་ཡོན་ཏན་བརྙེས་པ་རེད་ཟེར་བ་ལས། ཁོང་གིས་དགེ་བའི་བཤེས་གཉེན་རྣམས་ཀྱི་མདུན་ནས་དཔེ་ཁྲིད་ཞུས་ནས་དཔེ་ཆ་མང་པོ་གཟིགས་པ་རེད་ཟེར་མཁན་མ་བྱུང་… ཞིབ་ཏུ་ཀློག →

རྒད་པོ་དང་རྒྱ་མཚོ། དག་བཅོས་མ།

ཨར་ནེསྚི་ཧེ་མིང་ཝེས་བརྩམས། རབ་གསལ་གྱིས་བསྒྱུར། ཁོང་ནི་གྲུ་ཆུང་[1]ཞིག་ཏུ་བསྡད་ནས་ཚ་ཡུལ་གྱི་རྒྱ་མཚོའི་འགྱུ་ཁུག་[2]ཏུ་ཁེར་རྐྱང་གིས་ཉ་རྔོན་པའི་རྒད་པོ་[3]ཞིག་ཡིན་ལ།   ཉ་གཅིག་ཀྱང་མ་ཟིན་པར་ད་ནི་ཉིན་བརྒྱད་ཅུ་གྱ་བཞི་ཕྱིན་ཡོད།    ཐོག་མའི་ཉི་མ་བཞི་བཅུའི་རི… ཞིབ་ཏུ་ཀློག →

འཆི་བ་དང་ཤེས་རབ།     ཏཱ་ན་འབྲོག་ཕྲུག

ཡེ་ཤུའི་གསུང་རབས་ཀྱི་འཇིག་རྟེན་ཆགས་ཚུལ་གྱི་ལེའུར་གཏམ་འདི་འདྲ་ཞིག་ཡོད་དེ། སྔོན་བསྐལ་བ་ཡ་ཐོག་གི་དུས་སུ། ལྷ་ཆེན་པོས་སྐྱེ་དགུའི་ཐོག་མ་ཡཱ་ཏང་དང་ཤཱ་བ་གཉིས་སྐྱེད་ཚལ་ཉམས་དགའ་བ་ཞིག་ཏུ་གནས་འཆའ་རུ་བཅུག་ཅིང་། སྐྱེད་ཚལ་དེར་འབྲས་བུས་དུད་པའི་ལྗོན་ཤིང་སྣ་ཚོགས་སུ་སྐྱེས་ཡོད་པ་ཅི་འདོད་ལོངས་སུ་སྤྱོད… ཞིབ་ཏུ་ཀློག →

བོད་རབ་རྒྱན་ས་མོ་ཕག་གི་ལོའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།

དགེ་འདུན་རབ་གསལ། སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོའི།། བྱུང་བ་གང་ཡིན་བསྟན་རྩིས་ལས་བཏུས་ཏེ།། འདས་པའི་ལོ་རྒྱུས་མདོར་ཙམ་ཡིད་ལ་བྱེད།། བཀྲ་ཤིས་རྟེན་འབྲེལ་མཚོན་པའི་རྐྱེན་དུ་བསྔོ།།   རབ་བྱུང་དང་པོའི་ས་མོ་ཕག་གི་ལོར།། རྔོག་ལོ་བློ་ལྡན་ཤེས་རབ་འཁྲུངས་ཞེས་གསལ།། དོལ་པོ་ཤེས་རབ་རྒྱ་མཚོ་འཁྲུངས་… ཞིབ་ཏུ་ཀློག →

ཧི་མ་ལ་ཡི་རི་རྒྱུད་ན་ཆགས་པའི་འོམ་ལྷ་ལུང་པ། ཙོང་ཁ་ཚེ་བརྟན་རྒྱལ

དེ་སྔོན་མངའ་རིས་པ་གཞུང་པ་ཨ་ཞང་ཚེ་རིང་ཆོས་འཕེལ་གྱིས་རྩོམ་སྒྲིག་གནང་བའི་((མངའ་རིས་ལོ་རྒྱུས་དེབ་ཐེར))བརྒྱུད་ནས་འོམ་ལྷ་ཡུལ་ལ་སྟོད་ཀྱི་ཡུལ་ཚོ་དྲུག་དང་བར་གྱི་ཡུལ་ཚོ་བདུན། གཙང་ལ་ཡུལ་ཚོ་ལྔ་ཞེས་བཤད་སྟངས་མང་པས་རེ་ཞིག་མགོ་བོ་འཐོམ་པ་ལས་འོམ་ལྷའི་ཡུལ་མི་རེ་ལ་འབྲེལ་གཏུགས་བྱེད་མ་ཐུབ་པར་ལུས་ན། ཡང… ཞིབ་ཏུ་ཀློག →

བོད་ལུགས་ལོ་སར་གྱི་ལུག་མགོ་བཤམས་མཆོད་སྐོར། ཀརྨ་བདེ་ལེགས་ནས།

ལུག་མགོ་དང་ཕྱེ་མར་བཤམ་མཆོད་ཀྱི་བྱུང་བ། ལུག་མགོ་ནི་གནའ་བོའི་བོད་ཀྱི་ཕ་མེས་བདུན་བརྒྱུད་ཀྱི་མཚུན་ལྷ་མཆོད་པའི་ཡོ་ཆས་བཟང་པོ་ཞིག་ཏུ་བརྩི་སྲོལ་ཡོད་པ་སྟེ།   དེ་ཡང་ལྷ་མཚུན་གསོལ་ཐབས་ལས། དེ་རིང་ཕ་མེས་ཀྲ་ཚུན་ཁ་མ་ཕྱེ་བ།  །མཚུན་བཤུས་ཨུ་ཀྱུ་དང་། །གསོལ་ཟས་མདའ་དགུ་སྣ་ཚོགས་དང་། །གསེར་གྱི་ལུག་མགོ་ཁ… ཞིབ་ཏུ་ཀློག →

མི་གཤིས། ཏཱ་ན་འབྲོག་ཕྲུག

མི་གཤིས(人格)ཞེས་པ་འདི་ལ་དཔེ་དེབ་དང་དྲ་ངོས་སོགས་སུ་འགྲེལ་ལུགས་འགའ་རེ་སྣང་ཞིང་། དེ་དག་མདོར་དེད་ན་བདག་གི་འདུ་ཤེས་ཡོད་པ། རང་གིས་རང་ལ་རྟོག་པའི་ནུས་པ་ལྡན་པ། ཚོར་བ་དང་བརྩེ་དུང་། འདུན་པ་སོགས་ལྡན་པའི་ཡུལ་ཅན་གྱི་ཁྱད་ཆོས་ཤིག་ལ་གོ་དགོས་པར་སྣང་། སྔོན་མ་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱི༼རིག་གནས་དང… ཞིབ་ཏུ་ཀློག →

དུས་རབས་བརྒྱད་པ་དང་དགུ་པའི་བོད་བཙན་པོ་དུས་ཀྱི་རྡོའི་སེང་གེ་དང་གླང་ཆེན། སྙིང་ལྕགས་རྒྱལ་གྱིས་བསྒྱུར།

Amy Heller ཡིས་བརྩམས།1  ནང་དོན་གནད་བསྡུས།   རྡོའི་སེང་གེ་དང་གླང་ཆེན་གཉིས་དཀྱུས་གཅིག་ཏུ་བཟུང་སྟེ་གནའ་དཔྱད་བསྔོག་འདོན་དང་ཡུལ་དངོས་རྟོག་དཔྱོད་བརྒྱུད་བོད་ལྗོངས་ཀྱི་འཕྱོངས་རྒྱས་དང་། ལྷ་རྩེའི་ཁྲོམ་ཆེན། ཆབ་མདོའི་རི་མདའི་རྣམ་པར་སྣང་མཛད་ཀྱི་བཞུགས་ཁྲི་ངོས་ཀྱི་སེང་གེ ཉིང་ཁྲི་ས་ཆའི་གླང་མཁར་ར… ཞིབ་ཏུ་ཀློག →

དར་གོས་ཚོང་ལམ་སྟེང་གི་བོད་ཀྱི་གོས་ཆེན་གླེང་བ། ཤ་བོ་མཁའ་བྱམས་ཀྱིས་བསྒྱུར།

ལིན་མེ་ཚོན་གྱིས་བརྩམས། གསལ་བཤད། དཔྱད་རྩོམ་འདིའི་མ་ཡིག་ནི་སྤྱི་ལོ་2017ལོའི་རྩོམ་པ་པོའི་ཆེད་དེབ་《ནུབ་ལྗོངས་ཀྱི་གནའ་དཔྱད་དང་སྒྱུ་རྩལ་》ལས་ཁོལ་དུ་བསྒྱུར་བ་ཡིན་ལ། 《丝绸之路上的吐蕃番锦》(《西域考古与艺术》,北京大学出版社,2017年9月)དེའི་སྔོན་གྱི་སྤྱི་ལོ་2013ལོའི་《ཤར་ཕྱོགས་ཞོགས་པའི་ཚགས་པར》སྟེང་རྩོམ་འདིའི་བརྗོད་གཞི་ག… ཞིབ་ཏུ་ཀློག →

དཔལ་ཡོན་གྱི་སྲོག་རྩ་ལ་དམ་པོར་འཇུ་རོགས།   རྔ་བ་བུདྡྷ། 

༡ མི་རིགས་རེ་རེ་ལ་རང་གི་རིག་གནས་ཡོད།རིག་གནས་དེ་ཡི་གེའམ་ངག་རྒྱུན་གང་རུང་ལ་བརྟེན་ནས་རྒྱུན་སྐྱོང་གིན་ཡོད་པ་སོ་སོའི་གནས་བབ་མི་འདྲ་མོད་དེ་ནི་རིག་གནས་ཡིན་པ་རྩོད་པ་མེད།སྲིད་པ་ཆགས་ལུགས་ནས་ཚེ་སྲོག་གི་བྱུང་རིམ།འཚོ་བའི་སྙིང་བོ།མི་བུའི་གོ་ཐང་སོགས་འཇིག་རྟེན་ལས་འདས་དང་མ་འདས་པའི་གསང་བའམ་སྙིང་བོ… ཞིབ་ཏུ་ཀློག →

རྒན་རྟ་མགྲིན་རྒྱལ་ལགས་དང་ཁོང་གི་སྐོར་གྱི་དྲན་ཐོ། གཡུ་ཐོག་རིག་འཛིན་པདྨ་རང་གྲོལ།

སྔགས་འཆང་རྟ་མགྲིན་རྒྱལ་ལགས་ནི། རེབ་གོང་གི་གྲོང་གསེབ་ནས་བྱོན་པའི་མཁས་པ་ཞིག་ཡིན། ཁོང་ནི། “ངས་ཉིན་རེ་བཞིན་འབྲེལ་ཡོད་དཔེ་ཆ་མང་ཙམ་ཀློག་གིན་ཡོད་ལ། མཁས་པ་གྲགས་ཅན་སྐོར་ཞིག་གི་གསུང་ཁྲིད་སྒྲ་ཐག་ཏུ་ཕབ་ཡོད་པ་མང་ཙམ་ཉན་ནས་རང་ཉིད་ལ་ཤེས་བྱའི་ངར་ལྡུད་པ་དང་རིག་པའི་གོ་བགོ་བཞིན་ཡོད།” ཅེས་གསུང་མཁན་དེ… ཞིབ་ཏུ་ཀློག →

ཨ་ལ་གསར་དང་འོ་མའི་དྲི། གུར་མགོན་སྐྱབས་ཀྱིས།

མདང་ནུབ་འབྲུག་རྒྱལ་ཁབ་ཀྱི་སྟོན་ཚོགས་ཤིག་ལ་བཙོན་ལྕོགས་རྡོ་རྗེ་དང་ལྷ་སྐྱིད་སྒྲོལ་མ་གཉིས་ཀྱིས་ཕོ་བྲང་འཁོར་བཅས་ལ་གཙོ་འཁྲབ་གནང་བའི“དགུང་སྟོད་གསེར་གྱི་མེ་ཏོག… …”ཅེས་པའི་གླུ་དབྱངས་ཀྱི་འགྲོས་དང་བསྟུན་ནས་གར་སྟེགས་ཆུང་ངུ་ཞིག་ལ་བྲོ་འཁྲབ་བཞིན་པའི་བརྙན་དེ་ཡང་བསྐྱར་མཐོང་བྱུང་། སྔུན་མར་ཡང་བརྙན་… ཞིབ་ཏུ་ཀློག →

ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་མུ་གུམ་དང་ཀརྨ་རོང་ལུང་པ།  ཙོང་ཁ་ཚེ་བརྟན་རྒྱལ

བླ་མ་འཕྲིན་ལས་རྒྱ་མཚོ་ལགས་ཁམས་བཟང་། ཉིད་ཀྱིས་གཙོ་སྒྲིག་བྱས་པའི་((མུ་གུམ་ཚོང་འདུས་ཀྱི་ལོ་རྒྱུས་སྔོན་མེད་རབ་གསལ་སྒྲོན་མེ))ཞེས་པ་མུ་གུམ་ལུང་པའི་སློབ་དཔོན་ཤེལ་སྣང་རྒྱ་མཚོས་(སྤྱི་ལོ2012)ཆེད་དུ་གསོལ་རས་བསྩལ་ཞིང་།གུས་པས་ལས་ཀའི་བར་གསེང་ནས་མཇལ་བའི་གོ་སྐབས་དམ་འཛིན་བྱས་པའི་མཐར།མུ་གུམ་པ་དང་ཀ… ཞིབ་ཏུ་ཀློག →

འདས་ཟིན་པའི་བཅའ་སྡོད་སློབ་ཆུང་། བྱ་གཞུང་སྐལ་ལོས།

༡ ད་ལྟ་ལ་ཐུག་གི་བར་ངས་ཁྱེད་ཚོར་ང་དང་བཅའ་སྡོད་སློབ་ཆུང་གི་གཏམ་རྒྱུད་འདིའི་མགོ་འཛུགས་མ་ཐུབ་པར་སེམས་གཏིང་ནས་ནོངས་འགྱོད་སྐྱེས་བཞིན་ཡོད། ཡིན་ནའང་། དུས་སྐབས་འདི་འདྲ་ཞིག་གི་ནང་ངས་ཁྱེད་ཚོར་གཏམ་རྒྱུད་འདི་འདྲ་ཞིག་བཤད་ཐུབ་སོང་བར་ཡང་སེམས་ནང་ནས་དགའ་སྤྲོ་སྐྱེས་ནི་ཞིག་རེད། ལོ་འགའི་ཡར་སྔོན་ནས་བཟ… ཞིབ་ཏུ་ཀློག →

ས་སྒང་ནི་ཁྱོད་ལ་བརྟེན་ཏེ་འཁོར་གྱིན་མེད། སྒོ་ཡོན་གྱིས་བསྒྱུར།

ཧེ་ར་རིས་བརྩམས། མི་ཕལ་མོ་ཆེས་འདི་སྙམ་དུ་སེམས་ཏེ། རང་ཉིད་ནི་འཇིག་རྟེན་གྱི་ལྟེ་བ་དང་། རང་ཉིད་ཀྱི་ཤེས་རིག་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འགག་རྩ་ཡིན་པར་སྙམ། དེ་ཡང་གྷི་རིག་པ་མང་པོས་ལོ་རྒྱུས་ཀྱི་དབུ་རྩོམ་ས་ནི་གནའ་བོའི་ཧོ་མུར(Homer)དང་སོ་ཕོ་ཁིལ་སི(Sophocles)། ཕི་ལ་ཐོ(Plato)བཅས་ཡིན་པར་ངོས་འ… ཞིབ་ཏུ་ཀློག →

ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་བརྩུམ་ལུང་པ། ཙོང་ཁ་ཚེ་བརྟན་རྒྱལ།

ད་ལོའི་དབྱར་ཁར་བློ་ཐག་ཉེ་བའི་དགེ་ལུགས་པའི་གདན་ས་སྲད་རྒྱུད་དགོན་པའི་ཕྱག་མཛོད་ཟུར་པ་བླ་མ་རིག་འཛིན་ལ་བརྩུམ་ལུང་པར་ཡུལ་ཚོ་ག་ཚོད་ཡོད་མེད་བཅར་འདྲི་བྱེད་པའི་སྐལ་བ་རེག་པ་ལྟར། བླ་མས་བརྩུམ་ལུང་པའི་འབྲེལ་ཡོད་མི་སྣ་བརྒྱུད་ནས་བརྩུམ་ལུང་པར་ཡུལ་ཚོ་བཅུ་དགུ་ཙམ་གྱི་ཡུལ་ཚོའི་མིང་རེ་རེ་ཡིག་ཐོག་ལ་ཕབ་… ཞིབ་ཏུ་ཀློག →

ཧི་མ་ལ་ཡའི་རི་རྒྱུད་ན་གནས་པའི་དོལ་པོ་ལུང་པ།   ཙོང་ཁ་ཚེ་བརྟན་རྒྱལ

རྒན་པདྨ་དགོས་འབྱོར་ལགས།  ཁམས་བཟང་།དོལ་པོ་ལ་དོལ་ཕྱོགས་གྲུ་བཞི་དང་དོལ་པོ་ས་གནས་བདུན་ཞེས་འབོད་སྟངས་གཉིས་ཙམ་ཡོད་པ་སྔར་གོ་བ་མ་གཏོགས།དེང་འདིར་རྒྱལ་ཁོངས་དང་མངའ་སྡེ། རྫོང་། ས་གནས།  ཡུལ་ཚོ།  མི་འབོར་བཅས་ཀྱི་སྐོར་གསུང་རོགས་མཁྱེན། ཁྱེད་ཀྱིས་ཧི་མ་ལ་ཡའི་མི་རིགས་ཀྱི་སྐོར་ལ་དོ་སྣང་གནང་བར་དགའ་ཚོ… ཞིབ་ཏུ་ཀློག →

« ཅུང་རྙིང་བའི་རྩོམ་ཡིག ཅུང་གསར་བའི་རྩོམ་ཡིག »

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑