རྩོམ་པ་པོ། བྱང་འབྲོག་མི།

དབེན་པའི་སྤང་ཐང་ནས་འཚར་ལོངས་བྱུང་། མི་ཚེ་རིག་པ་སྦྱོང་བའི་ལམ་དུ་ཟད། སེམས་ཀྱི་སྟོང་ཆ་ཆེ་ཤོས་ནི་འཚོ་བ་དང་ལས་དོན། རྩོམ་རིག་བཅས་གཞི་གཅིག་ཏུ་མ་བབས་པ་དེ་ལགས་པས། ཟིན་བྲིས་ནི་སྟོང་ཆ་དེ་གསབ་བྱེད་གཅིག་པུ་ཆགས།

དཔེ་ཀློག།མིའི་རིགས་ཤེས་དཔལ་གྱི་རྨང་རྡོ། བྱང་འབྲོག་མི།

དཔེ་ཀློག-མིའི་རིགས་ཤེས་དཔལ་གྱི་རྨང་རྡོ། བདག་ལ་མཚོན་ན་དཔེ་ཀློག་མེད་པའི་འཚོ་བ་ནི་བསམ་ཕོད་མེད་པ་ཞིག་ཡིན། ཡིན་ན་ཡང་། དངོས་ཡོད་འཚོ་བའི་ནང་མི་མང་པོ་ཞིག་གིས་ཏག་ཏག་དཔེ་ཀློག་གཅིག་ཀྱང་མེད་པའི་འཚོ་བ་རོལ་ཅིང་།ཐ་ན་མི་ཚེ་ཧྲིལ་བོའང་དཔེ་ཀློག་གི་ལོ་རྒྱུས་མེད་པར་མཇུག་སྡུད་བཞིན་ཡོད། དེ་ནི་ཆེས་ཕངས་ས… ཞིབ་ཏུ་ཀློག →

བདག་གི་དཔེ་ཀློག་འཚོ་བ། བྱང་འབྲོག་མི།

ང་རང་དཔེ་ཀློག་གི་འཚོ་བར་གོམས་རྒྱུར་དུས་ཚོད་རིང་པོ་ཞིག་འགོར་ཡོད་སྲིད། མཐར་དེ་ཉིད་བདག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་བ་དང་འབྲལ་ཐབས་མེད་པའི་ཚད་ལ་ཐོན། བདག་ལ་མཚོན་ན་དཔེ་ཀློག་མེད་པའི་འཚོ་བ་ནི་ཕོངས་འགྱོད་ཀྱི་ལོ་ཟླ་ཤིག་དང་ཁེར་རྐྱང་གི་འཚོ་བ་ཞིག་ཡིན་ངེས། ངས་ནི་རང་ཉིད་དཔེ་ཀློག་ལ་གོམས་པའི་མི་ཞི… ཞིབ་ཏུ་ཀློག →

བསྐྱར་གཞིགས། བྱང་འབྲོག་མི།

གླེང་སློང་། འཇར་མན་པ་ནེས་ཁྲེ་ཡིས་རིན་ཐང་ཡོད་ཚད་ལ་བསྐྱར་དུ་གདེང་འཇོག་བྱེད་དགོས་གསུང་། དེ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐབས་ངེས་ཅན་ཞིག་ལ་བསླེབས་དུས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱིས་བཏོན་པའི་རེ་བ་ཞིག་ཡིན་ལས་ཆེ། རྒྱུ་མཚན་ནི་སྤྱི་ཚོགས་ཡར་རྒྱས་སོང་བ་དང་བསྟུན་ནས་མིའི་འདུ་ཤེས་ཀྱང་རིམ་ག… ཞིབ་ཏུ་ཀློག →

རིག་པ་འཚོལ་བའི་ལམ་བུ་ཅི་འདྲ་ཡིན།

ང་ཚོ་གྲ་སྒྲིག་དང་རྨང་གཞི་ཅི་ཡང་མེད་པར་བརྡ་འཕྲིན་དུས་རབས་སུ་ཞུགས་ཟིན། བརྡ་འཕྲིན་དུས་རབས་ནི་འགྲན་རྩོད་ཀྱི་དུས་རབས་ཤིག་ཡིན་པར་སྨྲ། འདི་ནི་རིག་གནས་དང་ལག་རྩལ། ཚན་རིག་བཅས་ཀྱི་འགྲན་རྩོད་ཅིག་རེད། ཚན་རིག་དང་ལག་རྩལ་གྱི་ཆ་ནས་ང་ཚོ་གཞན་དང་བསྡུར་ཐབས་མི་འདུག ང་ཚོ་ནི་ལག་ཤེས་བཟོ་ལས་ཙམ་ལས་དོན་དམ་པ… ཞིབ་ཏུ་ཀློག →

རུལ་སུངས་ངོས་ཟིན་གནད་བསྡུས།

རུལ་སུངས་ནི་ཕྱི་དངོས་པོའི་བསླུ་བྲིད་ཀྱིས་རྐྱེན་བྱས་ནང་བསམ་བློ་ངན་རེངས་སུ་གྱུར་བ་ཞིག་སྟེ། ཡོད་ཚད་བདག་ཏུ་འཛིན་འདོད་པའི་སེམས་བྱུང་དེར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཞིག་ཡིན། དེ་ལ་དུས་དང་ཁོར་ཡུག རིག་གནས་བཅས་ཀྱི་བྱུང་བ་ཡོད་པ་ཞིག་ཡིན་ལ། མཁའ་དབུགས་སྟུག་པོ་ཞིག་གི་ཁྲོད་ནས་མི་རེ་རེའི་སེམས་སུ་… ཞིབ་ཏུ་ཀློག →

བོད་མི་ཚོས་མྱུར་དུ་མཐོར་མདེགས་གཏོང་དགོས་པའི་འདུ་ཤེས་གསུམ།

དྲ་ལམ་ཀློག་པ་པོའི་གནས་ཚུལ་ལ་གཞིགས་ནས་ཉིང་བསྡུས་སུ་གླེང་བར་བྱེད་ཅིང་། རྗེས་སུ་ཞིབ་རྒྱས་སུ་བཏང་ནས་ཡིག་ཐོག་གི་རྩོམ་ཞིག་བྱེད་རྩིས་ཡོད། སྐུ་ཉིད་ནས་མཉམ་དུ་དཔྱད་གླེང་དང་དེ་འབྲེལ་གྱི་ལེགས་རྩོམ་བྲི་བར་རེ་བ་ཡོད། གཅིག འཕྲོད་བསྟེན་གྱི་འདུ་ཤེས། ང་ཚོ་གྲོང་ཁྱེར་སོགས་ས་གནས་གཞན་པ་འགྲིམ་སྐབས་རང་ཉི… ཞིབ་ཏུ་ཀློག →

བོད་མིའི་རྒྱུད་ཀྱི་གཞན་རྟེན་དང་གཞན་བསྟུན་གྱི་བསམ་བློར་དཔྱད་པ།

ཐོག་མར་གཞན་རྟེན་དང་གཞན་བསྟུན་ཞེས་པའི་ཐ་སྙད་འདི་གཉིས་ལ་ཅུང་ཟད་དཔྱད་དགོས་ཡོད་དེ། དེ་ལས་གཞན་རྟེན་ནི་རང་འཚོ་བའམ་བྱ་བའི་ལས་ཅི་རིགས་སྒྲུབ་པ་ལ་རང་གི་སྟོབས་སམ་ནུས་པས་མ་འདང་བར་གཞན་ཞིག་གྲོགས་སུ་བརྟེན་དགོས་བྱུང་པ་དང་། ཡང་ན་ནི་གཞན་ཞིག་གི་དབང་དུ་གྱུར་ནས་དེའི་བཀོད་པ་ལྟར་ལས་བྱེད་པ་སྟེ་མདོར་ན་རང… ཞིབ་ཏུ་ཀློག →

ལྷོད་ལ་འབེབས་པ།

ཐོབ་ཤོར་གྱིས་གཅུན་དྲགས་པའི་འཚོ་བའི་གསེང་ནས། ནམ་རྒྱུན་ཡིད་སེམས་ཀློང་ཀློང་བོའི་ངང་དུ་མི་ཁོམ་པའི་གནས་སུ་འདུར་རྒྱུག་བྱེད་ཀྱང་། སྤྲིན་གྱི་ཕུང་བོ་ལིང་ལིང་མཆེད་པ་བཞིན་གྱི་སེམས་བྱུང་སྣ་ཚོགས་ག་ལེར་ཕར་དེད་པ་ཡིན་ན། གཞི་ནམ་མཁའ་ནི་དྭངས་ཤིང་གསལ་བ་དང་གཡོ་མེད་བརྟན་པའི་ངང་དུ་གནས་པ་རང་ལགས་སོ།། རེད… ཞིབ་ཏུ་ཀློག →

དུས་ཚོད་ལ་རེ་སྒུག་མི་བྱ།

རྒྱ་དོགས་པས་འཕུང་།བོད་རེ་བས་འཕུང་།བདག་གི་སྣང་ངོར་བོད་པ་དག་ནི་ནམ་ཡང་རེ་བ་ཞིག་གི་ངང་དུ་ལུས་ཡོད་པར་འདོད། ཆེ་ས་ནས་མི་རིགས་ཤིག་དང་། ཆུང་ས་ནས་སྐྱེས་བུ་རང་སྒེར་བ་གང་ཡིན་རུང་ལག་ལེན་ དུ་འདེབས་རྒྱུ་མེད་པའི་སྟོང་བསམ་དང་རེ་བཞག་རིང་མོ་ཞིག་གི་ཁྲོད་དུ་ལུས་འདུག དེ་ལྟར་གྱིས་ཉིན་དང་ཞག ལོ་དང་ཟླ་འདས… ཞིབ་ཏུ་ཀློག →

དུས་ཆེན་དང་བསམ་གཞིག

ཉེ་བའི་ཆར་རང་རེའི་སྲོལ་རྒྱུན་གྱི་ཆོས་ལུགས་དུས་ཆེན་ཏེ་དགའ་ལྡན་ལྔ་མཆོད་ཆེན་མོ་སྲུང་བརྩི་བྱས་ཡོད་པ་དང་། དེ་རིང་ཡང་རྒྱའི་དུས་ཆེན་ཞིག་སྟེ་དགུན་ཉི་ལྡོག་ལ་ལས་བྱེད་སོགས་མང་པོ་ཞིག་རོལ་བཞིན་འདུག དེ་ལས་དང་པོ་ནི་དགེ་བའི་ངོས་ཀྱི་དུས་ཆེན་ཞིག་ཡིན་པ་དང་རྗེས་མ་དེ་སྡིག་པའི་ངོས་ཀྱི་དུས་ཆེན་ཞིག་རེད།… ཞིབ་ཏུ་ཀློག →

སྟོང་བར་ཕུད་པའི་སེམས།

དོ་དགོང་ཁེར་རྐྱང་ཟླ་བ་མཁའ་ན་རྒྱུ།། བདག་ནི་སྒེའུ་ཡོལ་བཀྱགས་ཏེ་བལྟ་འདོད་མེད།། སེམས་ཀྱི་སྐྱོ་བ་སློང་བའི་རྒྱུ་དེ་ཚོ།། ད་ནི་མང་ཚོད་མིན་ན་ཉུང་ཚོད་མིན།། གདུང་ཤུགས་ཆེན་པོས་སྐྱོ་གླུ་ལེན་འདོད་མིན།། ཁྲོ་བ་བྱོ་བའི་ཨག་རིང་ཅི་ལ་འདེབས།། བདག་ནི་ཁ་ཁུ་སིམ་པའི་མལ་སྟན་དུ།། ཅི་ཡང་མི་དྲན་ཅུང་ཟད་ལྷོད་འ… ཞིབ་ཏུ་ཀློག →

བོད་ཡིག་ཉམས་མི་སྲིད།

བོད་ཡིག་ནི་ཡི་གེ་གཞན་དང་མི་འདྲ། བོད་ཡིག་གི་འཚོ་བའི་ཁྲོད་ཀྱི་བཀོལ་སྤྱོད་ཉམས་ཀྱང་མི་རིགས་འདི་མ་ཉམས་པར་དུ་བོད་ཡིག་ཉམས་མི་སྲིད་དེ། བོད་ཡིག་གིས་ནང་བསྟན་གཙོ་བྱས་པའི་སྲོལ་རྒྱུན་རིག་གནས་ཁུར་ཡོད་ལ། དེ་ནི་བོད་མི་རིགས་ཀྱི་དགོས་མཁོ་རིགས་ཤིག་ཡིན། བོད་མིའི་རྒྱུད་ཀྱི་ཆོས་ལུགས་དད་མོས་ནི་ཡུན་རིང་… ཞིབ་ཏུ་ཀློག →

ཚོར་བ་རབ་རིབ།

ཡོལ་ངོས་སུ་གསལ་ལ་མི་གསལ་བའི་པར་རིས་དག་བསྟུད་མར་འཆར། དེ་ནི་འདས་སོང་བའམ། ཡང་ན་ད་ལྟ་བ། ཡང་ན་མ་འོངས་པའོ། ཡང་ན་བརྗོད་དོན་མི་གསལ་བའི་གློག་བརྙན་ཞིག་གོ སྒེའུ་ཁུང་ཕྱི་རོལ་དུ་རླུང་བུ་ལྡང་། མཚམས་རེར་བུ་ཡུག་འཚུབ་མྱོང་ལ། མཚམས་རེར་ཆར་བ་བབས་མྱོང་། མཚམས་རེར་སྟོན་གྱི་ལོ་མ་ས་ལ་བྲུལ་མྱོང་། སྤྱིར་ན།… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑

error: Content is protected !!