རྩོམ་པ་པོ། འབུམ་ཕྲག

དངོས་མིང་ལ་བནྡེ་སྒོམ་ཟེར་ཞིང་སྙུག་མིང་ངམ་དྲ་མིང་ལ་འབུམ་ཕྲག་ཅེས་འབོད།ཁོ་ནི་ཀླུ་ཆབ་སྔོན་མོའི་འགྲམ་ངོགས་ནས་འཚར་ལོངས་བྱུང་ཞིང་ད་ལྟ་ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་དུ་སློབ་གཉེར་བགྱིད་བཞིན་ཡོད།ཁོང་གིས་བཤད་རྒྱུར་ངའི་སྙན་ངག་མཐའ་དག་ནི་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བའི་ཆ་ཤས་དང་དེའི་ཡང་ཤས་རེ་རེ་བཙན་གྱིས་སྒོར་ཕྱུང་པ་དེ་ཡིན་ལ།སྙན་ངག་འབྲི་བ་ནི་སྨྲ་བསམ་བརྗོད་འདས་ཀྱི་སྡུག་བསྔལ་དེ་རིས་སུ་ཕབ་སྟེ་སུ་ཞིག་གི་ཆེད་དུའང་མིན་པར་སྙན་ངག་འབའ་ཞིག་གི་སླད་དུ་རང་སེམས་དམར་རྗེན་མ་དེ་བཤམས་འདོད་པས་ཡིན་ཟེར།ད་དུང་ང་ལ་གསེར་དངུལ་དང་ཤོག་དངུལ་མེད།བུད་མེད་དང་ཆང་རག་མེད།བདེན་ལུགས་དང་ཀུན་སྤྱོད་མེད།ང་ལ་ཡོད་པ་ནི་སྙག་ངག་འབའ་ཞིག་ཡིན་ནོ་ཡང་ཟེར་ཏོ།།

ཀླུ་ཡུལ་ལ་གཤེགས་པའི་རྒྱལ་སྲས་ཤིག ཁ་བ་སྙིང་ལྕགས་ལ་མྱ་ངན་ཞུ། — གཡུ་རལ་ཅན།

ཁ་སང་ཅི་ཡིན་འདི་ཡིན་མ་ཚོར་བའི་བྱིས་པ་པྲ་ཚགས་ཅིག་གིས་སྐད་འཕྲིན་དང་པོའུ་ཕྲན་གྱི་གླེགས་བམ་ཕྱེ་དུས་ན་གླེགས་བམ་གྱི་ཉིན་སྲིབ་ཡོངས་རྫོགས་ན་ན་གཞོན་སྨྱུག་ཐོགས་པ་ཁ་བ་སྙིང་ལྕགས་ཁ་བ་ས་ལ་ཆགས་ཆགས་བྱས་འདུག མཐོང་མ་ཉིད་ནས་རེ་ཞིག་སུན་སོང་།ཉིན་འགའི་ཡར་རྒྱབ་ལ་གོང་འགབ་འཁྲུག་ཅིང་རྩོད་རིན་མེད་པའི་༼ སེང… ཞིབ་ཏུ་ཀློག →

སློབ་ཆེན་པ་ཁབ་ཁཱ།(སྒྲུང་ཐུང)

༡ ཁོ་ནི་སློབ་ཆེན་པ་ཞིག་ཡིན། དངོས་མིང་ལ་བཀྲ་ཤིས་ཟེར་མོད། སློབ་གྲོགས་ཕལ་ཆེ་བས་ཁབ་ཁཱ་ཞེས་འབོད། ༢ ཁོ་ཉི་མ་ལ་ཤིན་ཏུ་དགའ། ནམ་རྒྱུན་ཁོམ་ལོང་རེ་མཆིས་དུས་འོས་འཚམས་ཀྱི་ས་ཞིག་བཙལ་ནས་ཉི་མར་ལྡེ་ཞོར་ཉི་འོད་དང་མུན་ནག བརྩེ་དུང་། ས་འོག རྨི་ལམ། སུན་སྣང་སོགས་ཐ་སྙད་རེ་རེར་མནོ་བསམ་གཏོང་བ་དང་། དེ་དག་ག… ཞིབ་ཏུ་ཀློག →

སྙན་ངག་མེད་པའི་ཉིན་འདི་དག

སྙན་ངག་མེད་པའི་ཉིན་འདི་དག་རིང ང་རང་དུ་མཁན་ཞིག་ལ་མཚོན་ན ཐ་མག་ཆད་པའི་ཉིན་དག་དང་ཤིན་ཏུ་མཚུངས་བར་འདུག་སྟེ ཅི་ཞིག་ཆད་པ་འདྲ་བའི་ཚོར་བ་སྟུག་པོ་དེས ར་མདའ་བཞིན་ང་རང་མི་གཏོང་ལ ངས་ཀྱང་ཅི་ཐུབ་ཀྱིས་རེ་ཙམ་སྐྱུག་ཨེ་ཐུབ་བལྟས་ཀྱང ཚོར་བའི་ཕྲ་ཕུང་དག་གློ་བུར་ཤི་སོང་བ་བཞིན ཅི་བྱ་གཏོལ་མེད་ངང་འདུག་པ་ལས… ཞིབ་ཏུ་ཀློག →

སྙན་ངག་ཅིག་འབྲི་བར་རྩོམ་དུས།

སྙན་ངག་ཅིག་འབྲི་བར་རྩོམ་དུས། ངས་རྒས་གཉེར་གྱིས་ཁེབས་པའི་ཞལ་རས་ཤིག་དྲན་འོང་སྟེ། ཁ་བ་ལྟར་དཀར་བའི་དབུ་སྐྲ་དེ་བསམ་ཚེ། ངས་མིག་ཆུ་ཞིག་དབང་མེད་དུ་ཤོར་འགྲོ་ལ། ཐན་པ་བྱུང་འདྲའི་ཕྱག་མཛུབ་དག་ཤར་ན། ངས་གདུང་བ་འདི་ཤུགས་རིང་གིས་འབྱིན་དགོས་བྱུང་།   སྙན་ངག་ཅིག་འབྲི་བར་རྩོམ་དུས། ངས་གཞོན་ཤས་རྒྱས… ཞིབ་ཏུ་ཀློག →

ཡིད་འོང་མ།

སྒེག་ལྡན་ཁྱེད་ཀྱི་ལང་ཚོའི་སྡུག་པས་ཁོ་བོའི་ཡིད་སེམས་རྩ་ནས་བལ་སོང་། ། སྐད་ངག་སྙན་མོའི་སིལ་སྙན་སྒྲ་ཡིས་ཁོ་བོའི་བློ་ཁོག་ཧྲིལ་གྱིས་ཕྲོགས་སོང་། ། ལུས་ཀྱི་ཟུར་མོ་འཕྲད་པ་ཙམ་གྱིས་ཁོ་བོའི་དབང་བོ་བདེ་བས་བཟི་སོང་། ། བཅོས་ནས་མིན་པའི་འཛུམ་མདངས་དེ་ཡིས་ཁོ་བོའི་བླ་ཡང་སྦྲིད་བེར་བཏང་སོང་། ། བརླན་འཇ… ཞིབ་ཏུ་ཀློག →

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑

error: Content is protected !!