དཀར་ཆག རྩོམ་རིག

སྒོ་ཁྱིས་བསླངས་པའི་བསམ་གཞིག ཀུན་བཟང་དོན་གྲུབ།

  ངེད་ཚང་ལ་ལོ་གྲངས་བཅུ་གཉིས་ལས་བརྒལ་བའི་སྒོ་ཁྱི་སྙིང་ཉེ་བ་ཞིག་ཡོད།སྤྱིར་ཁྱི་ཚད་ལོ་དགུ་ཞེས་གྲགས་ཀྱང་།དེ་ནི་ཤོད་རྒྱུན་མ་དག་པ་ཞིག་སྟེ།ང་ཚོའི་སྡེ་བ་རུ་ངེད་ཚང་གཅིག་པུ་མིན་པར་ཁྱི་རྒན་ལོ་བཅུ་ལས་བརྒལ་བ་མཛུབ་མོར་བགྲང་དགོས་པ་ཞིག་ཡོད།ཁ་སང་ཞོགས་པར་སྟབས་མ་འགྲིག་པའི་བར་གླགས་ཤིག་ནས་ངེད་ཚང་… ཞིབ་ཏུ་ཀློག →

ཁྱི་རྡོ་རྡོ།. བྱ་གཞུང་དབང་ཆེན་ཚེ་རིང་།

དེང་སྐབས་སློབ་གྲྭའི་གླིང་དུ་ལྟོ་བ་བྲང་ལ་འབྱར་ཞིང་རྔ་མ་བརླ་བར་དུ་བཙིར་ནས་ཡར་རྒྱུག་མར་རྒྱུག་བྱེད་པའི་ཁྱི་ཞིག་རྒྱུན་དུ་མཐོང་གིན་འདུག ཁྱི་དེར་བལྟས་ཚོད་ཀྱིས་བལྟས་མདོག་ཅང་མེད་མོད། སློབ་གྲྭའི་གླིང་དུ་མི་རྒྱུས་མེད་དང་། ཟོག་བདག་མེད་ཙམ་མ་ཟད། རླངས་འཁོར་ཆ་མེད་ཅིག་འབྱོར་ཚེ། སྲོག་དམར་པོ་འབེན་ལ… ཞིབ་ཏུ་ཀློག →

སྐྱེ་བ་སྔ་ཕྱི་དང་གེ་སར་སྒྲུང་གཉིས་བར་གྱི་འབྲེལ་བ། ལོ་མ་སེར་པོ།

  ང་ལ་མཚོན་ན་གེ་སར་གྱི་སྒྲུང་ལ་ཞིབ་འཇུག་བྱེད་མཁན་ཞིག་མིན། ཡིན་ན་ཡང་། སྐྱེ་བ་སྔ་ཕྱིའི་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན། ལོ་ངོ་ལྔ་བཅུ་ལྷག་ཙམ་རིང་སྐྱེ་བ་སྔ་ཕྱིའི་སྐོར་ལ་ཞིབ་འཇུག་གནང་བའི་ཨ་རིའི་ཚན་རིག་པ་མང་པོ་ཞིག་དང་ལྷན་དུ་ཉམས་མྱོང་བརྗེ་རེས་ཀྱང་བྱས་པ་ཡིན། དེས་ན་འདིར་སྐྱེ་བ་སྔ་ཕྱ… ཞིབ་ཏུ་ཀློག →

རཀ་རའི་སྤྲིན་གྱི་ཕོ་ཉའི་འགྲེལ་བ་གློག་ཕྲེང་མའི་ཁ་སྐོང་།

ཟླ་བ་གཞོནནུ། འདི་ནི་རཀ་ར་རིན་པོ་ཆེའི་སྤྲིན་འགྲེལ་གློག་ཕྲེང་མ་བྱ་བར་མ་ཚང་བའི་ཤོ་ལོ་ཀ་དག་རིག་པའི་གྲོགས་པོ་ཞིག་གིས་བསྐུལ་བ་བཞིན་བསྒྱུར་བའོ།། ༥༣ ཁྱོད་ནི་གལ་ཏེ་ཆུ་འཐུངས་བསམས་ན་ལུས་ཕྱེད་ཕྱི་མ་མཁའ་ལས་འཕྱང་བ་ནི།། ལྷ་ཡི་གླང་བོ་བཞིན་ཏེ་ཆུ་དེའི་ཞིང་ནི་དྲི་མེད་དཀར་བའི་ཤེལ་བཞིན་སྣང་བ་ཉིད།། ཆུ… ཞིབ་ཏུ་ཀློག →

༄༅། །ཕུགས་བསམ་གྱི་བློ་སྟོབས།◎ཡུས་ཅེས་བརྩམས། ◎འོན་རྡོ་འབུམ་གྱིས་བསྒྱུར།

ཉིན་འགའི་སྔོན་དུ། ང་རང་པེ་ཅིན་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཁ་ཤས་དང་ལྷན་དུ་ཁ་བརྡ་ལ་འཇུག་པ་ཡིན། དེའི་ཐོག་ང་ཚོས་བསྐྱར་དུ་གནའ་ཉམས་ཀྱིས་ཕྱུག་པའི་མིང་ཚིག་ཞིག་སྟེ་”ཕུགས་བསམ”གླེང་བ་ཡིན། ཁོ་ཚོའི་བསམ་ཚུལ་རེ་རེས་ང་རང་རེ་ཞིག་ཧ་ལས་པའི་གནས་སུ་གྱར་སོང་། དང་ཐོག་ངའི་བསམ་པར་སློབ་མ་འདི་ཚོའི་བས… ཞིབ་ཏུ་ཀློག →

རྟོག་སྒྲུང《བར་སྣང་གི་མགོ་འཁོར་ཕོ་བྲང》བཀླགས་ཚོར་བསྡུས་པ། རོང་བོ་དགེ་འདུན་ལྷུན་གྲུབ།

  《བར་སྣང་གི་མགོ་འཁོར་ཕོ་བྲང》ཞེས་པའི་རྟོག་སྒྲུང་བསྡུས་དེབ་འདིའི་རྩོམ་པ་པོ་ནི་ལོ་རབས་བདུན་ཅུ་བའི་མཇུག་ཙམ་ལ་སྐྱེས་པའི་སྙན་ངག་པ་རེ་རྐང་གླིང་ངམ་རྡོ་རྗེ་ཚེ་བརྟན་ལགས་ཡིན་ཅིང་། བརྩམས་དེབ་འདི ༢༠༡༣ ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་པ་ཞིག་རེད། བསྡུས་དེབ་འདི་རྟོག་སྒྲུང་ཐུང་… ཞིབ་ཏུ་ཀློག →

ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན་གྱི་ཀློག་སྟངས་ཤིག ཡུམ་སྐྱིད།

《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》 གྱི་མི་སྣ་དབྱེ་ཞིབ་དང་བརྗོད་སྙིང་ལ་རགས་ཙམ་དཔྱད་པ། གླེང་གཞི།    དེ་ཡང《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པའི་སྒྲུང་དེ་ལྷ་བྱམས་རྒྱལ་གྱིས་ཉིས་སྟོང་བཅོ་ལྔ་ལོར་གསར་དུ་བརྩམས་པའི་འབྲུང་འབྲིང་ཞིག་སྟེ། ༢༠༡༦ལོའི་སྦྲང་ཆར་རྩོམ་རིག་དུས་དེབ་དང… ཞིབ་ཏུ་ཀློག →

སྙིང་གཏམ་དམར་བཤད་མ། བྱ་གཞུང་ཆེན་ཚེ་རིང་།

  ▶️སློབ་གསོའི་ཁ་ཕྱོགས་འགོ་ཁྲིད་ཀྱིས་འཛིན་དགོས་ཞེས་པའི་གཏམ་དེ་བདེན་ན། སློབ་གྲྭ་ཞིག་ལ་སློབ་གྲྭའི་སྒོ་ཆེན་ལས་གཟིགས་ཚེ་རྒྱལ་ཁམས་མིག་གིས་མནོན་པའི་འགོ་ཁྲིད་ཅིག་ཅི་འདྲའི་མཁོ་ཆེ་ཨང་། སློབ་གསོའི་གཞུང་ལུགས་ཀྱིས་ཤེས་རྒྱུད་ཕྱུག་ཅིང་ལེགས་ཉེས་བླང་དོར་གྱི་བློ་མིག་རྣོ་ལ་བརྩོན་པ། ཚིག་བཙུན་ལ… ཞིབ་ཏུ་ཀློག →

ངའི”རི་བོ་འབྲས་ལྡན”. བྱ་གཞུང་དབང་ཆེན་ཚེ་རིང་།

  ངའི་རི་བོ་འབྲས་ལྡན་ན་མཛེས་ཤིང་ལྟ་ན་སྡུག་པའི་ཆབ་ཡོལ་ཕུག་པ་དང་འབབ་ཆུ། མེ་ཏོག་དང་ལྗོན་ཤིང་གི་གྲིབ་མ་མེད་ལ། རོ་བཅུད་ཕུན་སུམ་ཚོགས་པའི་ཤིང་འབྲས་ཀྱི་དྲི་ཙམ་དབེན་ན་ཡང་། ངའི་རི་བོ་འབྲས་ལྡན་ན་མ་རབས་པྲ་ཆལ་གྱི་ལས་ལ་ཡ་མི་ང་ཞིང་། ཀི་བསྭོ་ཧོ་གསུམ་གྱི་ལས་ལ་གཞན་དྲིང་མི་འཇོག་པའི་བྱིས་པ་སྤྲེ… ཞིབ་ཏུ་ཀློག →

བྱ་མདོའི་སྐྲ་ལོང་། བྱ་གཞུང་དབང་ཆེན་ཚེ་རིང་།

  བྱ་མདོའི་སྐྲ་ལོང་ནི་བོད་ཨ་མདོ་བྱ་མདོ་1️⃣ས་ཆའི་བུད་མེད་ཚོའི་སྐྲའི་ལན་བུར་བརྒྱུས་ནས་རྒྱབ་ཏུ་འཁུར་བའི་རས་ཀྱི་འདོགས་ཆ་གཡུ་བྱུར་དང་མེ་ཏོག་གིས་བརྒྱན་པ་ཞིག་ཡིན་ལ། དེ་དེང་སང་བོད་མདོ་སྨད་བྱིངས་ཞེས་མི་སྤོབས་ཀྱང་། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ་དང་། དཔའ་ལུང་རྫོང་སོགས་རོང་བའི་འདུས་ས… ཞིབ་ཏུ་ཀློག →

རི་མོ་མཁན་དང་ཁོང་གི་ཚ་མོ། རྩོམ་པ་པོ། ཝང་ཁོའེ་ཧྲན། སྒྱུར་བ་བོ། གྲུ་ཆུང་།

རི་མོ་མཁན་ལ་ལོ་དྲུག་ཅན་གྱི་ཚ་མོ་ཞིག་ཡོད། མིང་ལ་ཐིན་ཐིན་ཟེར། ཐིན་ཐིན་ཡང་རི་མོ་འབྲི་རྒྱུར་ཧ་ཅང་དགའ་བ་རེད། ཐིན་ཐིན་གྱིས་སྡོང་བོ་ཞིག་བྲིས། རི་མོ་མཁན་གྱིས”ཐིན་ཐིན། ཁྱོད་ཀྱིས་བྲིས་པའི་སྡོང་བོ་འགྲིག་མི་འདུག”ཟེར། ཐིན་ཐིན་གྱིས”མི་འགྲིག་པ་གང་ན་འདུག”ཅེས་དྲིས་པར། ཁོས&… ཞིབ་ཏུ་ཀློག →

བདག་གི་དཔེ་ཀློག་འཚོ་བ། བྱང་འབྲོག་མི།

ང་རང་དཔེ་ཀློག་གི་འཚོ་བར་གོམས་རྒྱུར་དུས་ཚོད་རིང་པོ་ཞིག་འགོར་ཡོད་སྲིད། མཐར་དེ་ཉིད་བདག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྱུར་བ་དང་འབྲལ་ཐབས་མེད་པའི་ཚད་ལ་ཐོན། བདག་ལ་མཚོན་ན་དཔེ་ཀློག་མེད་པའི་འཚོ་བ་ནི་ཕོངས་འགྱོད་ཀྱི་ལོ་ཟླ་ཤིག་དང་ཁེར་རྐྱང་གི་འཚོ་བ་ཞིག་ཡིན་ངེས། ངས་ནི་རང་ཉིད་དཔེ་ཀློག་ལ་གོམས་པའི་མི་ཞི… ཞིབ་ཏུ་ཀློག →

སྒེའུ་ཁུང་ཕྱི་རོལ། ང་ཁྱོད་མེད་པའི་འཇིག་རྟེན།

སྣེ་མང་འདྲེས་འཛིང་གི་གནས་ལུགས་དང་། ཕྲ་བ་ཕྲ་བའི་རིགས་ལམ་གྱིས་གཏམས་པའི་མཚན་ཉིད་རིག་པའི་གླེགས་བམ་ཆེན་པོ་དེ་རེ་ཞིག་མདུན་ཅོག་སྟེང་བཞག་ནས། སྒེའུ་ཁུང་ཕྱེས་ཏེ་ཕྱི་རོལ་དུ་བལྟས་ཚེ། གནམ་སའི་འདྲེས་མཚམས་དེ་ནི་ཁུ་སིམ་མེ། དབེན་འཇགས་གེར་འདུག་ལ། དེ་ན་ང་ཁྱོད་མེད་ཅིང་། བདག་ཏུ་འཛིན་པ་མེད་པའི་ཞིང་ཁམས… ཞིབ་ཏུ་ཀློག →

གཞོན་ནུ་དོན་གྲུབ་ཅེས་པའི་བརྩམས་སྒྲུང་གྲགས་ཅན།

གཞོན་ནུ་དོན་འགྲུབ། ༡༩༤༦ལོར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་མྱོང་བའི་བརྩམས་སྒྲུང་མཁན་གྲགས་ཅན་ཧྭི་མན་ཧྭི་སེ་ལགས་ཀྱིས་སྤྱི་ལོ་༡༩༢༢ལོར་འཇར་མན་སྐད་དུ་མཛད་པའི་བརྩམས་སྒྲུང་གྲགས་ཅན་<<སིདྡྷཱརྠ>>སྟེ་གཞོན་ནུ་དོན་འགྲུབ་ཅེས་པའོ།།  དེ་བཞིན་སྔགས་ཡིག་དེ་དག་ལེགས་སྦྱར་ལ་མཁས་པའི་བདག་གི་… ཞིབ་ཏུ་ཀློག →

ཤིས་ཚང་ལྗང་མྱུག་གི་ལྷུག་རྩོམ་ཁག་བཞི།

གཏམ་རྒྱུད་ཀློག་པ།   -༡ – འུ་གཉིས་ཀྱིས་ཐུན་མོང་དུ།  རྨི་ལམ་ནང་གི་གཏམ་རྒྱུད་དེ་གླེང་འགོ་རྩོམ་པ་ན། ང་ནི་གཏམ་རྒྱུད་དེའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཞིག་ཡིན་ལ།  ཁྱོད་ནི་གཏམ་རྒྱུད་དེར་གསོན་ཉམས་ལྡུད་པའི་བརྗོད་བྱ་གལ་ཆེན་ཞིག་ཡིན།  གཏམ་རྒྱུད་དེ་དེ་ལྟར།  སེམས་ཀྱི་ཟབ་ས་ཞིག་ཏུ།  བློས་བསླ… ཞིབ་ཏུ་ཀློག →

«རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཞེས་པ་ལས་འཕྲོས་པའི་ཟིན་ཐོ།

  ཉེ་ཆར་སྐུ་ཞབས་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་ཧིན་ཡིག་ལས་བསྒྱུར་པའི«རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ»ཞེས་པའི་དེབ་འདི་པར་སྐྲུན་བྱས་པའི་གཏམ་བཟང་ཐོས་མ་ཐག དེབ་འདི་ཀློག་འདོད་ཀྱིས་ཚོར་བ་ཞིག་མེ་བཞིན་འབར་བྱུང་། དེབ་འདི་ནི་མཁས་དབང་དགེ་ཆོས་ལགས་དང་དངོས་སུ་འབྲེལ་འདྲིས་བྱུང་བའི་མི་ཞིག་གིས་བྲིས་པ་རེ… ཞིབ་ཏུ་ཀློག →

བདག་སྒྲུང་གཏམ་ལ་ཐོག་མར་འཇུག་གི་ཡིན།རིག་རྒྱམ།

ངས་ནི་ཕལ་ཆེར་ལོ་ངོ་ཉི་ཤུ་ལྷག་ལ་སྒྲུང་གཏམ་བྲིས་མོད། འོན་ཀྱང་སྒྲུང་གཏམ་བྲིས་པའི་ཉམས་མྱོང་ཞིག་བརྗོད་དགོས་ཞེ་ན། དམིགས་བསལ་བརྗོད་རྒྱུ་མི་འདུག སྒྲུང་གཏམ་བྲིས་ཀྱིན་སྒྲུང་གཏམ་ལ་ཆ་རྒྱུས་ཇེ་ཡོད་དུ་འགྱུར་བཞིན་པ་མ་གཏོགས་སྒྲུང་གཏམ་གྱི་གནད་འགག་མང་པོ་ད་དུང་རྟོགས་ཐབས་བྲལ། དཔེར་ན་གྲོགས་པོ་ཞིག་ལ་ཆ… ཞིབ་ཏུ་ཀློག →

དཔེ་ཀློག་ཟིན་བྲིས། ཀུན་དོན།

༼གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད།༽  ༡རྩོམ་པ་པོ།  མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ།༼1697-1763༽(མདོ་མཁར་བྱ་བ་ཁྱིམ་རྒྱུད་ཀྱི་མིང་།)དུས་རབས་བཅོ་བརྒྱད་པའི་ནང་བོད་དུ་གྲགས་ཆེ་བའི་དཔོན་རིགས་ནང་གི་ཆབ་སྲིད་མཁས་ཅན་དང་སྐྱ་བོའི་ནང་གི་རྩོམ་རིག་མཁས་ཅན་ཞིག ཁོང་གིས་སྔ་ཕྱིར་ལོ་ངོ་སུམ་ཅུ་སོ་བཞི་ཙམ་ལ་བ… ཞིབ་ཏུ་ཀློག →

བོད་ཀྱི་བརྩམས་སྒྲུང་གི་རྩོམ་པ་པོའི་རྒྱུན་ཆད་ལ་ཉེ། རེ་རྐང་གླིང་།

ཨ་རིའི་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་ལེ་སེ་ཀ་ལི་(LeeSiegel)སོགས་ཀྱིས་མཚོན་པའི་དེང་གི་རྩོམ་རིག་དཔྱད་བརྗོད་པ་སྐོར་ཞིག་གིས་སོ་སོའི་རྒྱལ་ཁབ་དག་གི་བརྩམས་སྒྲུང་འདས་གྲོངས་སུ་གྱུར་བའི་སྐོར་ལ་ལྕེ་འབར་གྱི་བརྟུལ་ཞུགས་ལྷུར་བླངས་ཏེ་སྐད་འབོད་ཚ་ནན་བྱས་པ་དེས་འཆར་ཅན་གྱི་རྩོམ་སྟེགས་ཤིག་ཟང་ཟིང་ལང་ལ… ཞིབ་ཏུ་ཀློག →

༼བསམ་བློ་དང་བསམ་བློ་བ། ༽ ཆབ་ཆ་ལྗང་ལོས་བསྒྱུར།

ཇེ་ཀེར་ཤི་ནྰ་མོར་ཌེ J. Krishnamurti ཡི་<<འཚོ་བའི་རྣམ་བཤད །>>ཞེས་པའི་དབྱིན་ཡིག་བརྩམས་ཆོས་ལས།                                                             ཆབ་ཆ་ལྗང་ལོས་བསྒྱུར། ང་ཚོའི་ཉམས་མྱོང་ཡོད་ཚད་ལ་བརྟེན་ནས་དུས་རྒྱུན་དུ་ཉམས་མྱོང་བ་ཞིག་དང་། རྟོག་དཔྱོད་བ་ཞིག་འབྱུང་བཞིན་… ཞིབ་ཏུ་ཀློག →

གཞོན་ནུ་ཁོལ། (ཀུམཱརདཱས) कुमारदास

གཞོན་ནུ་ཁོལ། གཞོན་ནུ་ཁོལ་ནི་ལེགས་སྦྱར་གྱི་སྙན་དངགས་ཆེན་མོ་<<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པའི་སྙན་དངགས་མཁན་ལགས་ཤིང་།  སྐྱེད་བྱེད་བུ་མོ་བྱ་བ་རོལ་རྙེད་མའི་མིང་གི་རྣམ་གྲངས་དང་། དགའ་བྱེད་ཀྱི་ཆུང་མའོ།།  སྙན་ངག་དེའི་བརྗོད་པར་བྱ་བ་ནི་དྲང་སྲོང་གྲོག་མཁར་གྱིས་མཛད་པའི་གནའ་བོའི་ས… ཞིབ་ཏུ་ཀློག →

སྡིག་པ་ར་ཉག་གིས་རྨུགས་པ། ལྗོན་སུ་ཊན་བྷེའ་ཁུས་བརྩམས། མཛོད་དགེའི་ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།

ལེའུ་དང་པོ། ཀེ་ནོ་གཉིད་ལས་སད་སྐབས་སྐྱ་རེངས་ད་དུང་ཤར་མེད་ལ་ནམ་མཁའི་དབྱིངས་སུ་སྐར་མ་རབ་རིབ་ཞིག་ཤར་ཡོད་ཀྱང་ཤར་ཕྱོགས་ཀྱི་མཁའ་དབྱིངས་དེ་སྐྱ་རབ་རིབ་ཅིག་ཡིན་པར་བལྟས་ན། དེ་རིང་གི་ཉི་མ་དེ་ག་འདྲ་ཞིག་ཡོང་གི་ཡོད་མེད་ཀྱང་ཕལ་ཆེར་རྟོགས་ཐུབ། ཀེ་ནོ་ཁོང་ཤིང་ཁང་ཆུང་ཆུང་ནང་གི་མལ་ཁྲིའི་སྟེང་ཉལ་ཞིང་ཕྱ… ཞིབ་ཏུ་ཀློག →

མེ་ལོང་མར་དུས་ཀྱི་གཤོག་པ་གཟུག་ཚུལ་ནས་བོད་རྩོམ་གཞུང་གི་འཕེལ་ལམ་སྐོར།

མཇུག་མས་ཀུན་པོར་བགྲོ་བ། ༼མཁས་པའི་བློ་མིག་ཏུ་མེད་པ་ཞིག སྤྲང་བོའི་སྤྲང་ཁུག་ཏུ།   ༽ སྤྱིར་མང་བོ་ཞིག་ལབ་འདོད་ནའང་།   འདིར་བརྒྱ་ཁ་གཅིག་ཆོད་ཀྱི་དབང་དུ་བྱས་ཏེ།  ལབ་འདོད་པ་ནི་ང་ཚོས་ཤུལ་དངོས་སུ་གོ་རུང་བའི་དངོས་གཟུགས་གང་ལའང་དུས་ཀྱི་གཤོག་པ་གཟུག་ཤེས་རྒྱུ་འདི་ཤིན་ཏུ་གལ་ཆེ་བར་སེམས།  ཁོ་བོས་ཆོས… ཞིབ་ཏུ་ཀློག →

ཨ་ང་ཙི་དང་ཁྱོད་ཤི་ང་གསོན་གྱི་དམར་འཛིང་། རྩོམ་པ་པོ། སྒྲུང་གཏམ་པ་རྒན་ཚེ་རིང་དོན་གྲུབ་ལགས།

ཨ་ང་ཙིའི་འཇབ་རྒོལ་ཐེབས་ཏེ་ལུས་པོ་སྐྲང་ཞིང་ཟ་འཕྲུག་དང་ན་ཟུག་བཟོད་ཐབས་བྲལ་བ་སྐྱེ་ཐེངས་རེར་ངས་དེའི་གདུག་རྩུབ་དང་གཡོ་སྒྱུ་ཆད་ལྷག་མེད་པར་ཐེར་འདོན་བྱེད་དགོས་བསམ་ནའང་རིམ་བཞིན་སྐྲང་ཞི་ཞིང་ཟ་འཕྲུག་ན་ཟུག་ཡལ་བ་དང་བསྟུན་ནས་བཟོད་སྒོམ་བྱས། ཡིན་ནའང་ཨ་ང་ཙི་ལ་ཆོག་ཤེས་གཏན་ནས་བྲལ་ཞིང་འདོད་རྔམས་ཇེ་ཆ… ཞིབ་ཏུ་ཀློག →

« ཅུང་རྙིང་བའི་རྩོམ་ཡིག ཅུང་གསར་བའི་རྩོམ་ཡིག »

© 2020 བཙན་པོ་དྲ་བ།WordPress སྤྱད་ནས་བཟོས།青ICP备17000686号

དཔེ་སྒྲོམ་རྩོམ་པ་པོ། Anders Norenརྩེར། ↑