རྩོམ་པ་པོ། ཁྲི.མཆོད་ཀོང་།

ད་རེས་བལ་ཡུལ་དུ་ས་འགུལ་ཤུགས་ཆེན་བྱུང་སྟེ་མི་གྲངས་གང་མང་ཞིག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། དཔལ་འབྱོར་ལའང་གྱོང་གུད་ཚབ་ཆེན་ཐེབས་ཡོད།

ང་རང་ཡང་དེ་དང་བསྟུན་མར་གསར་འགྱུར་གཏོང་ལམ་དྲག་ཤོས་འགའ་ཙམ་གཉུལ་ནས་རྒྱུ་མཚན་ཤེས་རྟོག་བྱས་པར་ཚེས་ཉེར་བརྒྱད་ཉིནBBC4310རྐྱེན་ལམ་དུ་ཤོར་ཡོད་པ་དང8000ཙམ་ལ་རྨས་སྐྱོན་ཕོག ད་དུང་ལོ་རྒྱུས་ལྡན་པའི་ཁང་རྙིང་སོགས་ལའང་མིའི་རིགས་ཀྱི་གྱོང་གུད་དུ་བརྩི་ཆོག་པ་ལྟ་བུ་ཕམ་ཁ་བྱུང་འདུག

འཛམ་གླིང་རིགས་དངོས་སྲུང་སྐྱོབ་དུ་ཚུད་པའི་གནའ་ཤུལ་གྲགས་ཅན་རིགས12ཙམ་འཇིག་པ་དེ་དག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཅར་གསོའི་གསར་སྒྲགས་སྤེལ་འདུག་ནའང་ངོ་ལྔ་ནས་བཅུ་བར་ལ་བསྐྱར་གསོ་ཐུབ་པར་སྒྲགས་འདུག

ངས་འདིའི་སྐོར་ནས་བསམ་ཚུལ་དང་དཔྱད་པ་གང་ཡང་མེད་དེ་འོན་ཀྱང་བལ་ཡུལ་དུ་ས་འགུལ་བྱུང་འདུག་ཅེས་ཐོས་མ་ཐག་གོར་བོད་དམག་འཁྲུག་དེ་ཡིད་ལ་ལྷང་ངེར་དྲན་སོང་བ་མ་ཟད་དེ་ལས་ཀྱང་ང་ཚོའི་བལ་ཡུལ་གྱི་ཡུར་གྱར་བའི་གཉོམ་ཆུང་ཞིང་སེམས་ཞུམ་པའི་སྤུན་ཟླ་དེ་དག་ཀྱང་ལྷང་ངེར་དྲན་སོང་།

དེས་ན་འདི་ནས་དང་པོ་གོར་བོད་དམག་འཁྲུག་གི་བྱུང་རིམ་དང་དེའི་ལྟག་རྒྱབ་ཀྱི་ལོ་རྒྱུས་སློག་པར་བྱ།

ལར་གོར་ཁ་དང་བོད་གཉིས་དམག་འཁྲུག་བྱུང་རྐྱེན་ལ་གཅིག་མཐུན་བྱུང་གི་མེད་པ་མ་ཟད་དེའི་ལྟག་རྒྱབ་ཀྱི་ལོ་རྒྱུས་སྦས་སྐུང་བྱེད་ཚུལ་ཡང་གཏན་ནས་མཐུན་གི་མེད།

འདི་ནས་མང་པོ་བཤད་མི་དགོས་པར་གཙོ་བོ་བལ་བོད་གཉིས་ཀྱི་བར་དམག་འཁྲུག་གི་འཐུག་ས་དེ་གོར་ཁའི་དངུལ་ཊམ་གསར་པ་འགྲོ་རྒྱུགས་དཀག་པ་དང་བལ་བོད་ས་མཚམས་ནས་ཁས་ལེན་དཀའ་བ་དང་ཁྲིམས་མཐུན་མ་ཡིན་པའི་བོད་རང་གི་བྱེད་ལུགས་དེ་དག་གིས་གཙོར་བྱས་ནས་བལ་བོད་གཉིས་འཁྲུག་ཟིང་ལངས་ཡོད་ཚོད། དེ་ལས་ཀྱང་སྐབས་དེར་བལ་བོའི་གོར་ཁའི་དམག་དཔུང་ནི་དྲག་ཤུགས་ཆེ་བ་ཞིག་ཡིན་ཁར་ས་མཚམས་མི་རིགས་ཁག་ལ་རྩོད་ངར་དང་འཛིང་ངར་ལངས་ནས་ཡོད་པ་ཡང་ལོ་རྒྱུས་ལས་ཤེས་ཐུབ་པ་འདི་རེད།

སྤྱིར་ནི་ལབ་ཡུལ་དང་བོད་གཉིས་རེས་མོས་ཀྱིས་མཛའ་གཉེན་དང་དགྲ་ཟླ་རུ་གྱུར་གྱིན་ཡོད་པ་དང་དེ་ལས་ཀྱང་ཉེ་རབས་སུ་གོར་ཁའི་དམག་དཔུང་གིས་བལ་ཡུལ་ལ་བཙན་གནོན་དང་སྡིག་བཤད་ཀྱིས་དབང་བསྒྱུར་བྱས་ཤིང་གཅིག་བསྒྱུར་བཟོས་པ་ནས་བཟུང་བོད་ཀྱི་ས་ཁུངས་ཡང་བཙན་བཟུང་གི་ཀུན་སློང་བཅངས་ནས་དམར་འཛིང་གི་ལག་པ་ཚུར་ཚུར་ལ་སྲིང་བ་དང་ལྷན་དུ་བོད་ནས་ཀྱང་དངོས་སུ་གདོང་གཏད་ནས་འགོག་རྒོལ་དྲག་པོ་བྱས།

འོན་ཀྱང་དེའི་སྐབས་སུ་ཡང་ཕམ་ཁ་ཁུར་མཁན་ནི་བོད་རང་རེད། ངས་ནམ་རྒྱུན་བཤད་པ་བཞིན་ནམ་ཡིན་ཡང་ང་ཚོ་ནི་ཕམ་ཁ་དང་སྡུག་ཡུས་ཡིད་འགྱོད་རྐྱང་རྐྱང་ཁུར་མཁན་དེ་རེད།

སྐབས་དེར་མཚོན་ན་བོད་རང་ནི་རྒྱུད་ལུགས་དང་ཁེངས་སེམས་ཀྱི་དབང་གིས་ཉེན་བརྡ་དང་གསར་བརྡ་ཐོག་མར་འབྱོར་བར་དམག་དང་གོ་ལག་སོགས་གྲ་སྒྲིག་གང་ཡང་མེད་པར་རྒྱ་ནག་གི་གོང་མར་རེ་བལྟོས་མི་འོས་པ་ཞིག་བཅང་ཡོད་པ་ནི་ཤེས་གསལ་རེད། འོན་ཀྱང་གོར་ཁའི་དམགས་དཔུང་ནི་སྐབས་དེ་ཚོད་དུ་ཡ་གླིང་ནས་ཆེས་དྲག་ཤུགས་ལྡན་པ་དང་སྟོབས་ལྡན་ཞིག་ཡིན་ནའང་ཡང་བོད་རང་གི་གི་སྤྱི་དམང་བཅོས་མ་ཚོས་ཆོད་སེམས་བརྟན་པོའི་སྒོ་ནས་ཚེ་སྲོག་འབེན་དུ་བཞག་ནས་ཕར་རྒོལ་དྲག་པོ་བྱས་པ་ནི་ངོ་མ་དགའ་འོས་པ་ཞིག་ཡིན། ཡང་ནང་ནས་སྐུ་དྲག་དང་འཐོབ་ཅན་གྱི་མི་སྣ་ཁ་ཤས་ཀྱིས་སྐབས་དེར་ཕྱི་རུ་མི་གསལ་བའི་ནང་གི་རྒྱ་ནག་གོང་མར་དམིགས་མདུན་དང་འབྲེལ་ནས་ཡིད་མུག་པའི་བྱ་བ་དེ་དག་ནི་ངོ་མ་ཞེ་འགྱོད་འོས་པ་ཞིག་ཅི་ལ་མིན།

རྒྱ་ནག་གི་གོང་མར་མཚོན་ནའང་བོད་ནང་ཁུལ་ནས་ཕྱོགས་ཁ་རེ་རེའི་བར་དུ་གཡོ་ཁྲམ་གྱི་གྲར་འཁྲབ་པའང་གྲངས་ཀྱིས་མི་ལོན་ཏེ། སྐབས་དེར་གོང་མ་རང་ལ་ཁ་ཡག་ངོ་དགའ་དང་ཅི་བཤད་དང་ལེན་བྱེད་མཁན་དག་ལ་དམིགས་གསལ་གྱི་རོགས་སྐྱོར་ཕྱོགས་རེ་བ་འགའ་དང་མཉམ་དུ་ལས་རྒྱུ་འབྲས་མེད་པའི་ལས་དཀའ་འང་ཐེངས་མང་སྤེལ་མྱོང་། སྤྱིར་རྒྱ་ནག་གི་གོང་མ་དེ་ཚོར་ལས་འབྲས་མེད་པའི་བྱ་བ་དང་བདེན་པ་ལས་རྒལ་བའི་རྩུབ་སྤྱོད་དེ་ནི་དུས་ད་ལྟའི་བར་དུ་གནས་ཡོད་པ་འདི་རེད།

འཁྲུག་འཁྲུག་གི་རྒྱུད་རིམ་གྱི་བར་གསེང་དེ་དག་ནས་ཀྱང་པན་ཆེན་རིན་པོ་ཆེ་དང་སྐབས་མགོན་རིན་པོ་ཆེ་དེ་མིན་བོད་རང་ནས་བླ་ན་མཆོད་པའིཆོས་ལུགས་ཀྱི་མི་སྣ་དེ་དག་ལ་སྲུང་སྐྱོབས་དང་དེ་ཚོའི་སྐོར་གྱི་ལོ་རྒྱུས་རྒྱས་པ་ཞིག་བཤད་ཀྱིན་འདུག་པ་དག་ལའང་དམིགས་ཡུལ་གཞན་ཞིག་ཡོད།

ཡང་གོར་བོད་དམག་འཁྲུག་ཐེངས་གཉིས་པའི་སྐབས་སྔོན་གྱི་སྣེ་ཁྲིད་མཁན་དག་མང་ཙམ་དངོས་རྫས་འཐོབ་ཅན་དག་ཁྱེར་ནས་བྲོས་བྱོལ་དུ་ཕེབས་ནས་ཤུལ་དུ་ལུས་པའི་གྲྭ་པ་དག་དང་དེ་མིན་ཚོས་གོར་ཁར་ཕར་རྒོལ་བྱེད་མི་བྱེད་དང་གལ་ཏེ་ཕར་རྒོལ་བཟོས་ཀྱང་རྒྱལ་ཁ་ལོན་མིན་གྱི་མོ་བཏབ་ནས་མོ་འབྲས་ལྟར་ཕར་རྒོལ་མ་ནུས་པར་རང་གནས་སུ་ཅི་བྱ་གཏོལ་མེད་དུ་ལུས།

འོན་ཀྱང་དེའི་བར་གྱི་ལོ་རྒྱུད་ཡུད་ཙམ་བསྡུས་ཏེ་བརྗོད་ན་བར་ལམ་བོད་དང་རྒྱ། མན་ཇུ། སོག་པོ། སོ་ལོང་སོགས་ཀྱིས་ཁ་སེམས་གཅིག་མཐུན་གྱིས་ཕར་རྒོལ་བྱས་ཤིང་རྗེས་སུ་གོར་དམངས་དང་གོར་དམངས་ཀྱིས་གནས་སྐབས་རིང་མགོ་བཏགས་ཞུ་བའི་ཁུལ་ཙམ་གྱི་སྒོ་ནས་གོར་བོད་དམག་འཁྲུག་ཐེངས་གཉིས་པ་མཇུག་རྫོགས།

གོར་བོད་བར་གྱི་དམག་འཁྲུག་ནི་ཕལ་ཆེར་ངོ་ལོ་ལྔ་ཙམ་གྱི་རིང་བརྒྱབ་པ་རེད།

དེ་དང་བསྟུན་ནས་རྒྱ་ནག་གི་གོང་མས་ཀྱང་བོད་ན་ཡོད་པའི་བློན་ཆེན་ཧྥུ་ཁང་ཨན་སོགས་འགའ་ཙམ་བརྒྱུད་ནས་དེ་དག་བོད་ཀྱིས་ཆོས་ལུགས་མི་སྣ་ཆེ་གྲས་ཁག་ལ་འབྲེལ་བ་དམ་ཟབ་ཡོད་ཁར་ཡིད་མ་རངས་པའི་ཁ་ལག་འགའ་ཙམ་བསྲིངས་ཏེ་བོད་ཀྱི་གནས་བབས་ལ་ཞེ་ངན་བཅང་ཡོད་འདུག

དེ་ནས་རྗེས་སུ་བོད་དང་བལ་བོ་གཉིས་ལ་བསྟོས་ན་ཞེ་དགའ་འོས་པ་དང་རྒྱ་ནག་ལ་བསམ་ན་ཡིད་འགྱོད་དགོས་པའི་དོན་དག་སྟེ1856ལོར<>བཞག་པ་འདི་རེད།།

བདག་ནི་ཉེ་རབས་ལོ་རྒྱུས་ལ་རབ་ཏུ་དགའ་བས་རྗེས་སུ་གོ་སྐབས་རག་ན་ད་དུང་འདིའི་སྐོར་ནས་རྒྱས་ཙམ་འབྲི་བའི་སྤྲོ་བ་བརྟས།།

2015·4·28 ཉིན་ཁྲི.མཆོད་ཀོང་གིས་ལན་གྲུ་དཔེ་མཛོད་ཁང་ནས་གྲུབ་པར་སྤེལ།