དགེ་རྒན་ཆེན་མོ་ཀེམ་རོན་དྲརེ་ཝིཌ་ཝར་ནཱར།

ཌེན་མཱཀ་ཨཱར་ཧུསེ་གཙུག་ལག་སློབ་གྲྭ་ཆེན་མོ།

བོད་དུ་སངས་རྒྱས་ཀྱི་སྐུ་བརྙན་ཇི་རྙེད་ཅིག་ཡོད་པའི་ནང་ནས། ཇོ་བོ་ཤཱཀྱ་མུ་ནེ་ནི་ལོ་རྒྱུས་སུ་གྲགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་སུམ་དུ་བཞུགས་པ་ལྟ་བུར་མཚོན་གྱི་ཡོད། སངས་རྒྱས་ལ་དད་མོས་བྱེད་མཁན་ཚོས་ཇོ་བོ་ལ་”ཇོ་བོ་ཤཱཀྱ་མུ་ནེ་”(རྒྱལ་བ་ཤཱཀྱ་ཐུབ་པ་)ཞེས་འབོད་ཅིང་། ལོ་རྒྱུས་སུ་གྲགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡི་སྐུ་ཚབ་ཏུ་ངོས་འཛིན་བྱེད་པར་མ་ཟད། ཇོ་བོའི་སྐུ་བརྙན་འདིས་བོད་ཁ་བ་གངས་ལྗོངས་ཀྱི་སྐྱེ་འགྲོ་རྣམས་རྐྱེན་གདུག་པ་ཅན་ལས་སྐྱོབ་པ་དང་། ཐར་པར་བགྲོད་པའི་ལམ་གསལ་བར་བྱེད་པའི་སྒོ་ནས་བོད་འབངས་སྐྱེ་འགྲོ་རྣམས་སྡུག་བསྔལ་ལས་དགྲོལ་བའི་ཆེད་སངས་རྒྱས་ཉིད་ཀྱིས་བཞེངས་ཤིག་ཅེས་བཀའི་གནང་བ་བསྩལ་བ་ཞིག་ཏུའང་ངོས་འཛིན་བྱེད།

ངས་ནམ་ཡང་བོད་མི་ཚོར་“ཇོ་བོ་ཤཱཀྱ་མུ་ནེ་འདི་སྐུ་བརྙན་གཞན་ཐམས་ཅད་ལས་ཆེས་ཁྱད་དུ་འཕགས་པ་ཞིག་ཅིས་ཡིན་ནམ།” ཞེས་འདྲི་སྐབས། ཁོང་ཚོས་“གང་ཡིན་ཞེ་ན། སྐུ་བརྙན་གཞན་དང་མི་འདྲ་བར་ཇོ་བོ་ནི་སངས་རྒྱས་སྐུ་དངོས་ལྟར་མཇལ་ལོ།”ཞེས་ལན་འདེབས་བྱེད། འདི་འདྲའི་བཤད་ཚུལ་དེ་ནི། ངོ་གདོང་གི་སྣང་ཚུལ་ལས་ལྡོག་སྟེ་དོན་ངོ་མར་ཆེས་དཀའ་རྙོག་ཅན་ཞིག་ཡིན། རྒྱུ་མཚན་ནི། གཤམ་ནས་ཀྱང་མཁྱེན་རྟོགས་ཡོང་རྒྱུ་བཞིན། ཇོ་བོ་ཤཱཀྱ་མུ་ནེའི་སྐུའི་སྣང་ཚུལ་དེར། བསྐྱར་ནས་ཡང་དུ་འགྱུར་ལྡོག་བྱུང་ཡོད་ལ། མ་ཟད་ཆེས་སྐབས་འབྲེལ་སོ་སོར་ལྟོས་ནས་འཇོག་དགོས་པ་ཞིག་ཡིན།

ངོས་ཀྱི་རྩོམ་འདིར། ཇོ་བོའི་སྣང་ཚུལ་ལས་འཕྲོས་པའི་རྩོད་གླེང་གི་ལོ་རྒྱུས་ལ་ཁུངས་དེད་དེ། ཅི་ལྟར་རྩོམ་པ་པོ་ཚོར་གླེང་གཞི་འདི་ཧ་ཅང་རྣོ་ངར་ལྡན་པའི་རྩོད་གླེང་གྱི་ཞིང་ས་ཞིག་ཏུ་གྱུར་པས། བོད་བཙན་པོའི་དུས་སྐབས་སུ་སངས་རྒྱས་ཀྱི་ཆོས་ཐོག་མར་དར་བའི་སྐབས་ཀྱི་རྒྱལ་པོའི་མངའ་ཐང་དང་ཤུགས་རྐྱེན་ཐད་ལྟ་ཕྱོགས་མི་མཐུན་པ་དག་དང་། རིམ་བཞིན་བཙན་པོའི་མངའ་ཐང་གི་དུས་རབས་མཇུག་བསྡུས་པའི་རྗེས་སུ་ཡང་བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་རྒྱུན་བསྐྱངས་པའི་འཐད་པ་དང་དབང་ཚད་སྐོར་དང་། དུས་ཕྱིས་སུ་ཕྱིའི་དབང་ཤུགས་ཀྱིས་བོད་ཆོས་ཁྲིམས་རྒྱལ་ཁབ་འདིའི་མངའ་ཐང་ཅི་ལྟར་ཉམས་དམས་སུ་བཏང་བའི་སྐོར་གྱི་འདོད་ཚུལ་སོགས་གསལ་སྟོན་བྱ་རྒྱུ་ཡིན།

དེ་ལ་ཅི་སྟེ། སྤྱིར་སྣང་སྲིད་འཇིག་རྟེན་ལ་གོ་རིམ་ཞིག་ཡོད་པ་དང་། ལྷ་བླའི་འཕྲིན་ལས་ཀྱི་འཇུག་པ་ཞེས་པ་ཞིག་ཡོད་སྲིད་ན་ནི། དེ་ནས་ནི་ཐོག་མར་འཇིག་རྟེན་སྲིད་པ་འདི་ལ་བརྟེན་པའི་གོ་རིམ་དེའི་བྱུང་རབས་གང་ཡིན་པ་དང་། བར་དུ་དེའི་གནས་རབས་དང་། དེ་ནས་མཐར་རིམ་གྱིས་ངེས་པར་ཐོར་ཞིག་ཏུ་འགྲོའམ་ཞེས་པའི་འདྲི་བ་དེ་གླེང་རུང་བར་འགྱུར་ལ། དེ་ལྟ་ན་ནི། ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་གསར་དུ་བསྒྲོན་པའམ་བསྐྱར་ནས་བསྒྲོན་པ་གང་ཡིན་སྐོར་གྱི་རྩོད་གླེང་འདི། སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་གཞིར་བྱས་ཏེ་བོད་སྲིད་པ་ཆགས་པའི་ལོ་རྒྱུས་ཀྱི་ཞིབ་ཕྲ་དང་། དེ་འགངས་ཆེན་ཇི་ལྟར་ཡིན་པ་བོད་མིས་ནང་ཕན་ཚུན་གཅིག་གིས་གཅིག་ལ་སྔར་ཡང་གླེང་སློང་བྱས་མྱོང་ལ། དེང་གི་ཆར་ཡང་མུ་མཐུད་ནས་འགྲེལ་བརྗོད་བྱེད་བཞིན་པ་དེ་ལ་ངེད་ཚོར་རྟོག་ཞིབ་བྱ་རྒྱུའི་གོ་སྐབས་ཤིག་ཐོབ་པ་ཡིན། དེར་མ་ཟད། བོད་ཀྱི་སངས་ཆོས་ལུགས་ལྟར་ན། ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་དེ་གསར་དུ་བསྒྲོན་པའམ་བསྐྱར་ནས་བསྒྲོན་པ་གང་ཡིན་སྐོར་གྱི་རྩོད་གླེང་དེ། བོད་རྒྱལ་ཁམས་ཀྱི་སྲིད་པ་ཆགས་ཚུལ་དང་འབྲེལ་བ་ཡོད་པས་གཤམ་གྱི་གནད་དོན་གསུམ་པོ་དེ་དག་ལ་ཐོག་མར་བསམ་གཞིག་བྱེད་དགོས་པའི་རང་མདངས་ཤིག་ངང་གིས་འཐོན་པ་ཡིན།

དེ་དག་ནི།  ༡) བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་ཚུལ་དང་། བོད་དུ་སངས་རྒྱས་མངོན་སུམ་ཞལ་བཞུགས་ཡོད་པའི་ཚུལ།   ༢) སངས་རྒྱས་མངོན་སུམ་ཞལ་བཞུགས་པའི་ཡུལ་དུ་ཆོས་ཕྱོགས་ཀྱི་ཆོ་ག་ལས་སྦྱོར་ཚུལ་ལྡན་ཞིག་ཉམས་སུ་བླངས་པའི་སྒོ་ནས་སྤྱི་ཚོགས་ནང་སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་རྒྱུན་འཛིན་བྱ་དགོས་པ་དང་། ཡང་ན། ཇི་ལྟར་གོང་སྤེལ་གཏོང་དགོས་ཚུལ།   ༣) ཆོས་ཕྱོགས་ཀྱི་ཆོ་ག་ལས་སྦྱོར་གྱི་ཉམས་ལེན་ཚད་ལྡན་མ་བྱུང་ཚེ། བོད་ཆོས་ཁྲིམས་རྒྱལ་ཁབ་དེ་ཇི་ལྟར་ཐོར་ཞིག་ཏུ་འགྱུར་རུང་བ་དང་། སངས་རྒྱས་ཀྱི་བསྟན་པ་ཇི་ལྟར་ཉམས་དམས་སུ་འགྱུར་རུང་བའི་སྐོར་འགྲེལ་བརྗོད་ཇི་ལྟར་བྱེད་དགོས་སམ་བཅས་ལགས།

སྐབས་འདིར་ཆོས་ཕྱོགས་ཀྱི་ཆོ་ག་ལས་སྦྱོར་ཞེས་པ། ཇོ་བོས་བོད་དུ་སངས་རྒྱས་མངོན་སུམ་ཞལ་བཞུགས་པའི་སྐུ་ཚབ་མཚོན་པས། ཇོ་བོའི་སྐུ་བརྙན་གྱི་བཀོད་པ་དེ་ཚད་ལྡན་ཞིག་ཏུ་གྱུར་ཡོད་མེད་སྐོར་གྱི་རྩོད་གླེང་ལ་གོ་དགོས། རྩོད་གླེང་དེའི་བརྒྱུད་རིམ་ནང་། བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས། ཐོག་མའི་ཇོ་བོ་དེ་གང་འདྲ་ཞིག་ཡིན་མིན་དང་། དེའི་(ངོས་འཛིན་)ཁུངས་བཙུན་ཡིན་མིན། ཆོས་ཕྱོགས་ཀྱི་ཆོ་ག་ལས་སྦྱོར་གྱི་སྒོ་ནས་ཇོ་བོའི་སྐུ་བརྙན་དེ་གསོན་ཉམས་ལྡན་པ་ཞིག་ཏུ་བདག་གཉེར་ཐུབ་མིན་བཅས་ཀྱི་སྐོར་ལ་རང་རང་གི་ཁས་ལེན་ལ་དག་པ་འདྲེན་ཚུལ་བཅས་ཚུད་ཡོད། ངས་བོད་མི་རིགས་ཀྱི་གོམས་སྲོལ་རིག་པ་དང་། རྒྱལ་རབས་ལོ་རྒྱུས་ཀྱི་གཞུང་ལུགས་དང་། མཐོང་བ་མངོན་གྱུར་གྱི་རིག་གཞུང་བཅས་བསྡེབས་པ་བརྒྱུད་སྤྱིར་ཇོ་བོ་ཤཱཀྱ་མུ་ནེ་ལ་(མི་སྒེར་སོ་སོའི་ཡིད་ཤེས་དང་མིག་ཤེས་ཀྱི་ངོར་)སྣང་ཚུལ་ཐ་དད་ཡོད་པ་དེ་དང་སྐུ་བརྙན་གཞན་མང་པོའི་ཁྲོད་དུ་ཇོ་བོའི་སྐུ་བརྙན་དང་ཆོ་ག་ལས་སྦྱོར་དབར་གྱི་འབྲེལ་བའི་གནས་བབ་དང་། གཞན་ཡང། འཇིག་རྟེན་སྲིད་པའི་གོ་རིམ་ལྡན་པའི་གནས་བབ་དང་སྤྱི་ཚོགས་ཀྱི་བདེ་སྐྱིད་གནས་བབ་གཉེར་སྲུང་ཚུལ་མཐུན་བྱ་ཚུལ་བཅས་ཀྱི་འབྲེལ་བ་རྙོག་འཛིང་ཅན་རྣམས་ལ་དཔྱད་ཞིབ་བྱ་རྒྱུ་ཡིན། བརྩམས་ཆོས་འདི་ཡི་མཐའ་མཇུག་ཏུ། དགོས་པ་གང་ཞིག་གི་སླད་དུ་རྒྱ་གར་དུ་ད་ལྟའི་(་་་་སར་)༸གོང་ས་་་་་་བླ་མས་ཆོས་ཕྱོགས་ཀྱི་ཆོ་ག་ལས་སྦྱོར་སྣ་མང་ཕྱག་ལེན་དུ་བཀལ་བའི་སྒོ་ནས་རང་བཞིན་གྱིས་རྩོད་གླེང་གི་བརྒྱུད་རིམ་འདིར་ཇི་ལྟར་ཞུགས་ཡོད་པའི་སྐོར་རང་ངོས་ནས་བསམ་ཚུལ་ཞིག་སྤྱན་བསྟར་ཞུ་རྒྱུ་ཡིན། །

ཇོ་བོ་ཤཱཀྱ་མུ་ནེ་ག་རེ་རེད་དམ།

ལས་སླ་མོ་བྱས་ཏེ་བཤད་ན། ཇོ་བོ་ཤཱཀྱ་མུ་ནེ་ནི། ལྷ་སའི་གཙུག་ལག་ཁང་དུ་བཞུགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་འདྲ་ཞིག་རེད། རྒྱ་ནག་དང་བོད་ཀྱི་ལོ་རྒྱུས་དཔྱད་ཞིབ་པ་ལྟར་ན། ཝེང་ཅིང་ཀོང་ཇོ་(༦༢༨-༦༨༠/༢)ནི་རྒྱ་ནག་གོང་མས་བསྐོ་འཛུགས་གཞིས་བདག་རྒྱལ་སྲས་ཤིག་གི་སྲས་མོ་ཞིག་ཡིན་པ་དང་། ཁོང་རྒྱ་ནག་གོང་མའི་ཕོ་བྲང་ནས་བོད་ཀྱི་ཆོས་རྒྱལ་དང་པོ་སྲོང་བཙན་སྒམ་པོའི་བཙུན་མོར་བཞེས་སྐབས། བག་རྫོངས་འབུལ་དངོས་གྲས་སུ་ཇོ་བོའི་སྐུ་འདྲ་འདི་བོད་ཀྱི་རྒྱལ་པོའི་ཕོ་བྲང་དུ་ལྷ་སར་གདན་དྲངས་པ་ཞིག་ཡིན།

དུས་ཕྱིས་རྒྱལ་རབས་ལོ་རྒྱུས་སྨྲ་བ་ཚོས། ཇོ་བོ་གདན་ཞུས་པ་དེ་བོད་རྒྱལ་ཁམས་ཀྱིས་སངས་རྒྱས་ཆོས་ལུགས་དྭང་དུ་ལེན་པའི་མཚན་མ་གནད་འགག་ཅན་ཞིག་དང་། བོད་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཐང་གི་མཚོན་རྟགས་ཤིག་ཏུ་ངོས་འཛིན་གནང་བའི་རྒྱུ་མཚན་ལ་བརྟེན་ནས། དུས་རབས་བཅུ་གཉིས་པ་ནས་བཟུང་ད་ལྟའི་བར་ཇོ་བོ་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་ལྡན་པའི་མཚོན་རྟགས་ཤིག་ཏུ་བསྒྱུར་བ་རེད། འོན་ཀྱང་། ཤར་ཨེ་ཤི་ཡ་ཡི་ཆོས་ལུགས་མཁས་པ་ཚོས་སྐུ་འདྲ་(statue)ཞེས་པའི་ཐ་སྙད་འདི་ཆོས་ལུགས་ཀྱི་ཞིབ་འཇུག་གང་ཞིག་དམིགས་བཀར་རྒྱལ་རབས་ལོ་རྒྱུས་ཀྱི་ཀྱོག་མཚམས་དང་སྦྲེལ་བའི་གནས་སྐབས་འདིར་ཏག་ཏག་འཇུག་པོ་ཞིག་ཨེ་ཡིན་ནམ། ཞེས་པའི་དྲི་བ་བཏོན་ཡོད། དེའི་དོད་དུ་”living image”སྐུ་བརྙན་གསོན་པོ་ཞེས་པའི་ཐ་སྙད་བཀོལ་སྤྱོད་བྱེད་དགོས་པ་གཞན་དག་གིས་བསམ་ཚུལ་བཤད་ལ། ཡང་ན་ས་གནས་ཡུལ་སྲོལ་གྱི་ཐ་སྙད་”murti”སྟེ་འདྲ་སྐུ་ཞེས་པ་བཀོལ་སྤྱོད་བྱེད་དགོས་ཚུལ་ཉེ་ལམ་ཧིན་རྡུའི་ཆོས་ལུགས་མཁས་པ་ཚོས་མོས་འདུན་ཆེན་པོས་དགོངས་འཆར་གནང་ཡོད།

ང་རང་སྒེར་གྱིས་བོད་དཔེ་རྙིང་པ་དེ་འདྲ་བཀླགས་སྐབས། དབྱིན་སྐད་ཀྱི་ཐ་སྙད་(statue)སྐུ་འདྲ་ཞེས་པའི་གོ་དོན་དང་འབྲེལ་ཆགས་ཡིན་པའི་བོད་སྐད་ཀྱི་བརྗོད་པ་ཉི་ཤུ་རྩ་དྲུག་རྙེད་སོན་བྱུང་། བོད་སྐད་ཀྱི་བརྗོད་པ་དེ་དག་ཁྲོད་ཀྱི་ཆེས་ཐུན་མོང་གི་གོ་དོན་ནི་”ལུས་ཤིག་”གམ། ཡང་ན། ”ལུས་དེ་”ཞེས་པར་འཇུག་ལ། དེ་ནི་ཞེ་སའི་དབང་དུ་བྱས་ན་”སྐུ་”ཞེས་པར་འཇུག་པ་སྟེ། དཔེར་ན། ཡེ་ཤུ་པ་ཚོས། དཀོན་ཅོག་(God)ལ་བདག་ཉིད་ཆེན་པོ་ཁོང་དང་ཁོང་གི་(He/Him)ཞེས་པའི་མིང་ཚབ་བཀོལ་སྤྱོད་བྱེད་པ་ལྟ་བུ་ཡིན། མིའི་ཚབ་མཚོན་དང་། སངས་རྒྱས་ཀྱི་ཚབ་མཚོན་དག་ལ་བེད་སྤྱོད་བྱེད་པའི་བོད་སྐད་ཀྱི་ཐ་སྙད་རྣམ་གྲངས་ཐད་དེང་རབས་ནུབ་ཕྱོགས་པའི་མི་རྣམས་འཁྲུལ་བའི་དབང་གིས་ཐ་སྙད་དེ་དག་ལ་ནང་གསེས་ཁྱད་པར་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་བྱེད་སྲིད་ཀྱང་། དོན་དངོས་ནི་བོད་སྐད་ཀྱི་ཐ་སྙད་དེ་རྣམས་ནི་དེ་ལྟར་མིན། མ་ཟད། སངས་རྒྱས་པ་ལྟར་ན་མིའི་འགྲོ་བ་ཀུན་ལ་རང་ཉིད་འཚང་རྒྱ་བའི་ནུས་པ་ཡོད་པར་གཅིག་མཚུངས་ཡིན་པའི་རྒྱུ་མཚན་གྱིས།  སངས་རྒྱས་ཀྱི་ཚབ་མཚོན་ཞིག་གི་ངོ་བོར་དྲན་རྟེན་བྱེད་པའི་གོ་སར་བསྙེགས་ཟིན་པའི་བོད་མི་ཕལ་ཆེ་བ་ནི་སངས་རྒྱས་སུ་གྱུར་ཟིན་པར་ཡིད་ཆེས་བྱེད་ཀྱིན་ཡོད།

དེས་ན། གོང་གསལ་ལྟར་དབྱེ་བ་ཕྱེས་ཏེ་ཐ་སྙད་སོ་སོར་བཀོད་སྤྱོད་བྱེད་པའི་དབྱེ་མཚམས་ཡང་ན་མེད་པའམ། ཡོད་ཀྱང་གསལ་པོར་ཕྱེས་མེད། ཡང་སྟབས་མ་ལེགས་པ་ཞིག་ལ། བོད་སྐད་ནང་སྐུ་འདྲ་(statue)ལ་བརྟེན་པའི་ཐ་སྙད་ཀྱི་རྣམ་གྲངས་མང་པོ་བཀོལ་སྤྱོད་བྱེད་ནའང་། དེ་དག་ལས་ཆེས་ཡོངས་གྲགས་ཅན། དཔེར་ན། སྐུ་རྟེན། སྐུ་འདྲ། སྐུ་བརྙན་ཞེས་པ་རྣམས་ཇོ་བོ་ཤཱཀྱ་མུ་ནེ་དང་སྦྲེལ་ནས་བཀོལ་སྤྱོད་བྱེད་པ་ནི་དཀོན་པོ་ཡིན། ལར་ནས་སྐབས་འགར། ཐ་སྙད་དེ་སྐུ་འདྲ་ཞིག་ལ་ཡེ་ནས་མི་གོ་བའང་ཡོད་དེ། སྐུ་རྟེན་ཞེས་པ་ལྷ་པ་”spirit medium”ལ་གོ་བ་ལྟ་བུ་ཡིན། དེའི་ཚབ་ཏུ་བོད་ཀྱི་རྩོམ་པ་པོ་ཚོས་ཇོ་བོ་ཤཱཀྱ་མུ་ནེ་ལ་ཐ་སྙད་གཞན་སྣ་ཚོགས་ཤིག་གིས་འབོད་ཅིང་། དུས་ཀྱི་རྒྱུན་ཐག་ཁྲོད་ཐ་སྙད་འདི་རིགས་ལ་འཕེལ་རྒྱས་ཀྱང་བྱུང་ཡོད། དེས་ན་ངས་ཀྱང་བོད་སྐད་ནང་གི་གོ་དོན་དེ་དག་སོར་བཞག་ཡོང་བའི་སླད་དུ་དང་། སྐབས་འགར་དོན་ལ་གསལ་ཁ་འདོན་པའི་དགེ་མཚན་ཡོད་ན་མ་གཏོགས་སྐུ་འདྲ་(statue)ཞེས་པའི་ཐ་སྙད་དེ་གང་ཐུབ་ཀྱིས་བཀོལ་སྤྱོད་མི་བྱེད་པར་གཡོལ་རྒྱུ་ཡིན། ངས་དཔྱད་པ་བྱེད་པའི་བརྒྱུད་རིམ་ནང་ཇོ་བོ་ཤཱཀྱ་མུ་ནེའི་སྐོར་སྐབས་འབྲེལ་དཔེ་དེབ་གང་ཞིག་ཏུ་ཐ་སྙད་གང་གསལ་བ་དེ་གར་སོར་བཞག་བྱ་རྒྱུ་དང་། དེ་བཞིན་དུ། བཅར་འདྲིའི་ཚན་པ་གང་ཞིག་ཏུ་ཐ་སྙད་གང་ཞིག་བཀོལ་སྤྱོད་བྱས་པ་དེ་རང་སོར་བཞག་བྱ་རྒྱུ་ཡིན། །(༡)

ཇོ་བོ་ཤཱཀྱ་མུ་ནེའི་དད་མོས་པ་ཚོས་ཇོ་བོ་ལ་སྐུ་འདྲ་ཙམ་ཞིག་གི་འདུ་ཤེས་མི་འཇི༹ན་པར་སངས་རྒྱས་སྐུ་དངོས་ཀྱི་རྣམ་རོལ་ཏུ་བཟུང་བར་བརྟེན། ཇོ་བོ་གང་དུ་བཞུགས་སུ་གསོལ་བའི་གཙུག་ལག་ཁང་དུ་ཇོ་བོ་མཇལ་དུ་འགྲོ་བ་རེད། བོད་མི་ཚོས་གཙུག་ལག་ཁང་སོགས་སུ་རྟེན་མང་པོ་མཇལ་དུ་འགྲོ་ནའང་། ཇོ་བོ་མཇལ་བ་དང་འབྲེལ་བའི་ལམ་སྲོལ་འགའ་ཞིག་ཆེས་རྩ་བ་ཆེན་པོ་དང་དམིགས་བསལ་ཅན་ཞིག་ཡོད།

ངའི་བརྩམས་ཆོས་འདི་ཡི་ནང་དམིགས་བཀར་དོན་གཉེར་བྱ་འོས་པ་ཞིག་ནི། ཇོ་བོས་དུས་ནས་དུས་སུ་དབུ་རྒྱན་དང་སྙན་རྒྱན་གསར་པ་འབུལ་བཞེས་གནང་བ་དེ་རེད། དེ་ནི་ཕལ་ཆེར་ཇོ་བོ་དང་ཁོང་གི་ངོ་འདྲའི་སྐུ་བརྙན་དག་ལ་མ་གཏོགས་མི་འབྱུང་བ་ཡིན། འོན་ཀྱང་། ཁོང་ལ་འདི་ལྟར་དབུ་རྒྱན་དང་སྙན་རྒྱན་འབུལ་བ་འདི་ཅིས་ཡིན་ནམ། སངས་རྒྱས་ཀྱིས་ནི་གཅིག་ཏུ་རྒྱལ་སྲིད་ཀྱི་དཔལ་ཡོན་དོར་བས་རྒྱན་ཆའི་རིགས་གཏན་ནས་སྤངས་པ་མ་ཡིན་ནམ། ཞེས་བོད་མི་ཚོས་རང་ཉིད་ལ་འདྲི་བ་འདི་བཏང་ཡོད་ལ། ཁོང་ཚོས་རང་གི་རྒྱལ་ཁབ་ཀྱི་མཚོན་རྟགས་གཟི་བརྗིད་ཅན་འདི་ཡི་རྣམ་པ་བརྗེས་པའི་རྗེས་འབྲས་སུ། སྣོད་བཅུད་ཀྱི་འཇིག་རྟེན་ལ་འགྱུར་ལྡོག་གང་དང་གང་འབྱུང་མིན་སྐོར་སེམས་འཚབ་ད་དུང་འཆང་གིན་ཡོད། དེ་ནི། ཁོང་ཚོའི་མགོན་སྐྱབས་སུ་གྱུར་པའི་ཇོ་བོའི་མཐུ་ནུས་དེ། ཕྱོགས་གཅིག་ནས་ཇོ་བོ་ཉིད་སངས་རྒྱས་སྐུ་དངོས་ཀྱི་རྣམ་པར་བལྟས་པ་དེར་རག་ལས་པས་རེད།

དེ་བས་ན། ཡ་མཚན་པའི་གནད་དོན་འདི་ཡི་ཐད་བོད་མི་ཚོས་རང་ཉིད་ལ་གཤམ་གྱི་དྲི་བ་འདི་དག་གཏོང་དགོས་པར་གྱུར་ཡོད། ༡) སྔོན་གྱི་དུས་སུ་ཇོ་བོ་ཤཱཀྱ་མུ་ནེ་ཡི་ཕྱི་ཚུལ་གྱི་རྣམ་པ་གང་འདྲ་ཞིག་ཏུ་མཇལ་གྱི་ཡོད་དམ། ༢) ཁོང་གི་སྣང་ཚུལ་ལ་འགྱུར་བ་ཐེབས་ཡོད་དམ། ༣) ཐོག་མ་ཉིད་ནས་ཇོ་བོས་དབུ་རྒྱན་བཞེས་ཡོད་དམ། བཅས་ཡིན། མཚམས་འདི་ནས། ང་ཚོས། དང་ཐོག་བོད་ཀྱི་མ་འོངས་ལུང་བསྟན་གྱི་དཔེ་ཚོགས་རྣམས་ལས་ཇོ་བོའི་སྐུ་ཡི་ཐོག་མའི་བཟོ་བཀོད་བྱུང་རབས་སྐོར་ལས་འཕྲོས་པའི་གོང་གི་དྲི་བ་འདི་དག་རྩོད་གླེང་གི་གཞིར་ཇི་ལྟར་གྱུར་ཚུལ་ལ་ཕྱིར་དྲན་ཞིག་བྱ་རྒྱུ་ཡིན། །

སྐུ་བརྙན་བཟོ་བཀོད་ཀྱི་དཀའ་རྙོག་དང་ཇོ་སྐུའི་དབར་གྱི་འབྲེལ་བ།

ཇོ་བོ་ཤཱཀྱ་མུ་ནེའི་སྐུའི་སྣང་ཚུལ་སྐོར་གྱི་ལོ་རྒྱུས་སྔ་ཤོས་ནི། བཀའ་ཆེམས་ཀ་ཁོལ་མའི་དཔར་མ་ཞིག་ཏུ་བཞུགས་ཡོད། དེ་ནི་ཕལ་ཆེར་དུས་རབས་བཅུ་གཅིག་གི་མཇུག་ཙམ་ལ་ཐོན་པའི་བོད་མིའི་བརྩམས་ཆོས་ཤིག་ཡིན་བཟོ་འདུག འོན་ཀྱང་། སྲོལ་རྒྱུན་ལྟར་ན་བོད་ཀྱི་ཆོས་རྒྱལ་ཐོག་མ་སྲོང་བཙན་སྒམ་པོས་དུས་རབས་བདུན་པའི་ནང་བརྩམས་པར་གྲགས་ཤིང་། ཁོང་གིས་དགོས་པའི་དབང་གིས་དུས་རབས་བཅུ་གཅིག་པའི་ནང་(༢)རྒྱ་གར་གྱི་མཁས་གྲུབ་ཨ་ཏི་ཤཱས་གཏེར་ནས་བཞེས་པའི་སླད་དུ་(སྦས་པ་)ཡིན་ལུགས་བརྗོད། བཀའ་ཆེམས་ཀ་ཁོལ་མ་དཔར་མ་ཀ་པའི་ནང་ཇོ་བོ་ཤཱཀྱ་མུ་ནེ་ཡི་ཐོག་མའི་སྐུ་ཡི་སྣང་ཚུལ་སྐོར་རྒྱས་པར་བཤད་ལ། དེའང་ཇོ་བོའི་སྐུ་བརྙན་སྐོར་ཐོག་མའི་འགྲེལ་བརྗོད་འདི་ལྟར་གསལ་ཏེ།

“སྐུ་དེ་གའི་སྤྱན་འཁོར་བ་ལ་གཟིགས་པ། ས་གནོན་གྱི་ཕྱག་རྒྱ་མཛད་པ། ཞབས་ལ་འཁོར་ལོ་རྕིབས་བརྒྱད་ཡོད་པ་། དབུས་གཙུག་ཏོར་ནོར་བུ་རིན་པོ་ཆེས་བརྒྱན་པ། མདོག་སྣ་ཚོགས་སུ་ཡོད་པ། གདན་ཁྲིར་སེངྒེ་བརྒྱ་རྩ་བརྒྱད་དང་། སྒྲོལ་མ་བརྒྱ་རྩ་བརྒྱད་ཀྱིས་བརྒྱན་པ། རྒྱབ་ཡོལ་ལ་མདོ་རྒྱ་ཆེར་རོལ་བའི་རྒྱུད་རིས་མཇ༹ད་པ་བཅུ་གཉིས་འབུར་དུ་བཏོད་པ། འོད་སྐོར་ལ་སངས་རྒྱས་སུམ་ཅུ་སོ་ལྔ་དང་། ལྟག་ཁུང་ལ་ཁྲོ་བོ་བདུད་རྕི་འཁྱིལ་བ་(༣)འབུར་དུ་བཏོད་པ་། རྒྱབ་ཡོལ་གྱི་ནང་སྐོར་གྱི་གཡས་གཡོན་ལ། ཉན་ཐོས་ཆེན་པོ་ཤཱ་རིའི་བུ་དང་མོའུ་དགལ་གྱི་བུ་དང་། རབ་འབྱོར་དང་ཀུན་དགའ་བོ་ལ་སོགས་པ་མང་པོས་འབུར་དུ་བཏོད་པ། ཕྱི་སྐོར་ལ་རྒྱན་རྣམ་བཞི་དང་། རྒྱལ་སྲིད་སྣ་བདུན་དང་(༤)། བཀྲིས་རྗ༹ས་བརྒྱད་(༥)འབུར་དུ་བཏོད་པ། རིན་པོ་ཆེ་སྣ་ལྔ་ལས་དབུ་རྒྱན་རྒྱལ་བ་རིགས་ལྔ་བཞེངས་ནས་དབུ་ལ་གསོལ་བ། ཟ་འོག་གི་སྣམ་ཡོལ་པདྨ་སྟོང་ལྡན་བྲིས་པ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་(༦)གསུམ་ཀའི་ཆ་ལུགས་ཚང་བ་གཉིས་བཞེངས་སོ།” ཅེས་ཡོད། །

གོང་གི་དུམ་ཚན་འདིས། ལོ་རྒྱུས་སུ་གྲགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞལ་བཞུགས་པའི་དུས་སུ། ཇོ་བོ་ཡི་སྐུ་བརྙན་བཞེངས་མ་ཐག་པ་དེའི་བྱུང་བ་ལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་ཚོད་རེད། ཇོ་བོའི་ཐོག་མའི་སྐུ་ཡི་སྣང་ཚུལ་དེ་ནི། ཆེས་གལ་གནད་ཆེ་བ་ཞིག་ཡིན། རྒྱུ་མཚན་གང་གིས་ཤེ་ན། དེབ་ཐེར་དེ་གའི་ནང་། ཇོ་བོའི་སྐུ་བརྙན་དེ་ནི་སངས་རྒྱས་ཀྱི་སྐུ་འཚོ་གཞེས་ལ་དཔེ་བླངས་ནས་བཞེངས་པ་ཡིན་ཞིང་། སྐུ་ཡི་སྣང་ཚུལ་དང་། འཕྲིན་ལས་ཀྱི་འཇུག་པ་གཉིས་ཀའི་ཆ་ནས། བོད་དུ་སངས་རྒྱས་ཀྱི་སྐུ་ཚབ་མཚོན་ནུས་པ་ཞིག་ཡིན་ཞེས་གསུངས་ཡོད། འོན་ཀྱང་། འདི་འདྲ་བའི་ཇོ་བོའི་སྐུ་ཡི་བཟོ་རྩལ་གྱི་བཀོད་པ་དང་། ཐད་ཀའི་རྒྱབ་ལྗོངས་ཀྱི་འཆར་སྣང་དེ་ཕལ་ཆེར་དུས་རབས་བཅུ་གཅིག་པའི་བཀའ་ཆེམས་ཀ་ཁོལ་མ་དཔར་མ་འདིའི་རྩོམ་པ་པོ་དང་། ཞུ་མཆན་པ་ཚོའི་རྟོག་པའི་སྣང་ངོར་རམ། དག་སྣང་གི་ར་བ་ལས་བརྒལ་ཏེ་འཇིག་རྟེན་གྱི་ཁམས་ནང་རྩ་བ་ཉིད་ནས་དངོས་སུ་གྲུབ་མྱོང་མེད།

ང་ཚོའི་ཤེས་ཚོད་ལྟར་ན། སངས་རྒྱས་ཞལ་བཞུགས་པའི་དུས་ནས་བརྩིས་ཏེ་མི་ལོ་ཉི་བརྒྱའི་ནང་ཚུན་དུ་སངས་རྒྱས་ཀྱི་སྐུ་བརྙན་གང་ཡང་བཞེངས་མྱོང་མེད། བྱེ་བྲག་ཏུ་འགྲེལ་བཤད་འདིའི་ནང་རྒྱ་གར་དང་། རྒྱ་ནག ཡང་ན་བོད་ལུགས་སངས་རྒྱས་པའི་ལྷ་སྐུ་སྒྱུ་རྩལ་རིག་པའི་ལོ་རྒྱུས་(༧)ནང་རྩ་བ་ཉིད་ནས་མི་གསལ་བའི་གནད་དོན་སྣ་མང་ཚུད་ཡོད། ཡང་དེའི་སྒང་ལ་ང་ཚོས་གཤམ་ནས་མཐོང་རྒྱུ་བཞིན། དུས་རབས་བཅོ་ལྔ་པའི་འགོ་སྟོད་ཀྱི་བོད་རིགས་ལོ་རྒྱུས་དག་འབུད་བྱེད་པོ་འགས། གོང་གསལ་ལོ་རྒྱུས་འགྲེལ་བརྗོད་ཀྱི་དུམ་བུ་དེ། ༡༤༠༩ ལོར་(༨)རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་དབུ་རྒྱན་བསྐྱར་དུ་བསྒྲོན་པའི་མཛད་པར་རྒྱབ་སྐྱོར་མཐུན་ཕྱོགས་སུ་འགྲོ་བའི་ལོ་རྒྱུས་ཀྱི་བདེན་དཔང་རྒྱུ་ཆ་གཙོ་བོ་ཞིག་ཏུ་བཟུང་ཡོད། །

བོད་ཀྱི་རྩོམ་པ་པོ་རྣམས་གོང་གི་ལོ་རྒྱུས་ཀྱི་དུམ་བུ་དེ་ཁུངས་དག་ཡིན་མིན་སྐོར་དགག་སྒྲུབ་ཀྱི་རྩོད་གླེང་གནང་བའི་སྐབས། རྒྱུན་དུ་སངས་རྒྱས་ཀྱི་སྐུའི་སྣང་ཚུལ་གཉིས་སུ་ཡོངས་གྲགས་སོ་སོར་ཕྱེས་བ་དེ་གཉིས་མཉམ་དུ་བསྲེས་པའི་སྒོ་ནས་འགྲེལ་བརྗོད་བྱེད་པ་རེད། དེ་ནི། ༡) སངས་རྒྱས་ཞལ་བཞུགས་པའི་སྐུ་དུས་སུ་སྐྱེ་བོ་ཕལ་པའི་མིག་ཤེས་ལ་མཇལ་ཚུལ་དང་། ༢) ལོ་རྒྱུས་སོགས་དུས་ཚིགས་ཀྱི་ཁྱད་པར་ལ་མི་ལྟོས་པར་རྟོགས་པ་མཐོན་པོར་བསྙེགས་པའི་སྒོམ་ཆེན་པ་དག་ལ་ནམ་ཡང་མཇལ་དུ་ཡོད་པའི་སྐུ་ཡི་སྣང་ཚུལ་བཅས་ཡིན།

དེ་གཉིས་ལས་སྣང་ཚུལ་དང་པོའི་དབང་དུ་ནི། ཐ་མལ་པའི་མིག་ཤེས་ཀྱི་ངོར་ཐོག་མའི་ཇོ་བོ་ཤཱཀྱ་མུ་ནེ་དེ་ཉིད་རྒྱན་གྱིས་མ་བརྒྱན་པའི་དགེ་སློང་ཞིག་གི་རྣམ་པར་མཇལ་དགོས་པ་དང་། དེར་ནི་མགྲིན་པའི་ལྟག་ཁུང་ནས་དྲག་པོའི་ལྷ་ལྡང་བ་ལ་སོགས་པ་གཏན་ནས་མེད་པར་མཇལ་དགོས། འོན་ཀྱང་དེ་ལས་བརྒལ་བའི་སྤྲོས་པ་དག་ནི་རྟོགས་པ་མཐོན་པོར་སོན་པའི་སྒོམ་ཆེན་པ་ཞིག་གིས་བསྐྱེད་ཚུལ་ཡིན་ལགས། ངས་བཅར་འདྲི་ཞུ་ཡུལ་རྒྱ་གར་དང་བལ་ཡུལ་དུ་བཅའ་བཞུགས་ལྷ་བཟོ་ཆེན་མོ་ཚོས་ཀྱང་འདི་འདྲའི་དབྱེ་མཚམས་འབྱེད་ཚུལ་ལ་རྒྱབ་སྐྱོར་གནང་གིན་འདུག། དེ་ལྟར་དགོངས་པ་འགྲེལ་ཚུལ་མི་འདྲ་བ་གཉིས་ཡོད་པ་དེས་རྐྱེན་གྱིས་ཇོ་བོའི་སྐུ་བརྙན་གྱི་“ཐོག་མའི་“(original)སྣང་ཚུལ་ཇི་ལྟར་ཡིན་པ་དང་། དེའི་དབང་གིས་སྣང་ཚུལ་”མ་འཁྲུལ་པ་”(correct) དེ་ཇི་ལྟར་ཡིན་པའི་སྐོར་སྦྱངས་བཤད་བགྲོ་གླེང་གནང་སྐབས། བོད་མི་ཚོ་དང་བོད་རིག་པའི་མཁས་པ་གཉིས་ཀར་རྒྱུན་མཐུད་ནས་མགོ་བོ་རྨོངས་སུ་འཇུག་པ་གཅིག་མཚུངས་ལགས། །

འདི་འདྲ་བའི་མགོ་རྙོག་ཡོང་དགོས་པའི་རྒྱུ་མཚན་གྱི་ཆ་ཤས་ཤིག་ནི། སྐུ་བརྙན་གང་ལ་ཡིག་ལམ་ནས་འགྲེལ་བཤད་རྒྱག་པའི་འགྲེལ་བྱེད་ཡིག་ཆའི་ཁྱད་ནུས་དང་། འགྲེལ་བྱ་སྐུ་བརྙན་དེ་ཉིད་ཀྱི་ཁྱད་ཆོས་གཉིས་དབར་ཁྱད་པར་ཡོད་པའི་དབང་གིས་ཡིན། འགྲེལ་བྱེད་ཡིག་ཆ་དང་སྐུ་བརྙན་ངོ་མ་གཉིས་ཀྱི་དབར་ལ། འགྲེལ་བཤད་ཀྱི་བང་རིམ་མང་ཉུང་གི་གྲངས་དང་། འགྲེལ་ལུགས་གུ་ཡངས་དོག་གི་ཁྱད་ཞུགས་ཀྱིན་ཡོད། ལོ་རྒྱུས་སྐོར་གྱི་དཔེ་དེབ་ལ་ཚིག་གིས་སྤྲོས་པ་མང་པོ་ཡོད་ལ་སྐུ་བརྙན་ལ་དེ་ལྟར་མེད། དཔེ་དེབ་དག་གི་ནང་ནམ་ཡང་འགྲེལ་བརྗོད་གུ་ཡངས་དོག་དབང་གིས་ག་འགྱུར་གནང་བདེ་ཡོད་ཅིང་། སྐུ་བརྙན་གྱི་ལོ་རྒྱུས་ལ་ཁ་སྣོན་རྒྱག་པའི་ནུས་པའང་ཡོད། ད་དུང་ལྟ་གྲུབ་ཀྱི་ཁྱད་ཆོས་ཀྱང་དོ་བདག་རང་ཉིད་ཀྱིས་མཇལ་ལུགས་ལྟར་ཁ་སྣོན་རྒྱག་བདེ་ཡོད།  འོན་ཀྱང་སྐུ་བརྙན་དངོས་ནི་རང་ཚུགས་བརྟན་པ་དང་། ནམ་ཡང་སྐུའི་བཀོད་པ་རྡོག་གཟུགས་གཅིག་པོ་ཉིད་དུ་གྲུབ་ནས་ཡོད།

ཡིག་ལམ་དུ་བྲིས་པའི་དཔེ་དེབ་ནང་གི་འགྲེལ་བརྗོད་ནི། དུས་གཅིག་ལ་ལྷན་ཅིག་ཏུ་བང་རིམ་རྣམ་གྲངས་མང་པོ་ཡོད་ཆོག དེ་ལས་ལྡོག་སྟེ། སྐུ་བརྙན་ནི་ཕྱོགས་ཆ་གསུམ་གྱི་འབུར་གཟུགས་ཀྱི་ངོ་བོར་མཇལ་རུང་བ་ཙམ་ཞིག་ཡིན། ཡང་ཕྱོགས་གཞན་ཞིག་ནས་ནི། ཡིག་ལམ་གྱི་དཔེ་དེབ་གཅིག་ཉིད་ལ་དཔར་མ་མི་འདྲ་བ་གཞན་ཡང་ཡོད་སྲིད་པའི་གནད་དོན་དེ་ཕར་ཕུད། དེ་མིན་དཔེ་དེབ་དཔར་མ་གཅིག་པུ་ཞིག་གི་ནང་འགྲེལ་བརྗོད་བྱེད་ལུགས་སྣ་མང་ཡོད་དུ་ཆུག་ནའང་། གང་བྲིས་ཟིན་པ་དེ་ནི་བརྟན་ཚུགས་སུ་འཁོད་པར་གྱུར་པས་འགྱུར་དུ་མེད། འོན་ཀྱང་སྐུ་བརྙན་ནི་ད་རུང་འགྱུར་གཤིས་ཅན་ཞིག་སྟེ། དེ་ཉིད་ལ་འགྲེལ་བརྗོད་གནང་ལུགས་གུ་ཡངས་དོག་གི་ལྡོག་ཆ་ནས་དེའི་ངོ་བོར་ག་འགྱུར་བྱེད་དུ་ཡོད་པ་ཡིན། འདིར་གོང་དུ་ལུང་འདྲེན་བྱས་པའི་ལོ་རྒྱུས་ཀྱི་དུམ་བུ་དེ་ལ། རྗེ་ཙོང་ཁ་པར་དག་འབུད་བྱེད་མཁན་ཚོས་ནི་རང་གིས་གང་དམ་བཅས་པ་དང་མཐུན་པར། ཇོ་བོ་ལ་དབུ་རྒྱན་ཡོད་པའི་བཤད་བྱེད་སྒྲ་ཇི་བཞིན་པར་ཁས་ལེན་དུ་རུང་བ་ཞིག་ཏུ་བཟུང་བ་ལས། དོན་གཞན་དུ་དྲང་དགོས་པའི་ལྡེམ་དགོངས་ཀྱི་བརྗོད་པ་ཞིག་ཏུ་མི་འདོད། དེ་ནི་ཁོང་ཚོས་ཇོ་བོ་ལ་དབུ་རྒྱན་མངའ་བ་དེ་ལོ་རྒྱུས་ཀྱི་བདེན་དངོས་དང་ཡིག་ལམ་གྱི་བརྗོད་བྱ་གཉིས་རྩེ་མཐུན་པའི་གནད་དོན་ཞིག་ཏུ་བཟུང་བ་ལས་མགུལ་གྱི་ལྟག་ཁུང་དུ་ལྷ་ཁྲོ་བོ་བདུད་རྩི་འཁྱིལ་བ་ཞིག་བཞུགས་པར་བལྟས་པ་ལྟ་བུ་རང་གི་བློས་སྒྲོ་བཏགས་པ་ཙམ་ཞིག་ཏུ་མི་འཛིན། །

བཀའ་ཆེམས་ཀ་ཁོལ་མའི་དཔར་མ་འདིའི་ནང་དོན་རྒྱས་པ། ཇོ་བོ་ཤཱཀྱ་མུ་ནེར་བསྙེན་བཀུར་མཆོད་བསྟོད་གནང་སྲོལ་གལ་ཆེན་མང་པོའི་སྐོར་གྱི་འགྲེལ་བརྗོད་ཞིབ་མོས་གྲུབ་ཡོད་ལ། དེ་ཡི་ནང་དོན་ཁག་གཅིག་གིས་ཇོ་བོ་ནི། ”སངས་རྒྱས་ཀྱི་སྐུ་བརྙན་ཐོག་མ་”དེ་ཡིན་པར་སྣེ་སྟོན་བྱེད། དཔེར་ན། “དབུ་ལ་ནོར་བུ་རིན་པོ་ཆེའི་གཙུག་ཏོར་གྱིས་བརྒྱན་པ།” ཞེས་གསལ་ཡོད། གཙུག་ཏོར་ནི་སྐྱེས་བུ་ཆེན་པོའི་སྐུའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡོད་པའི་ནང་གི་དང་པོ་དེ་ཡིན། དེ་ནི་སངས་རྒྱས་ཀྱི་སྐུ་བརྙན་ཡོད་དོ་ཅོག་ལ་ཐུན་མོང་ངུ་ཚང་བའི་མཚན་བཟང་ཞིག་ཡིན། འོན་ཀྱང་རྒྱུ་ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཆེ་བ་དེ་དམིགས་བསལ་བ་ཞིག་ཡིན། དེ་ནི། ཉི་ཧོང་དུ་ཤཱེར་ཡོ་ཇི་(Seiryoji)ཞེས་སངས་རྒྱས་གཞན་ཞིག་གི་སྐུ་བརྙན་སྙན་གྲགས་ཅན་ཞིག་བཞུགས་ཡོད་པ་དེ་ཡི་ཡང་ཆེ་བ་ཞིག་ཡིན། ཤཱེར་ཡོ་ཇིའི་སྐུ་བརྙན་ལ་དབུའི་གཙུག་ཏོར་གྱི་ཞབས་གདན་དུ་”འོད་ཟེར་དམར་ལམ་པར་འཕྲོ་”(༩) བའི་དོ་ཤེལ་ཆ་གཅིག་ཡོད། ཤཱེར་ཡོ་ཇེའི་སྐུ་བརྙན་དང་། ཇོ་བོ་ཤཱཀྱ་མུ་ནེ་གཉིས་ཀ་”སངས་རྒྱས་ཀྱི་སྐུ་བརྙན་”ཐོག་མ་དེ་ཡིན་ཚུལ་དུ་བསྙེན་བཀུར་མཆོད་བསྟོད་གནང་གིན་ཡོད། དེས་ན། དེ་དག་གི་རྗེས་འཇུག་གདུལ་བྱ་ཚོས་རང་རང་གི་ལུགས་ཀྱིས་སྐུ་བསྙན་སོ་སོར་བསྙེན་བཀུར་མཆོད་བསྟོད་བྱེད་པས་མ་ཚད། སངས་རྒྱས་དངོས་སྐུ་འཚོ་གཞེས་ལ་དཔེ་བླངས་པའི་སྐུ་བརྙན་ཁྱད་དུ་འཕགས་པ་ཞིག་ཏུ་ཡིད་འཇོག་གིས་དད་གུས་ཞུ་གིན་ཡོད། བཀའ་ཆེམས་ཀ་ཁོལ་མའི་འགོ་སྟོད་དུ་སངས་རྒྱས་ཤཱཀྱ་མུ་ནེའི་དབུའི་གཙུག་ཏོར་དང་འབྲེལ་བའི་འགྲེལ་བརྗོད་གད་མོ་སློང་བའི་དུམ་བུ་ཆེས་གསལ་བ་ཞིག་མཇལ་རྒྱུ་འདུག དེ་ནི་ལྷའི་བཟོ་བོ་བི་ཤཱ་ཀརྨས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བཞེངས་རྒྱུའི་དོན་དུ།

སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་ཆ་ཚད་གཞལ་བར་འབད་པའི་སྐོར་གྱི་འགྲེལ་བརྗོད་དེ་རེད། ཁོང་གིས་སངས་རྒྱས་ཀྱི་གཙུག་ཏོར་གྱི་རྩེ་མོར་བསྙབས་མ་ཐུབ། འདིས་སངས་རྒྱས་ལ་སྐུའི་སྣམ་པ་སྣ་ཚོགས་པ་ཞིག་ཡོད་པ་དང་། ཆོས་ལུགས་ལྟ་གྲུབ་ཀྱི་ངོ་བོའི་སྒོ་ནས་སྦས་དོན་གྱི་གནས་དོན་ཞིག་ཡིན་པས། དཔེར་ན། བི་ཤཱ་ཀརྨ་ལྟ་བུའི་ལྷ་དག་གི་ཡང་བློ་ཡུལ་དུ་མི་ཤོང་པ་ཞིག་ཡིན་པར་མཚོན་པ་རེད། གཞི་རྩར། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་རྣམ་པ་དེ་མིའི་གཟུགས་ཚད་ལས་ཕྲན་བུ་བོངས་ཚད་ཆེ་བ་ཞིག་ཡོད་ནའང་། དེ་འདྲ་བའི་ངོ་བོར་གཅིག་ཏུ་ངེས་པར་བལྟས་པ་ནི་ངོས་འཛིན་འཆོལ་བ་ཞིག་ཡིན་པ་ནི། ཐེག་པ་ཆེན་པོའི་ལུགས་ལ། སངས་རྒྱས་ལ་སྐུ་དུ་མ་དུས་ཅིག་ཅར་མངའ་བའི་ཕྱིར་ཏེ། འཛམ་བུ་གླིང་པའི་ལུས་ཅན་སྤྲུལ་སྐུ་དང་། ལྷའི་ལོངས་སྤྱོད་རྗོ༹གས་པའི་སྐུ་དང་། སྨྲ་བསམ་བརྗོད་དུ་མེད་པའི་ཆོས་སྐུ་སྟེ། གང་ཞིག་ནམ་མཁའི་གར་ཁྱབ་ཏུ་གཞི་གྲུབ་པའི་གདོད་མའི་གནས་ལུགས་སུ་(༡༠)འདོད་པ་བཅས་སོ། །

དེས་ན་དགོད་བྲོ་དང་བཅས་ཏེ་ཞུ་རྒྱུར། བཀའ་ཆེམས་ཀ་ཁོལ་མས་སྤྱིར་སངས་རྒྱས་ཀྱི་སྐུའི་རྣམ་པ་དང་། ཡང་སྒོས་ཇོ་བོ་ཤཱཀྱ་མུ་ནེ་ལ་སྐུ་བརྙན་དེར་ཕྱི་ཚུལ་གྱི་རྣམ་པ་བསྟན་ལུགས་ཀྱི་བཤད་པ་རྒྱག་ཚུལ་དེ་རྒྱུན་ལྡན་སྐུ་འདྲ་ཞིག་ལ་གཏན་ནས་མི་སྲིད་པའི་འགྲེལ་བརྗོད་ཞིག་བསྐྱོན་ཡོད། དེ་ཡང་སངས་རྒྱས་པའི་སྐུ་འདྲ་བཟོ་བཀོད་ཀྱི་རྒྱུ་རྩལ་རྣམ་གཞག་ལྟར་ན། ཇོ་བོ་ཤཱཀྱ་མུ་ནེ་དེ་མཆོད་ཡུལ་གྱི་སྐུ་བརྙན་(object)ཞིག་གི་ཆ་ནས་མཐའ་ཅིག་ཏུ། ཡང་ན། འཛམ་བུ་གླིང་པའི་མིའི་ཆ་བྱད་ཅན་གྱི་སངས་རྒྱས་ཀྱི་སྐུ་ཡི་རྣམ་འགྱུར་ཞིག་གམ། དེ་མིན་ན། ལྷ་སྐུ་ལོངས་སྤྱོད་རྗོ༹གས་པའི་སྐུ་ཡི་རྣམ་འགྱུར་གང་རུང་ཞིག་ཏུ་བཞེངས་དགོས་པ་ཡིན། གདམ་ཀ་དེ་གཉིས་ལས་གང་ཡིན་རུང་མི་དང་། ལྷ་དང་། གཡོ་མེད་ཆོས་སྐུ་སྟེ་གསུམ་ཀའི་ངོ་བོར་བློ་ལ་འཆར་ཐུབ་པ་ཡིན། འོན་ཀྱང་། བོད་རིགས་མཁས་པ་ཚོ་ལྟར་ན། ཇོ་བོ་ཤཱཀྱ་མུ་ནེ་ནི། རྒྱལ་རབས་ལོ་རྒྱུས་ཀྱི་ཀྱོག་མཚམས་འགག་རྩ་ཅན་ཞིག་གི་མཇུག་འབྲས་ཡིན་པས། གོང་གི་སྐུའི་རྣམ་པ་དང་པོ་དང་གཉིས་པ་ལས་གང་ཡང་རུང་བ་ཞིག་ཏུ་ངེས་དགོས་པ་ལས་གཉིས་ཀའི་ངོ་བོར་བཞུགས་མི་རུང་བར་འདོད། ད་དུང་ཁོང་ཚོས། རྣམ་པ་དེ་གཉིས་ལས་གང་ཞིག་ཇོ་བོའི་ཐོག་མའི་སྣང་ཚུལ་ཡིན་པ་དེ་ག་ཉིད་ཇོ་བོའི་སྣང་ཚུལ་མ་འཁྲུལ་བ་དེ་ཡིན་དགོས་ཞེས་བརྗོད། རྒྱུ་མཚན་གང་གིས་ཤེ་ན། དེ་ཉིད་སངས་རྒྱས་(བཅོམ་ལྡན་འདས་)ཀྱི་སྐུ་དངོས་ཀྱི་སྣང་ཚུལ་དེ་ཡིན་དགོས་ཞེས་འདོད། ལར་ནས། བོད་འབངས་རྣམས་སྲུང་ཞིང་སྐྱོབ་པ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་དུ་གཏོང་བའི་ཇོ་བོའི་བྱིན་རླབས་ནུས་མཐུ་ནི་དེ་ཉིད་སངས་རྒྱས་དངོས་སྐུ་འཚོ་གཞེས་ལ་དཔེ་བླངས་པའི་གཟུགས་བརྙན་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་དེ་དང་འབྲེལ་བ་ཆེས་ཟབ་མོ་ཡོད་དོ། །

དམིགས་ཁྱད་འདི་ཡིད་ལ་བཅངས་པའི་སྒོ་ནས། གལ་ཏེ་ང་ཚོས་གོང་དུ་དྲངས་པའི་ལུང་སྟེ། “གཙུག་ཏོར་ནོར་བུ་རིན་པོ་ཆེས་བརྒྱན་པ་ཅན་” ཞེས་པའི་ཐོག་མའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བཟོ་བཀོད་ཀྱི་འགྲེལ་བརྗོད་ལ་ཕྱིར་ལྟ་ཞིག་བྱས་ཚེ། དེ་འདྲ་བའི་གཙུག་ཏོར་དེ་ནི་མཇལ་ཡང་མི་ཐུབ་པར་གྱུར་ཟིན་ཡོད། དེ་གང་ཡིན་ཞེ་ན། ཇོ་བོའི་གཙུག་ཏོར་ནི་རྒྱལ་བ་རིགས་ལྔའི་དབུ་རྒྱན་གྱི་རྒྱབ་ཏུ་མི་མངོན་པར་གྱུར་ཟིན། དེ་ཡིན་པ་“དབུ་ལ་རྒྱལ་བ་རིགས་ལྔས་བརྒྱན་པ་” ཞེས་ཇོ་བོ་ཤཱཀྱ་མུ་ནེའི་གཙུག་ཏོར་གྱི་ཆེ་བ་སྟོན་པ་ལས་ཤེས་ཐུབ། (དཔར་དང་པོར་གཟིགས་) དབུ་རྒྱན་ལ་”རྒྱལ་བ་རིགས་ལྔས་དབུ་ལ་བརྒྱན་པ་” ཞེས་བརྗོད་པའི་རྒྱུ་མཚན་ནི། ཇོ་བོའི་དབུ་རྒྱན་ནི་པད་མ་འདབ་མ་ལྔ་དང་ལྡན་ཞིང་། པད་འདབ་རེ་རེར་ཡང་ནོར་བུ་རིན་པོ་ཆེ་ལས་གྲུབ་པའི་རྒྱལ་བ་རིགས་ལྔའི་སྐུ་རེ་ཡིས་བརྒྱན་ནས་ཡོད། “རྒྱལ་བ་” ཞེས་པ་སངས་རྒྱས་ཀྱི་མཚན་གཞན་ཞིག་ཡིན།(༡༡) སངས་རྒྱས་པའི་ལྷ་སྐུའི་བཟོ་བཀོད་ཀྱི་རྣམ་གཞག་ལྟར་ན། གལ་ཏེ། ཇོ་བོ་ཤཱཀྱ་མུ་ནེ་དབུ་རྒྱན་བཞེས་ཀྱིན་པ་ཞིག་ཡིན་ན་ནི། ཇོ་བོ་ལྷའི་རྣམ་ཅན་གྱི་སངས་རྒྱས་ཤིག་ཡིན་དགོས། དབུ་རྒྱན་དང་མི་ལྡན་ན་ཇོ་བོ་འཛམ་བུ་གླིང་པའི་མི་ཡི་རྟེན་ཅན་གྱི་སངས་རྒྱས་ཤིག་ཡིན་དགོས། ཡང་། གལ་ཏེ་ཇོ་བོ་ཤཱཀྱ་མུ་ནེ་སངས་རྒྱས་སྐུ་དངོས་འཚོ་གཞེས་ཀྱི་སྐུ་བརྙན་ཞིག་ཡིན་ན་ནི། ངེས་པར་དུ་འཇིག་རྟེན་འདིར་ཞབས་ཀྱིས་བཅགས་མྱོང་པའི་སངས་རྒྱས་ཀྱི་སྐུ་བརྙན་དེ་ཉིད་ཡིན་དགོས་ལ། དེ་ལྟར་ལགས་ན། བཀའ་ཆེམས་ཀ་ཁོལ་མར་”ཐོག་མའི་”ཇོ་བོ་ཤཱཀྱ་མུ་ནེའི་སྐུའི་སྣང་ཚུལ་(༡༢)གྱི་འགྲེལ་བརྗོད་ལ་དབུ་རྒྱན་བཞེས་པའི་སྐོར་གྱི་ལོ་རྒྱུས་བཅུག་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། །

པར་དང་པོ། ཇོ་བོ་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན།

ཇོ་བོ་ཤཱཀྱ་མུ་ནེའི་”ཐོག་མའི་”བཟོ་བཀོད།

ཇོ་བོ་ཤཱཀྱ་མུ་ནེ་ཡི་བཟོ་བཀོད་ལ་འགྱུར་འགྲོས་ཅན་གྱི་འགྲེལ་བརྗོད་ཅིག་དགོས་ན་ནི་བཀའ་ཆེམས་ཀ་ཁོལ་མ་དེ་གནད་ཆེ་བའི་ཁུངས་བཅོལ་གྱི་རྒྱུ་ཆ་ཞིག་ཡིན། འོན་ཀྱང་དུས་རབས་བཅུ་བཞིའི་སྔོན་གྱི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཡོངས་རྗོ༹གས་ནང་། སྤྱི་ལོ་ ༦༤༡ ལོར་ཇོ་བོ་ལྷ་སར་བྱོན་སྐབས་དབུ་རྒྱན་ནམ་སྙན་རྒྱན་བཞེས་ཡོད་པའི་འགྲེལ་བརྗོད་གཏན་རྙེད་རྒྱུ་མེད། དབུ་རྒྱན་དང་སྙན་རྒྱན་ནི་ཐོག་མར་དུས་རབས་བཅོ་ལྔ་པའི་འགོ་སྟོད་དུ་ཕུལ་བ་ཞིག་ཡིན།

དེ་ལའང་རྙོག་གླེང་ཤུགས་ཆེན་བྱུང་མ་མྱོང་བ་མིན། སུད་སིའི་གྲོང་ཁྱེར་གྷ་རཱ་ཛ་Graz རུ་བོད་རིག་པའི་སྐོར་མཁས་པའི་ཚོགས་འདུ་ཐེངས་བདུན་པ་འཚོགས་པའི་སྐབས། ཚོགས་ཞུགས་པ་ཨེན་མཱེརི་བྷོ་ལེན་རྡི་(Anne-Marie Blondeau)ཡིས། སྤྱི་ལོ་ ༡༤༠༩ ལོར་བོད་ཟླ་དང་པོའི་ནང་། སྨོན་ལམ་ཆེན་མོ་ཐེངས་དང་པོ་འཚོགས་སྐབས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་ཇོ་བོ་ལ་དབུ་རྒྱན་བསྒྲོན་པའི་སྙན་གྲགས་ཅན་གྱི་མཛད་པར་དགག་སྒྲུབ་ཀྱི་རྩོད་པ་བྱུང་བའི་སྐོར་(༡༣)ལས་འཕྲོས་པའི་དཔྱད་གཏམ་ཞིག་སྤེལ་ཡོད།

ཁོ་མོས་རྗེ་ཙོང་ཁ་པར་དག་སེལ་བྱེད་པའི་ཁུངས་བཅོལ་གྱི་དཔེ་དེབ་བཞི་ལུང་འདྲེན་གནང་ལ། བཞི་ཀས་ཇོ་བོར་དབུ་རྒྱན་བསྒྲོན་པའི་སྐོར་ལ་བཀའ་ཆེམས་ཀ་ཁོལ་མར་ཁུངས་འབྲེལ་གནང་འདུག་ཅེས་དང་། དེ་བཞིའི་ནང་ནས་གཉིས་ཀྱིས། རྗེ་ཙོང་ཁ་པས་ཇོ་བོ་ལ་དབུ་རྒྱན་བསྒྲོན་པའི་མཇ༹ད་པ་ནི་ཁོང་དང་ཁོང་གི་དགེ་ལྡན་རིང་ལུགས་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པའི་རྒྱུར་འགྱུར་བར་བཀའ་ཆེམས་ཀ་ཁོལ་མར་ལུང་བསྟན་གནང་བའི་སྐོར་(༡༤)འཁོད་འདུག་ཅེས་དང་། ཡང་། དེབ་ཐེར་གཞན་གཉིས་(༡༥)ཀྱི་ནང་། བཀའ་ཆེམས་ཀ་ཁོལ་མར་ཇོ་བོ་ཤཱཀྱ་མུ་ནེ་དག་ཞིང་ཨོ་རྒྱན་གྱི་ཡུལ་(དེང་སྐབས་པྰ་ཀི་སི་ཐན་ཀྱི་སྭ་ཝེཐ་ཡུལ་ལུང་)དུ་བཞུགས་སྐབས་དབུ་རྒྱན་བཞེས་ཡོད་ནའང་། རྒྱ་གར་དུ་ཕྱིར་བྱོན་སྐབས་བཞེས་མེད་ཚུལ་གསལ་ཡོད་ཅེས་བཀོད་འདུག་གསུངས། དེ་ལྟར་ནའང་ཁོ་མོ་རང་ཉིད་ལ་ལག་སོན་བྱུང་བའི་(ལ་དྭགས་)སྟོག་ཕོ་བྲང་དུ་བཞུགས་པའི་བཀའ་ཆེམས་ཀ་ཁོལ་མའི་དཔར་མ་དང་། རྒྱལ་རབས་ལོ་རྒྱུས་ཀྱི་དཔེ་དེབ་གཞན་ཞིག་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ནང་དྲངས་པའི་བཀའ་ཆེམས་ཀ་ཁོལ་མའི་ལུང་ཚིག་དུམ་ཚན་དེ་དག་གི་ཁྲོད་དུ་གོང་གསལ་གྱི་གནས་དོན་དེ་འདྲ་རྙེད་རྒྱུ་མི་འདུག་ཅེས་བྷོ་ལེན་རྡིས(Blondeau)བཤད་འདུག།།(༡༦)

གོང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུའི་རྣམ་པ་སྣང་ཚུལ་གྱི་འགྲེལ་བརྗོད་ཁྲོད། “དབུ་ལ་རྒྱལ་བ་རིགས་ལྔས་བརྒྱན་པ།” ཞེས་པའི་ལུང་འདི་ནི་ཇོ་བོ་ཤཱཀྱ་མུ་ནེ་ཡིས་དབུ་རྒྱན་བཞེས་པའི་སྐོར་གྱི་བཀའ་ཆེམས་ཀ་ཁོལ་མ་དཔར་མ་ཀ་པའི་སྟོད་ཆར་གསལ་བའི་ལུང་ཚིག་གཅིག་ཙམ་ཡིན་གྱི། དེ་ལས་གཞན་དེབ་ཐེར་དེའི་ཆ་སྨད་དུ་དེ་འབྲེལ་གྱི་གནས་དོན་འདི་ལྟར་གསལ་འདུག

“དེ་ནས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚབ་དེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གདན་ཁྲི་རྒྱབ་ཡོལ་དང་། དབུ་རྒྱན་བླ་བྲེ་དང་བཅས་པ་དེ་དགའ་ལྡན་དུ་གདན་དྲངས་སོ། །དགའ་ལྡན་ལྷ་ཡུལ་དུ་མི་ལོ་ལྔ་བརྒྱར་འགྲོ་དོན་མཛད་དོ། དེ་ནས་ཨུ་རྒྱན་གྱི་མཁའ་འགྲོ་མ་རྣམས་ཀྱིས་ཨུ་རྒྱན་ཡུལ་དུ་གདན་དྲངས་ནས། བླ་བྲེ་ལྷའི་ཡུལ་དུ་བཞག་གོ །མི་ལོ་ལྔ་བརྒྱར་ཨུ་རྒྱན་དུ་འགྲོ་དོན་མཛད་དོ། དེ་ནས་རྒྱ་གར་ཡུལ་དུ་བྱོན་པར་དགོངས་ནས་དབུ་རྒྱན་དེ་དབུ་རྒྱན་ཡུལ་དུ་བཞུགས་སོ། །དེ་ནས་རྒྱ་གར་གྱི་གྲུབ་ཐོབ་པཎྜི་ཏ་རྣམས་ཀྱིས་ཁྲི་རྒྱབ་ཡོལ་དང་བཅས་པ་རྒྱ་གར་དུ་གདན་དྲངས་ནས། དཔལ་ན་ལེནྡྲ་དང་བྷི་ཀརྨ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་སོ། །རྒྱ་གར་དུ་མི་ལོ་ལྔ་བརྒྱ་འགྲོ་དོན་མཛད་དོ། །”(༡༧)

འགྲེལ་བརྗོད་ཀྱི་མཚམས་འདིར་བརྗོད་པར་བྱ་བ་ནི། ཇོ་བོ་ཉིད་ཨོཌྜི་ཡ་ཎ་ནས་རྒྱ་གར་དུ་དཔལ་ན་ལེཎྡྲ་དང་། བྷི་ཀརྨ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བའི་སླད་དུ་བྱོན་པ་ན། ཇོ་བོའི་དབུ་རྒྱན་ཨོ་རྒྱན་གྱི་ཡུལ་དུ་ལུས་པ་དང་། དེ་མིན་སྐུའི་སྣང་ཚུལ་གཞན་རང་སོར་གནས་ཡོད། འདི་ཉིད་བརྗོད་ཚུལ་གཞན་དུ་གསལ་བར་བཤད་ན་འདི་ལྟར་ཏེ། བཀའ་ཆེམས་ཀ་ཁོལ་མ་དཔར་མ་ཀ་པར་བལྟ་ཀློག་གནང་མཁན་དག་གིས་ཡིད་ལ་ངེས་དགོས་པ་ནི། ཇོ་བོ་ཤཱཀྱ་མུ་ནེ་ཡིས་དང་ཐོག་དབུ་རྒྱན་བཞེས་ཡོད་པ་དང་། ཕྱིས་སུ་ལྷའི་ཞིང་ཁམས་མང་པོར་བཞུགས་གནས་སྤོས་ཏེ་བྱོན་སྐབས་ཇོ་བོའི་དབུ་རྒྱན་བོར་བརླག་ཏུ་གྱུར་པ་རེད།

དེས་ན་རྗེ་ཙོང་ཁ་པར་དག་འབུད་བྱེད་མཁན་དག་ལ་ལུང་ཚད་མའི་རྒྱབ་རྟེན་ཞིག་རེག་ཡོད་པ་ནི།  གོང་གི་དེབ་ཐེར་དེ་བོད་འབངས་མི་རིགས་ཀྱི་དཔའ་བོ། བོད་ཀྱི་ཆོས་རྒྱལ་དང་པོ་རྒྱལ་པོ་སྲོང་བཙན་སྒམ་པོས་བརྩམས་པར་གྲགས་ཤིང་། ཚོད་དཔག་བྱེད་པ་ཞིག་ལ་ཇོ་བོ་ཤཱཀྱ་མུ་ནེ་ལྷ་སར་གདན་ཞུ་མཛད་སྐབས་རྒྱལ་པོ་ཉིད་(ལྷ་སར་)བཞུགས་ཡོད་པ་རེད། དེ་ལྟར་བས་ན། རྗེ་ཙོང་ཁ་པས་ཐོག་མའི་ཇོ་བོ་ཤཱཀྱ་མུ་ནེ་ཡི་སྣང་ཚུལ་གང་ཡིན་པ་དེ་ཉིད་སྔར་སོར་ཆུད་པར་གནང་བ་ཙམ་ལས། སྒྱུར་བཅོས་གང་ཡང་བཏང་མེད་ལ། ལྟ་ཚུལ་འདི་ནི་དེབ་ཐེར་འདི་གཅིག་གི་ནང་ཇི་ལྟར་གསལ་བའི་འགྲེལ་བརྗོད་དང་རྩེ་མཐུན་དུ་གྱུར་པ་རེད། དེས་ན་སྒྲུབ་བྱེད་འདིའི་དབང་དུ་ནི་རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་གསར་དུ་བསྒྲོན་པ་མ་ཡིན་པར་བསྐྱར་དུ་བསྒྲོན་པར་གྱུར་ཏོ། །

བཀའ་ཆེམས་ཀ་ཁོལ་མའི་ནང་གསལ་བའི་(གོང་གི་ལུང་ཚིག་དུམ་བུ་དེ་)དེར་རྙེད་ལུགས་ཐད་ཚོད་བཞག་བྱེད་སྲིད་པ་གཅིག་ནི་འདི་ལྟར། རྗེ་ཙོང་ཁ་པའམ། ཡང་ན་ཁོང་དང་འབྱུང་ཉེ་བའི་ཁོང་གི་རྗེས་འཇུག་ཚོས་རྗེའི་མཛད་པ་ལ་དག་པ་འདྲེན་པའི་སླད་དུ་ལུང་ཚིག་དེ་བཀའ་ཆེམས་ཀ་ཁོལ་མའི་ནང་བཙུད་པ་རེད་ཅེས་འདོད་སྲིད། འོན་ཀྱང་དེ་ནི་འགྲིགས་དཀའ་སྟེ། བཀའ་ཆེམས་ཀ་ཁོལ་མའི་དཔར་མ་ཀ་པ་ནི། དུས་རབས་བཅུ་གསུམ་པའི་ནང་གི་དེབ་ཐེར་ཞིག་ཡིན་ཚོད་ལས་དུས་རབས་བཅོ་ལྔ་པའི་ནང་བརྩམས་པ་ཞིག་མིན་པར་སྣང་ཞིང་། དེ་ལྟར་ན་ནི། རྗེ་ཙོང་ཁ་པས་(ཇོ་བོ་ལ་དབུ་རྒྱན་བསྒྲོན་རྒྱུའི་)ཐུགས་ཐག་མ་བཅད་གོང་དུ་བྱུང་བ་ཞིག་ཡིན་དགོས།

ལོ་རྒྱུས་དེབ་ཐེར་ཁག་ལས་ཁུངས་སྐྱེལ་ཐུབ་མིན་གང་ཞིག་ཡིན་དུ་ཆུག་ཀྱང་། རྗེ་ཙོང་ཁ་པའི་མཇ༹ད་པ་དེའི་གལ་གནད་ལ་ནི་གང་ལྟར་ཡང་སྣང་ཆུང་བྱེད་མི་རིགས།(༡༨) དེ་ལྟར་ནའང་བོད་རིགས་གཞན་འགའ་ཞིག་ལ་རྗེ་རིན་པོ་ཆེས་མཇ༹ད་པ་འདི་ལྟར་བསྐྱངས་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་སྙམ་དུ་བསམ་བློའི་འཐབ་འཇི༹ང་ཞིག་གི་ནང་བསྐྱལ་ཡོད། དཔེར་ན། རྗེ་ཙོང་ཁ་པའི་རྣམ་ཐར་རྩོམ་པ་པོ་བློ་བཟང་ཚུལ་ཁྲིམས་ཞུ་བ་ཞིག་གིས་རྗེ་ཙོང་ཁ་པས། “རྒྱ་གར་བ་ཚོའི་དད་མོས་བསྐུལ་བའི་ཆེད་དུ་”(༡༩) ཇོ་བོ་ལ་དབུ་རྒྱན་གསོལ་བ་རེད་ཅེས་འགྲེལ་བརྗོད་གནང་བ་ལྟ་བུ་ཡིན། འདིས་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་པའི་མཚམས་སུ་(རྒྱ་གར་)པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་སུ་སྐུ་རྟེན་བཞེངས་སྲོལ་གྱི་སྒྱུ་རྩལ་ལ་དྲན་གསོ་ཞིག་གཏོང་བ་ཡིན་ཏེ། དེ་དུས་རྒྱ་གར་བྱང་ཤར་ཕྱོགས་སུ་སངས་རྒྱས་ཀྱི་སྐུ་བརྙན་རྒྱུ་ཆ་རྡོ་ལས་བཞེངས་པ་དག་ལ་དབུ་རྒྱན་ཕུལ་བ་ནི་སངས་རྒྱས་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡིན་པར་མཚོན་པའི་སླད་དུ་ཡིན། །

རྗེ་ཙོང་ཁ་པར་དག་འབུད་བྱེད་མཁན་དག་ནི་ཁོང་གིས་གསར་གཏོད་གནང་བའི་ཆོས་ལུགས་དགེ་ལུགས་པའི་ཆོས་བྱེད་པ་དེ་འདྲ་ཡིན། རྗེ་ཙོང་ཁ་པར་འཕྱ་ཁ་འདོགས་མཁན་ཚོ་ལ་ལྟོས་ཏེ་དག་འབུད་བྱེད་མཁན་ཚོར་ལངས་ཕྱོགས་གཅིག་གྱུར་གྱི་རྣམ་པ་ཤུགས་ཆེ་བ་ཡོད། གང་ཡིན་ཞེ་ན། རྗེར་དག་འབུད་བྱེད་མཁན་རྣམས་ཁོང་གི་སློབ་མའམ་ཡང་ན་རྗེས་འཇུག་བརྒྱུད་འཇི༹ན་པ་དེ་འདྲ་ཡིན། གཞན་རྣམས་ནི། ཆོས་བརྒྱུད་དང་གྲུབ་མཐའ་འདྲ་མིན་ནས་ཡིན་པ་རེད། ཁོང་ལ་འཕྱ་ཁ་འདོགས་མཁན་ཕལ་ཆེ་བ་ནི་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡིན། འོན་ཀྱང་། རྗེ་ཙོང་ཁ་པས་ཇོ་བོར་དབུ་རྒྱན་འབུལ་བའི་དགོངས་བཞེད་ལ་འགག་པ་སྐྱོན་མཁན་ནང་ས་སྐྱ་པ་འགའ་རེའི་མིང་ཡང་ང་ཚོས་ཤེས་ཀྱི་ཡོད། རྙིང་མ་པ་ཚོས་རང་གི་ཆོས་བརྒྱུད་དེ། བོད་བཙན་པོའི་རྒྱལ་རབས་ཀྱི་དུས་ནས་དར་བའི་སངས་རྒྱས་པའི་ཆོས་ལུགས་རྙིང་ཤོས་དེ་ཡིན་པ་དང་། ཐོག་མར་རྒྱ་གར་དང་རྒྱ་ནག་མི་རིགས་ཀྱིས་བོད་ཀྱི་ས་ཐོག་ཏུ་སྲོལ་བཙུགས་ཏེ་དར་བའི་སངས་རྒྱས་ཀྱི་ཆོས་ལུགས་ཤིག་ཡིན་པར་ངོས་འཇི༹ན་བྱེད། དེ་འདྲར་སོང་། ཕྱོགས་གཅིག་ནས་ཆོས་བརྒྱུད་གསར་ཤོས་ཡིན་པའི་དགེ་ལུགས་པ་དང་གསར་རྙིང་གི་ཐད་ནས་འགལ་ཟླར་གྱུར་ཡོད།

ཆོས་ལུགས་དེ་གཉིས་ལས་གཅིག་ནི་རྙིང་ཤོས་དང་གཅིག་ནི་གསར་ཤོས་ཤིག་ཡིན་པར་བརྟེན། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ཡི་བཟོ་བཀོད་སྐོར་གྱི་རྩོད་གླེང་དེ། བོད་བཙན་པོའི་རྒྱལ་རབས་དང་། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་སོ་སོ་དང་འབྲེལ་བ་གྲུབ་ལུགས་ཀྱི་ཆ་ནས་ཆོས་ལུགས་གཉིས་པོ་ལས་གང་ཞིག་ཁུངས་བཙན་མིན་དང་། ལུགས་མཐུན་ཡིན་མིན་སྐོར་གྱི་ཆ་མཐོང་རྩོད་སའི་གཞིར་གྱུར་ཡོད། དུས་རབས་བཅུ་གསུམ་གྱི་འགོ་སྟོད་དམ། ཡང་ན་དེ་ལས་ཀྱང་སྔ་བ་ཞིག་ཡིན་ནའང་ཆོག་པའི་མཚམས་སུ་བོད་ཀྱི་ལོ་རྒྱུས་གཞུང་ལུགས་སྨྲ་བ་ཚོས། བོད་ཀྱི་བཙན་པོ་རྣམས་ནི་ཐབས་དང་ཤེས་རབ་ཀྱི་བྱེད་པ་ཟབ་མོས་ཆོས་སྲིད་ཟུང་དུ་སྦྲེལ་བའི་སྒོ་ནས་བོད་འབངས་རྣམས་རྒྱ་གར་ནས་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་ཏུ་བསྒྱུར་བའི་དགོས་དམིགས་ཐུགས་སུ་བཅངས་ཤིང་། སངས་རྒྱས་སུ་འགྱུར་ངེས་པའི་བྱང་ཆུབ་སེམས་དཔའ་ཞེ་ཅིག་ཡིན་པའི་ངོས་འཇི༹ན་བྱེད་འགོ་འཛུགས་ཟིན་ཡོད།

ཇོ་བོ་ཤཱཀྱ་མུ་ནེ་ནི་དེ་འདྲ་བའི་བཙན་པོའི་དུས་སྐབས་ཀྱི་མཚོན་རྟགས་གལ་ཆེ་ཤོས་ཤིག་ཡིན་པར་བརྟེན། ཇེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་གསར་དུ་བསྒྲོན་པ་དང་། གཙུག་ལག་ཁང་ཞིག་གསོས་གནང་བའི་སྒོ་ནས་དེ་འདྲ་བའི་བོད་བཙན་པོའི་དུས་ཀྱི་རྒྱལ་རབས་ཀྱི་མཚོན་རྟགས་དེ་ལ་བདག་བཟུང་གནང་བ་ཡིན། དེ་ལྟར་གནང་བ་ནི་རྗེ་ཙོང་ཁ་པས་བོད་ཆོས་ལྡན་གྱི་ཞིང་ཁམས་བསྲུང་བ་དང་སྐྱོབ་པའི་ཐུགས་བསྐྱེད་དང་། འདུན་པ་ཡོད་པར་མཚོན་ཆེད་དུ་མཛད་པ་ལོས་ཡིན་ཆོག  དེ་ལ་རྗེས་འཇུག་དགེ་ལུགས་པ་ཚོས་ནི་རྗེ་ཙོང་པར་དག་འབུད་ཀྱི་ཚུལ་དུ་བཀའ་ཆེམས་ཀ་ཁོལ་མ་ལུང་འདྲེན་བྱེད་ཀྱི་ཡོད།

རྒྱུ་མཚན་གང་ཡིན་ཞེ་ན། དེབ་ཐེར་འདི་དུས་རབས་བདུན་པའི་ནང་བོད་ཀྱི་ཆོས་རྒྱལ་དང་པོ་སྲོང་བཙན་སྒམ་པོས་བརྩམས་པའི་གྲགས་ཐོབ་དང་གདེང་འཇོག་གི་རིན་ཐང་ཡོད་པས་ཡིན་ཞིང་། དེའི་ནང་། རྗེ་ཙོང་ཁ་པས་བསོད་ནམས་རླབས་པོ་ཆེ་གསོག་པའི་མཇ༹ད་པ་དེ་མཛད་རྒྱུར་ལུང་བསྟན་ཡོད། དཔེར་ན། བྷོ་ལིན་རྡེའུ་ཡིས་(Blondeau)སྔར་དྲངས་པའི་ཡིག་ཚགས་རྒྱུ་ཆའི་སྒང་ལ་འདི་ལྟར་བཤད་ཡོད། ངེད་ལ་རྗེ་ཙོང་ཁ་པར་རྒྱབ་རྟེན་བྱེད་པའི་ཕྱག་དཔེ་ཞིག་ལག་སོན་བྱུང་ལ། དེའི་ནང་དགེ་ལུགས་པའི་ཕྱོགས་གཏོགས་རྣམས་ཀྱིས་ཚད་མར་བཟུང་བའི་མ་འོངས་ལུང་བསྟན་གྱི་ལུང་ཁུངས་དུ་མ་དྲངས་འདུག དེ་ནི། འཇམ་དབྱངས་བཞེད་པའི་རྡོ་རྗེས་(༡༦༤༨-༡༧༢༡)མཇ༹ད་པའི་། ”ཞལ་ཐང་གི་གཟུགས་སུ་འགོད་འོས་པའི་རྗེའི་སྐུ་ཚེའི་མཇ༹ད་པ་བརྒྱ་དང་ལྔ་བཅུ་ང་གསུམ་།” ཞེས་པ་དེ་ཡིན་ལ། དེར་ཁོང་གིས་བཀའ་ཆེམས་ཀ་ཁོལ་མར་ཡང་འབྲེལ་གཏུགས་གནང་ཡོད་དེ་འདི་ལྟར།

དེ་ཡང་བཀའ་ཆེམས་ཀ་ཁོལ་མའི་ནང་དོན་དང་མཐུན་པར། “(རྗེ་ཙོང་ཁ་པ་)ཁོང་གིས་(ཇོ་བོ་)ཁོང་ལ་དད་མོས་ཤུགས་དྲག་ཞུས།”ལ། ལྷ་སའི་སྨོན་ལམ་ཆེན་མོའི་འགོ་སྟོད་དུ་རྗེས་(གཙུག་ལག་ཁང་ལ་)ཞིག་གསོས་དང་། སྡེབ་རིས་ལ་ཉམས་གསོ་ཞུས་ཡོད། འབུར་བརྐོས་བརྒྱབ་པའི་སྐུ་བརྙན་ཡོངས་སུ་རྫོགས་པར་ཞལ་གསེར་ལྗགས་རྡུང་མ་བསྒྲོན་ཞིང་ཞལ་ཚོན་ཕུལ་བ། ན་བཟའ་འཚེམ་པ་དང་། བ་གདན་གྱི་མཆོད་པ་ཕུལ། དེ་ནས། ཇི་ལྟར་མདོ་སྡེ་གདམས་ངག་འབོགས་པའི་བསྟན་པ་(༢༠)དང་ས་སྙིང་འབྱེད་པའི་ལེའུ་ཟུར་དུ་བསྒྱུར་བ་ལས་ལུང་བསྟན་པ་ལྟར། “བློ་བཟང་མཚན་ཅན་གྱི་སྐྱེས་བུ་ཞིག་བྱོན་ལ། འཁོར་རྣམ་པ་བཞི་གཅིག་ཏུ་འདུ་བར་མཇ༹ད་དེ། ཆོས་སྤྱོད་བཅུ་ཡི་བྱ་བར་ཞུགས་པར་བྱས་སོ། །’’ ཞེས་དང་།

“དེ་ནས་བྱི་ལོའི་ཟླ་བ་བཅུ་གཉིས་པའི་ཕྱེད་ཕྱི་མ་ལ་ཁོང་ལྷ་སར་བྱོན་ཏེ། གནམ་གང་ཉིན་མོར། དེར་ཡོད་སྐྱེས་བུ་ཡོངས་ལ་ཐུགས་སྣང་བྱུང་བ་ནི། དགེ་འདུན་ཚོགས་བཅར་བ་གཅིག་ཀྱང་མ་ལུས་པ་ཡོངས་སུ་རྗོ༹གས་པར་ཉིན་བཞི་ལ་ལྡེང་བའི་གསོལ་མར་གྱིས་བསྙེན་བཀུར་མཇ༹ད་དོ། མང་ཇའི་དོད་དུ་ཞོའི་ཕོར་པ་དྲུག་ཅུ་ཙམ་གྱི་ཚད་དུ་ཇ་ཕུལ་ལོ། ཇི་ལྟར་རྭ་ཅོ་ལྡན་པའི་སྒོ་ཕྱུགས་ཀྱི་ཁྱུ་ཚོགས་འཛོམས་པ་དང་འདྲ་བར་དགེ་འདུན་པ་ཁྲི་ཚོ་འདུས་སོ། ཚེས་གཅིག་ནས་བཅོ་ལྔའི་བར་དུ་རྗེ་ཙོང་ཁ་པས། ཇོ་བོ་ཤཱཀྱ་མུ་ནེ་ལ་རིན་ཆེན་གསེར་ལས་བརྡུངས་པའི་དབུ་རྒྱན་རྒྱལ་བ་རིགས་ལྔས་བརྒྱན་པ་ཞིག་ཕུལ་ལོ། དེ་ནི་རྒྱན་གྱི་ནང་ནས་ཕུལ་དུ་བྱུང་བའི་རིན་པོ་ཆེ་སྣ་ཚོགས་པ་ལས་བྱས་པའོ།

སྐུ་གཞན་གཉིས་ཏེ། ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་(༢༡)རྣམ་པ་གཉིས་ལ་རིན་ཆེན་དམ་པ་དངུལ་ལས་བྱས་པའི་དབུ་རྒྱན་ཕུལ་ལོ། མཇ༹ད་པ་དེ་དག་ནི་ཇི་ལྟར་ལུང་དུ་མ་ལས། སངས་རྒྱས་ཀྱི་བསྟན་པ་འཕེལ་བ་དང་། འགྲོ་བ་སེམས་ཅན་ལ་ཕན་པ་དང་། བདེ་སྐྱིད་འབྱུང་བའི་སླད་དུ་དང་། གཞན་ཡང་། མ་འོངས་པར་སེམས་ཅན་ཐམས་ཅད་བླ་ན་མེད་པར་རྗོ༹གས་པའི་བྱང་ཆུབ་ཏུ་འགོད་པའི་ཆེད་དུ་མཛད་པ་མཛད་པར་གསུངས་པ་དེ་ཇི་ལྟ་བ་བཞིན་དུ་མཇ༹ད་པ་ཡིན་ནོ། ཇི་སྐད་དུ་འཇམ་དཔལ་རྩ་རྒྱུད་ལས། “ཐམས་ཅད་བྱང་ཆུབ་ལུང་སྟོན་ནོ། །ཐམས་ཅད་བྱང་ཆུབ་མཆོག་རྙེད་འགྱུར།” ཞེས་དང་།

གཞན་ཡང་། རྒྱལ་པོ་ལ་གདམས་པའི་མདོ་ལས། “ཤིང་ཀ་བ་བུམ་པ་ཅན་གྱི་དགོན་པ་ན། བདག་གི་སྐུ་རྣམ་པ་གཉིས་ལ་དབུ་རྒྱན་འབུལ་བ་དང་། གཞན་ཡང་མཆོད་པ་གཞན་སྣ་ཚོགས་འབུལ་ལོ།།” ཞེས་བཀའ་སྩལ་ལ། དེ་བཞིན་དུ། སྟོན་པའི་མདོ་ལས་ཀྱང་། “བདག་ལ་གསོལ་བ་བཏབ་པ་དེ་ཡིས་མཐུས། ལོ་ནི་སྟོང་གི་བར་དུ་བསྟན་གནས་འགྱུར།” ཞེས་གསུངས་སོ། །

དེ་ནས་ཇོ་བོའི་སྐུ་མདུན་དུ། དངུལ་ལས་བྱས་པའི་མཎྜལ་ཆེ་བ་གཅིག་ཕུལ་ལོ། །ཉིན་བསྟུད་མར་ཡང་། ཇོ་བོ་རྣམ་པ་གསུམ་གྱི་ཞལ་སྐྱིན་ལ་གསེར་ཕུལ་ལོ། །ཟླ་བ་དེའི་ཚེས་བརྒྱད་དང་། ཚེས་བཅོ་ལྔ་ལ་ནི། གཙུག་ལག་ཁང་དུ་བཞུགས་པའི་སྐུ་བརྙན་ཐམས་ཅད་ལ་ཞལ་གསེར་ཕུལ་ལོ། །ཇོ་བོ་རྣམ་པ་གཉིས་དང་། ཇོ་བོ་རྣམ་སྣང་གངས་མཚོ་དང་། འབུར་བརྐོས་ཅན་གྱི་ལོངས་སྐུའི་རྣམ་པ་དང་། གཞན་ཡང་། བྱང་ཆུབ་སེམས་དཔའ་དང་། ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ལ་ན་བཟའ་ཕུལ་ལོ། །” ཞེས་གསལ་ཡོད། །(༢༢)

འཇམ་དབྱངས་བཞད་པའི་རྡོ་རྗེས། བཀའ་ཆེམས་ཀ་ཁོལ་མའི་སྒང་ལ། འཇམ་དཔལ་རྩ་རྒྱུད་དང་། རྒྱལ་པོ་ལ་གདམས་པའི་མདོ་བཅས་ལས་ལུང་འདྲེན་བྱེད་ལ། གཞུང་འདི་གཉིས་ནི། རྗེའི་རིང་ལུགས་དར་ཞིང་རྒྱས་པ་དང་། རྗེ་ཙོང་ཁ་པའི་མཇ༹ད་པ་ལ་མངོན་བསྟོད་ཀྱིས་དག་པ་འདྲེན་ཆེད་དུ་དགེ་ལུགས་པའི་ཕྱོགས་འཇི༹ན་པ་དག་གིས་ལུང་འདྲེན་ཡང་ཡང་བྱེད་པ་ཡིན། དེ་ལྟ་བུའི་ལུང་བསྟན་གྱི་ཁུངས་གསུམ་དམིགས་འཛུགས་ཀྱིས་དྲངས་པའི་སྒོ་ནས། འཇམ་དབྱངས་བཞད་པའི་རྡོ་རྗེས། དུས་རབས་བཅོ་ལྔ་ནས་རྗེ་ཙོང་ཁ་པའི་སྲས་ཀྱི་མཐུ་བོའི་ཁྲོད་དུ་འགོ་འཛུགས་ཟིན་པ་སྟེ། ཇོ་བོ་ལ་དབུ་རྒྱན་གསར་དུ་བསྒྲོན་པའམ་བསྐྱར་དུ་བསྒྲོན་པ་གང་ཞིག་ཡིན་མིན་སྐོར་གྱི་རྩོད་གླེང་དེ་དགེ་ལུགས་པའི་ཆེ་བ་དང་ལར་ཞེན་སྤེལ་བའི་ཕྱོགས་སུ་དམིགས་བཀར་འགྲེལ་བརྗོད་བྱེད་སྲོལ་དེ་མུ་མཐུད་རྒྱུན་འཛིན་གནང་ཡོད། འདི་འདྲ་བའི་ལོ་རྒྱུས་ཡོད་བཞིན་དུ་དེར་རྩིས་མེད་བཏང་བའི་སྒོ་ནས། མཁས་དབང་སློབ་དཔོོན་རཱོ་བྷརྜ་ཐུར་མཱན་(Robert Thurman)གྱིས། སྨོན་ལམ་ཆེན་མོ་ནི། བོད་འབངས་སྐྱེ་འགྲོ་ཐམས་ཅད་ཀྱི་ཕན་བདེའི་སླད་དུ། རྗེ་ཙོང་ཁ་པའི་རིས་མེད་ཀྱི་མཇ༹ད་པ་རླབས་ཆེན་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད།(༢༣) འོན་ཀྱང་། དོན་དངོས་སུ་ནི་མཁས་དབང་ཐུར་མཱན་གྱི་ལངས་ཕྱོགས་འདིའི་ཟློག་ཟླར་རྒྱབ་གཉེར་བྱེད་པའི་དཔེ་མཚོན་ཆེས་མང་ལ། དུས་ཕྱིས་རྗེ་ཙོང་ཁ་པའི་སྲས་ཀྱི་ཐུ་བོ་དང་། རྗེའི་རིང་ལུགས་འཇི༹ན་པའི་སྐྱེས་ཆེན་མང་པོས་ཀྱང་རྗེ་ཙོང་ཁ་པས་སྨོན་ལམ་ཆེན་མོའི་ཕྱག་སྲོལ་གསར་གཏོད་གནང་བ་ནི། དགེ་ལུགས་པའི་ཆོས་བརྒྱུད་ཀྱི་མངའ་ཐང་གུང་ལ་འདེགས་པའི་བདེན་དཔང་མཚོན་སྟོན་བྱེད་པར་མཁྱེན་རྟོགས་བྱུང་ཡོད། །

རྗེ་ཙོང་ཁ་པར་དགག་པ་བསྐྱོན་མཁན་རྣམས་མངོན་གསལ་དོད་པོས་ཕྱིར་ཐོན་མེད་པས། ཁོང་རྣམས་སུ་ཡིན་གྱི་ངོས་འཛིན་ནི་རྗེ་ཙོང་ཁ་པར་དག་འབུད་བྱེད་མཁན་ཚོའི་བརྩམས་ཆོས་ཁོ་ན་ལས་ང་ཚོས་ཤེས་ཀྱི་ཡོད། བྷོ་ལེན་རྡིའུ་Blondeau ལྟར་ན། རྗེ་ཙོང་ཁ་པར་དག་འབུད་བྱེད་མཁན་རྣམས་ཀྱིས། པདྨ་གླིང་པ་(༡༤༥༠-༡༥༢༡)དང་། ཤཱཀྱ་མཆོག་ལྡན་(༡༤༢༨-༡༥༠༧)གཉིས་ཀྱིས་རྗེ་ཙོང་ཁ་པར་ཆེད་དུ་བསྙོན་དོར་བའི་ལུང་བསྟན་རྫུན་འབྲི་བྱས་ཏེ་གསར་ཏུ་རྙེད་ཁུལ་བྱས་པའི་གཏེར་ཆོས་དག་ཏུ་བཙུད་པ་དང་། གཏེར་ནས་བཞེས་པའི་འཁྲབ་སྟོན་གནང་བའི་སྐྱོན་འཛུགས་གནང་ཡོད་ཟེར།(༢༤) འོན་ཀྱང་། སྤྱིར་ན་དགག་པ་དེ་རིགས་ཕལ་ཆེར་སྤྱི་ལོ་ ༡༤༠༩ རྗེས་དེ་མ་ཐག་ཏུ་འགོ་འཛུགས་ཡོད་སྲིད། གང་ལགས་ཤེ་ན། པདྨ་གླིང་པ་དང་། ཤཱཀྱ་མཆོག་ལྡན་གང་རུང་གིས་རྩོད་སློང་གནང་རྩིས་ཀྱི་དགོངས་པ་མ་བཞེས་སྔོན་དུ། རྗེ་ཙོང་ཁ་པའི་སྲས་ཀྱི་མཐུ་བོའི་གྲས་ཀྱི་མཁས་གྲུབ་རྗེ་(༡༣༨༥-༡༤༣༨)ཡིས་རྗེ་ཙོང་ཁ་པར་དག་པ་སྦྱིན་པའི་བྱ་གཞག་སྤེལ་ཟིན་འདུག

སྐབས་དེར་དགག་བྱའི་སྐྱོན་བརྗོད་ནི་གུ་རུ་པདྨ་སམ་བྷ་བའི་ལུང་བསྟན་(པདྨ་བཀའ་ཐང་)ལས་ཕྱུང་བའི་ལུང་གི་དུམ་བུ་གཞན་ཁག་ཅིག་སྐོར་ཡིན་འདུག གུ་རུ་པདྨའི་(སམ་བྷ་བ)པདྨ་མ་བཀའ་ཐང་ནི། བཀའ་ཆེམས་ཀ་ཁོལ་མ་དང་འདྲ་བར་གཏེར་ནས་བཞེས་པའི་གཏེར་ཆོས་ཤིག་རེད། དེའང་དུས་རབས་བཅུ་བཞི་པའི་དཀྱིལ་མཚམས་སུ། ཨོ་རྒྱན་གླིང་པས་(འཁྲུངས་ལོ་༡༣༢༣)གཏེར་ནས་བཞེས་ཏེ་ཁྱབ་སྤེལ་གནང་ཞིང་། དེ་ཉིད་གུ་རུ་པདྨ་སམ་བྷ་བ་ཡི་བོད་རིགས་གསང་ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གསུང་ཡིན་པར་བཤད།

པདྨ་བཀའ་ཐང་ནི། དུས་རབས་བརྒྱད་པའི་ནང་གི་རྒྱ་གར་གྱི་གྲུབ་ཐོབ་སྙན་གྲགས་ཅན། རྫུ་འཕྲུལ་ལ་མངའ་བརྙེས་པ། རྙིང་མ་པའི་སློབ་དཔོན་གཙོ་བོ། པདྨ་སམ་བྷ་བ་ཡི་རང་རྣམ་གཅེས་བཏུས་ལས་གྲུབ་པ་ཞིག་ཡིན། གུ་རུ་པདྨ་སམ་བྷ་བའི་གསུང་ཚད་ལྡན་དག་ལ་བོད་རིགས་རྣམས་ཀྱིས་ཚད་མ་ཡིན་པར་གདེང་འཇོག་ཆེན་པོ་བྱེད། དེའི་རྒྱུ་མཚན་ནི། ཁོང་གིས་བོད་ཁམས་ཀྱི་ལྷ་ཀླུ་གདུག་པ་ཅན་རྣམས་བཏུལ་ཏེ། བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་དང་པོ་སྟེ། བསམ་གཡས་གཙུག་ལག་ཁང་ལེགས་པར་གྲུབ་པར་རོགས་དན་མཛད་པས་ཡིན། དེའི་ནང་རྗེ་ཙོང་ཁ་པ་ཉིད་ལ་སྐྱོན་འདོགས་ཀྱི་ལུང་དུམ་ཞིག་ཡོད་པའི་སྟེང་དུ་པདྨ་སམ་བྷ་བ་ཡི་གསུང་ཡིན་པར་བསྒྲགས་པའི་ལུང་དུམ་ཞིག་གི་ནང་། བོད་ཀྱི་སངས་རྒྱས་པའི་ཆོས་ལུགས་ལྟར་སྣོད་བཅུད་སྲིད་པའི་ཆགས་རབས་ཀྱི་དབང་དུ་བྱས་ན། རྗེ་ཙོང་ཁ་པའི་མཇ༹ད་པ་འདི་དག་ནི་ཆོ་ག་ལས་སྦྱོར་གྱི་ཐད་ནས་ནོར་འཕྲུལ་ཐེབས་ཡོད་ཅེས་དང་། དེས་རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་། རང་བྱུང་གི་ཁམས་དང་། སྤྱི་ཚོགས་ཀྱི་བདེ་སྐྱིད་ལ་ཉམས་རྒུད་འགྲོ་བའི་མགྱོགས་ཚད་སྨྱུར་ཡོད་ཅེས་གསལ་ཡོད།

དེ་ཡང་ལུང་དེར། “རྗེ་ཙོང་ཁ་པས། འཛམ་བུ་གླིང་པའི་སྤྲུལ་སྐུ་དགེ་སློང་གི་རྣམ་པ་ཅན་གྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ལ། ལོངས་སྤྱོད་རྗོ༹གས་པའི་སྐུ་སྟེ། ལྷའི་རྣམ་པའི་སངས་རྒྱས་ཀྱི་སྐུ་བརྙན་ཁོ་ན་ལ་བསྒྲོན་རུང་བའི་དབུ་རྒྱན་བསྒྲོན་པ་ནི། བསྟན་པའི་”བདག་པོ་”ལ་མཚན་དམས་སུ་འགྱུར་ལ། དེར་མ་ཟད། ས་འོག་གི་དམ་སྲི་འབྱུང་པོའི་སྲོག་རྩ་ཡང་བསླང་པར་འགྱུར་བས། ཉི་མ་དང་། ཟླ་བ་དང་། སྒྱུ་སྐར་འཁྲུག་པར་འགྱུར་ཞིང་། དེའི་རྗེས་འབྲས་སུ་ནམ་མཁའ་ནས་ཟླ་བ་དང་ཉི་མ་དཔག་ཚད་གཅིག་གིས་མར་དབབ་པར་འགྱུར་རོ།།”(༢༥) ཞེས་གསལ་ཡོད། །

གཤམ་ལ་ང་ཚོས་ཁག་དཀྲི་སྐྱོན་འཛུགས་འདི་དག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་དུ་མུ་མཐུད་དེ་ངག་རྒྱུན་ནང་ཇི་ལྟར་གནས་པའི་སྐོར་ལ་མཁྱེན་རྒྱུ་རེད། མཚམས་འདིར་ང་ཚོས་ཁག་དཀྲི་སྐྱོན་འཇུ༹གས་དེ་དག་གི་ནང་དོན་གང་ཡིན་མིན་ལ་མི་བལྟ་བར། དེ་དག་དང་རྗེ་ཙོང་ཁ་པར་དག་པ་སྦྱིན་པའི་འགྲེལ་བརྗོད་གཉིས་ཀྱི་དབར་སྔ་ཕྱིའི་འབྱུང་རབས་གང་ཡིན་ཐད་ལ་གཤིབ་བསྡུར་ངེས་པར་བྱ་འོས། རྗེ་ཙོང་ཁ་པར་དག་འབུད་བྱེད་མཁན་དག་དང་། སྐྱོན་འཛུགས་བྱེད་མཁན་གྱི་ཕྱོགས་གཉིས་ཀས། སྔ་གོང་བཙན་པོའི་དུས་རབས་ནས་ཡིན་པར་བསྒྲགས་པའི་ཡིག་ཚགས་དག་གི་ནང་བཞུགས་པའི་བོད་ཀྱི་སངས་རྒྱས་བསྟན་པའི་ཚད་ཐུབ་ཀྱི་སྐྱེས་ཆེན་དམ་པ་མང་པོའི་གསུང་རྒྱུན་ལུང་འདྲེན་གནང་ཡོད།

དེ་ལྟའི་རྩོད་གླེང་གི་བརྒྱུད་རིམ་ནང་། རྗེར་དག་འབུད་བྱེད་མཁན་དང་། སྐྱོན་འཛུགས་བྱེད་མཁན་གྱི་དབར་སྔ་མོའི་ལོ་རྒྱུས་ཀྱི་ཡིག་ཚགས་དང་། སྐབས་དེའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་བཟོ་བཀོད་གྲུབ་ལུགས་ཐད་བཞེད་པ་མི་མཐུན་པའི་གླེང་སློང་གནང་ཡོད་མོད། འོན་ཀྱང་། རྩོད་གླེང་དེའི་གཞི་རྩའི་དམ་བཅའ་སྟེ། སྣོད་ཀྱི་འཇིག་རྟེན་འདིར་ཡོངས་གྲགས་འབྱུང་ལུགས་ཀྱི་དབང་དུ་ནི། ཆོ་ག་ལས་སྦྱོར་ཚུལ་མཐུན་གྱིས་སྦྱར་བའི་ཇོ་བོའི་སྐུ་བརྙན་གཅིག་ཁོ་ན་སྟེ། དང་པོའི་སྐུ་བརྙན་དེ་གཅིག་པུ་ལས་གཞན་མེད་པ་ནི་ཕྱོགས་གཉི་ཀས་མཐུན་པར་ཁས་ལེན་བྱེད། །

ཇོ་བོ་ཤཱཀྱ་མུ་ནེ་ལ་ཡུལ་དུས་དང་འཚམས་པའི་ཆོ་ག་ལས་སྦྱོར་གནད་སྨིན་བྱུང་མིན་སྐོར།

ད་བར་ངས་ཇོ་བོ་ཤཱཀྱ་མུ་ནེའི་ངོ་བོ་སྟེ། ཆེས་ཉེ་ས་ནས་མཇལ་བའི་སྣང་ཚུལ་གྱི་གནད་དོན་ཐོག་དམིགས་བཙུགས་ཏེ་གཏམ་གླེང་བྱས། འོན་ཀྱང་འདི་འབྲེལ་དགག་སྒྲུབ་ཀྱི་བྱ་བར་ཞུགས་པའི་བོད་རིགས་རྣམས་ཀྱི་དྲི་བ་གཙོ་བོ་ནི། “ཇོ་བོ་ཤཱཀྱ་མུ་ནེ་ཡིས་དང་ཐོག་དབུ་རྒྱན་བཞེས་ཡོད་དམ་མེད།”(༢༦) ཅེས་པ་འདི་ཡིན། ངས་གཤམ་ལ་རྩོད་གླེང་འདི་ཇི་ཙམ་གནད་ཀ་ཆེ་མིན་སྐོར་ཞིབ་ཕྲ་ཞུ་རྒྱུ་ཡིན། འོན་ཀྱང་། གནས་སྐབས་འདིར་མཁྱེན་དགོས་པ་ཞིག་ལ། བོད་ཀྱི་སྣང་སྲིད་འཇིག་རྟེན་རིག་པའི་དབང་དུ་བྱས་ན། སངས་རྒྱས་ཆོས་ལུགས་ཀྱི་སྐུ་བརྙན་གང་ཞིག་དང་འབྲེལ་བའི་ཆོ་ག་ལས་སྦྱོར་གནད་དུ་སྨིན་མ་སྨིན་བརྩི་གཞི་གཙོ་བོ་ནི། སྐུ་བརྙན་དེའི་ཕྱི་ཚུལ་གྱི་རྣམ་པ་དང་བཞུགས་ཡུལ། ལོ་དུས་བཅས་ལ་རག་ལས་པ་རེད།

འདི་ཉིད་ཇོ་བོ་ཤཱཀྱ་མུ་ནེ་དང་འབྲེལ་ནས་བཤད་ན། གློ་བུར་ཐོག་རྒྱག་སྐྱེ་བོ་ཆེ་གེ་མོ་ཞིག་གིས་དབུ་རྒྱན་དང་། སྙན་རྒྱན་བསྒྲོན་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་ལ་བདག་གཉེར་བྱེད་པར་དགེ་མཚན་གང་ཡོད་དམ། ཞེས་པའམ། ཡང་མིན་ན། གལ་ཏེ་དང་ཐོག་ནས་རྒྱན་ཆ་བཞེས་ཡོད་པ་ཞིག་ལ། ནམ་ཞིག་ནས་བོར་བརླག་ཏུ་སོང་བ་ཡིན་ཚེ་དེ་ལ་ཚབ་སྒྲིག་བྱེད་དགོས་པ་ནི་ལོས་ཡིན། མ་ཡིན་ནམ། ཞེས་པ་འདི་རེད། ལྷ་སྐུའི་བཟོ་བཀོད་ལ་འགལ་འཛོལ་སོང་བའི་ངན་འབྲས་ཇི་འབྱུང་སྲིད་མིན་གསལ་སྟོན་བྱ་ཆེད། ངས་གཏམ་བཤད་ཀྱི་ར་བ་རྒྱ་ཆེ་རུ་བཏང་སྟེ་ཇོ་བོ་ཤཱཀྱ་མུ་ནེའི་བཞུགས་ཡུལ་ལྷ་ས་གཙུག་ལག་ཁང་དང་གཙུག་ལག་ཁང་གི་ཉེ་འཁོར་གཉིས་ཀ་འདིར་འཛུད་རྒྱུ་ཡིན། དེ་ནི་ཇོ་བོའི་དབུ་རྒྱན་སྐོར་གྱི་རྩོད་གླེང་ཐད་ཕར་ཚུར་འཐེན་ཁ་རྒྱོང་རེས་བྱེད་པར། བོད་ཀྱི་ཡུལ་ཁམས་སྣོད་བཅུད་ལ་ཇོ་བོ་ཤཱཀྱ་མུ་ནེ་ཡི་གལ་གནད་ཅི་ཙམ་ཆགས་མིན་རྒྱུས་མངའ་རོབ་ཙམ་དགོས་རྒྱུ་གནད་ཆེ་བས་ཡིན། འོན་ཀྱང། དང་པོ། ང་ཚོས་ཇོ་བོ་རྒྱ་གར་ལྷ་ཡི་ཡུལ་ཁམས་བརྒྱུད་དེ་བྱོན་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་ངེས་པར་བལྟ་དགོས། །

ཇོ་བོ་ཤཱཀྱ་མུ་ནེ་ཨོ་རྒྱན་གྱི་ཡུལ་དུ་མ་བྱོན་གོང་། སངས་རྒྱས་ཀྱི་སྐུ་བརྙན་གཞན་ཞིག་སྟེ། ཇོ་བོ་མི་བསྐྱོད་རྡོ་རྗེ་ཀླུ་ཡུལ་དུ་ལོ་ཉི་སྟོང་རིང་བཞུགས་ཡོད།(༢༧) བཀའ་ཆེམས་ཀ་ཁོལ་མའི་དཔར་མ་ཀ་པ་ལྟར་ན། ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་དུ་ནམ་ཡང་བྱོན་མེད་པ་རེད།(༢༨) འོན་ཀྱང་། བཀའ་ཆེམས་ཀ་ཁོལ་མའི་དེབ་ཐེར་ད་ག་རང་གི་དཔར་མ་གཞན་ཞིག་སྟེ། དཔར་མ་ཁ་པའི་ནང་། ཇོ་བོ་ཀླུ་ཡུལ་དུ་ལོ་ལྔ་བརྒྱའི་རིང་བཞུགས་ཚུལ་གསལ་ཡོད།(༢༩) དེ་ལྟ་ནའང་། དཔར་མ་གཉིས་ཀའི་ནང་། རྒྱལ་པོ་ཆོས་སྐྱོང་(Dharmapala)གི་མེས་པོ་ཞིག་གིས། ཀླུ་སྲིན་རྣམས་བཏུལ་རྗེས་ཇོ་བོ་ཤཱཀྱ་མུ་ནེ་ལག་ཏུ་སོན་ཚུལ་གསལ་ཡོད། དེ་ལ་རྒྱལ་པོ་ཆོས་སྐྱོང་ནི་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ནག་གོང་མར་ཕུལ་མཁན་དེ་རེད། འོན་ཀྱང་། ཀླུ་རྣམས་ཀྱིས། ནམ་ཞིག་སངས་རྒྱས་ཀྱི་བསྟན་པ་ཉམས་པར་གྱུར་པ་ན་ཇོ་བོ་མི་བསྐྱོད་རྡོ་རྗེ་ཀླུ་ཡུལ་དུ་ཕྱིར་གདན་འདྲེན་ཞུ་རྒྱུའི་དམ་བཅའ་མཛད་ཡོད།(༣༠) བོད་འབངས་ཚོས། གདན་ཞུ་འདི་བཞིན་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ཀར་ཐུན་མོང་དུ་གོ་དགོས་པའི་ངོས་འཛིན་ཞུ་བ་རེད། རྒྱུ་མཚན་གང་ཡིན་ཞེ་ན། ལྷ་སའི་ནུབ་ཕྱོགས་སུ་ལྕགས་པོ་རིར། ཀླུ་སྦུག་གམ་ཀླུ་སྒུག་(༣༡)ཅེས་པའི་གནས་ཤིག་ཡོད་ལ། དེར་རྡོའི་ཕ་བོང་ཞིག་གི་འགྲམ་དུ། ལྷ་ཀླུ་སྒུག་བྲག་ཅེས་པའི་གནས་དེར་ཀླུ་རྣམས་སྒུག་ནས་བསྡད་ཡོད་ཅེས་ཤོད་སྲོལ་ཡོད་འདུག ཀླུ་རྣམས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་ལ་རྒྱུན་ལྡན་ནས། ཁོང་ཚོའི་གནས་ཡུལ་དུ་ཕེབས་དགོས་པའི་གསོལ་འདེབས་ཞུ་བཞིན་ཡོད་ཅེས་ཤོད་སྲོལ་ཡོད་པ་རེད། །(༣༢)

ཀླུ་རྣམས་ནི་ལུས་ཕྱེད་མིའི་གཟུགས་ཅན་གྱི་ཆུ་ལྷའི་རིགས་ཡིན་ཞིང་། སངས་རྒྱས་ཀྱི་ཆོས་ལ་དུང་བ་ཆེན་པོས་སྲུང་སྐྱོབ་བྱེད་ཀྱིན་ཡོད། འོན་ཀྱང་། སྐབས་རེ་འཁུར་ཞེན་ཆེ་དྲགས་པ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་པ་ཚོར་མི་བདེ་བ་བཟོ་བ་རེད། ཀླུ་རྣམས་གནས་ས་ནི། མཚོ་དང་། མཚེའུ་དང། རྒྱུགས་ཆུ་དང་། འདམ་རྗ༹བ་དང་། ས་འོག་གི་ཆུ་རྫིང་བཅས་སུ་གནས་བཅའ་ལ། ཁོང་ཚོར་རྒྱུན་དུ་ཀླུ་གསོལ་ཆོ་ག་འབུལ་དགོས་ཀྱི་ཡོད། བཀའ་ཆེམས་ཀ་ཁོལ་མའི་ནང་ལུང་བསྟན་ཞིག་ཡོད་པའི་དབང་གིས། བོད་མི་ཚོས། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ཀླུ་རྣམས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེ་རྐུ་འཁྱེར་བྱེད་སྲིད་པའི་བློ་འཚབ་བྱེད་པར་མ་ཚད། ལྷ་སའི་གཙུག་ལག་ཁང་ལ་ནམ་ཞིག་ཆུ་ལོག་གི་འཇིགས་པ་ཡོང་བར་དོགས་པ་བྱེད་ཀྱི་ཡོད། དེབ་ཐེར་ལས། སྲོང་བཙན་སྒམ་པོ་དང་། ཁོང་གི་བཙུན་མོས་ལྷ་ས་གཙུག་ལག་ཁང་དེ་མཐའ་འཁོར་འདམ་རྫབ་ཀྱིས་ཁེངས་པའི་མཚོ་ཡི་སྟེང་དུ་བཞེངས་པ་རེད་ཅེས་གསུངས། དེ་ལྟར་ན། ཇོ་བོ་ལ་བསྙེན་བཀུར་ཕྱག་མཆོད་ཞུ་སྲོལ་ཅིག་ནི་ལྷ་སའི་ལྷོ་ངོས་ཀྱི་སྐྱིད་ཆུ་གཙང་པོར་རགས་བརྒྱག་རྒྱུ་དེ་ཡིན། དེ་ནི་ཀླུ་རྣམས་གཙང་ཆུ་བརྒལ་ཏེ་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་རྐུ་འཁྱེར་མི་ཐུབ་པའི་སླད་དུ་ཡིན། །(༣༣)

རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་(གསར་དུའམ་བསྐྱར་དུ་)བསྒྲོན་པའི་སྨོན་ལམ་ཆེན་མོའི་དུས་ཆེན་དེ་དང་ཀླུ་རྣམས་ལ་དམིགས་བསལ་ཀླུ་གསོལ་གཏོང་བའི་ཆོ་ག་གཉིས་ཀྱི་དབར་འབྲེལ་བ་ཞིག་ཡོད། དེ་ཡང་ལམ་སྲོལ་དེ་དུས་ནམ་ཞིག་ལ་འགོ་ཚུགས་མིན་གསལ་པོ་མེད་རུང་། གང་ལྟར་བོད་ཟླ་དང་པོའི་ཚེས་ཉི་ཤུ་གཉིས་ཉིན་ཀླུ་སྦུག་(སྒུག་)སྒར་སྒྲིག་(༣༤)ཅེས་པའི་དམིགས་བསལ་དུས་ཆེན་ཞིག་འཚོགས་སྲོལ་ཡོད། དེ་ནི། ལྷ་སའི་གཙུག་ལག་ཁང་གི་བྱང་ཤར་གྱི་ཕྱོགས་སུ་ཀླུ་སྦུག་སྒར་ས་(༣༥)ཟེར་བའི་ཐང་དེར་བསྡུས་ལ། ཀླུ་གསོལ་ཆོ་ག་འདི་སྨོན་ལམ་ཆེན་མོ་རྫོགས་མཚམས་སུ་གཏོང་ལ། ཉིན་དེར་དམིགས་བསལ་རྟ་དམག་རུ་སྒྲིག་གཏོང་བ་དང་། སྔར་སྲོལ་དྲག་དམག་གི་གོ་ཁྲབ་གྱོན་སྟེ་དམིགས་བསལ་དམག་རྟགས་སྣ་ཚོགས་ལག་ཏུ་ཐོགས་ཤིང་རུ་བསྟར་བསྒྲིགས་པ་དང་། བུད་མེད་རྣམས་ཀྱིས་ཆང་ཕུད་འདེགས་པར་བྱེད། སྐབས་དེར་གལ་ཆེ་ཤོས་ཤིག་ལ། ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་དུ་གདན་འདྲེན་པའི་སླད་དུ་ངང་སྒུག་བགྱིས་ཏེ་སྡོད་པའི་ཀླུ་རྣམས་མགུ་བའི་སླད་དུ་གཏོར་རྒྱག་རྒྱག་སྲོལ་ཡོད། །(༣༦

རྗེ་ཙོང་ཁ་པའི་རྗེས་ཙམ་ལ། ལྷ་ས་དབང་སྒྱུར་གྱི་དོན་དུ་དགེ་ལུགས་པ་དང་སྲིད་ཕྱོགས་ཀྱི་ཁ་གཏད་དུ་གྱུར་པ་ཀརྨ་པ་དག་གིས་ཀྱང་རྗེ་ཙོང་ཁ་པའི་ཆོས་ཕྱོགས་ཀྱི་མཇ༹ད་པ་ལ་དགག་པ་མཇ༹ད་པར་མ་ཟད། ཀླུ་རྣམས་ཀྱིས་ཉེན་ཁ་བཟོ་སྲིད་པའི་བརྡ་ཡང་གནང་ཡོད། དེ་ཡང་ཀརྨ་པ་ཞྭ་ནག་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་(༡༤༥༤-༡༥༠༦)རྒྱུན་དུ་ལྷ་སར་གནས་གཟིགས་སུ་ཡང་ཡང་ཕེབས་ཤིང་། སྤྱི་ལོ ༡༤༧༨ ལ་ལྷ་སར་ཁོང་གིས་ཀླུ་རྣམས་གནས་པའི་ས་བབས་ཀྱི་ལྟེ་བར་ཇོ་བོ་བཞུགས་སུ་གསོལ་བ་དེ་ཡིས་རྟེན་འབྲེལ་ཉེས་ཡོད་ཅེས་བྲིས་ལ། རྗེ་ཙོང་ཁ་པས་ཇོ་བོ་ལ་དབུ་རྒྱན་ཕུལ་བའི་ཐག་གཅོད་དེ་ནི། རྟེན་འབྲེལ་ལེགས་པོ་ཞིག་མིན། གང་ཡིན་ཞེ་ན། ཀླུ་རྣམས་གནས་པའི་ལྟེ་གནས་དེ་གའི་སྟེང་དུ་ཇོ་བོ་བཞུགས་སུ་གསོལ་བ་དང་སྦྲགས་ཇོ་བོ་ལ་རྒྱན་ཆ་ཕུལ་བ་དེས། བོད་ཁམས་ཡོངས་ལ་འདུལ་ཁྲིམས་མི་གཙང་བ་དང་། མཚན་ཉིད་མི་ལྡན་པའི་རབ་བྱུང་དགེ་འདུན་པ་ཞེ་ཅིག་གིས་ཁེངས་པའི་རྒྱུ་བསྒྲུབས་ཡོད་ཅེས་གསུངས། ཀརྨ་པ་བདུན་པའི་དགོངས་པར། གལ་ཏེ་ཁོང་ཉིད་ཀྱིས་གནས་དེར་བདག་དབང་ཐུབ་པ་ཞིག་བྱུང་ཡོད་ཚེ། འདུལ་ཁྲིམས་གང་མཚམས་གཙང་བའི་དགེ་འདུན་གྱི་འདུས་སྡེ་ཞིག་བཙུགས་ཐུབ་ངེས་སྙམ་དུ་དགོངས་ཡོད། །(༣༧)

ཡང་། ཇོ་བོ་ཤཱཀྱ་མུ་ནེ་དང་། ཀླུ་སྦུག་(སྒུག་)སྒར་སྒྲིག་གི་དུས་སྟོན་དང་། ས་བརྟག་མོ་ལུང་རྒྱག་ཐབས་བཅས་དབར་འབྲེལ་བ་གཞན་ཞིག་ཀྱང་ཡོད་སྲིད། ཇོ་བོའི་ཐད་ཀའི་མདུན་དུ་གུ་རུ་པདྨ་སམ་བྷ་བ་ཡི་སྐུ་བརྙན་ཐུན་མོང་མ་ཡིན་པ། ཕྱག་གཉིས་ཐལ་མོ་སྦྱར་བའི་ཆ་བྱད་ཅན་ཞིག་བཞུགས་ཡོད། བོད་ཀྱི་སྲོལ་རྒྱུན་ཀྱི་བཤད་ལུགས་ལྟར་ན། གུ་རུ་པདྨ་སམ་བྷ་བ་ནི་དུས་རབས་བརྒྱད་པའི་ནང་བྱོན་པར་གྲགས་པའི་རྒྱ་གར་གྱི་རྫུ་འཕྲུལ་པ་ཞིག་ཡིན་ཞིང་། ཁོང་བོད་ཁམས་ཡོངས་ལ་ཞབས་ཀྱིས་བཅགས་ཏེ། བོད་འབངས་སྐྱེ་འགྲོ་རྣམས་སངས་རྒྱས་ཀྱི་ཆོས་ལ་འཇུག་པར་གནོད་ཅིང་འཚེ་བའི་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་བཏུལ་བར་མཛད་ཡོད། ཁོང་ནི། སྔགས་ཀྱི་རྣལ་འབྱོར་པ་ཞིག་སྟེ། རིག་མ་བསྟེན་ཅིང་ཕྱག་རྒྱའི་ཉམས་ལེན་མཇ༹ད་ལ། མ་འོངས་གདུལ་བྱའི་དོན་དུ་བོད་ས་ཡོངས་ལ་གཏེར་ཆོས་མང་པོ་སྦས་ཡོད། གཏེར་ཆོས་དེ་དག་ཚུར་བཞེས་པ་དང་། སྤེལ་བ་དང་། ཉམས་སུ་ལེན་མཁན་བོད་འབངས་རྣལ་འབྱོར་བ་ཕལ་ཆེ་བས་རང་ཉིད་ལ་བོད་ཀྱི་སངས་རྒྱས་ཆོས་བརྒྱུད་སྔ་ཤོས་དེ་རྒྱུན་འཇི༹ན་བྱེད་པོ་ཡིན་པར་ཁས་འཆེ་བས་ཁོང་ཚོས་རང་ཉིད་ལ་རྙིང་མ་པ་ཞེས་འབོད་ཀྱིན་ཡོད། མཚོན་བྱེད་ཀྱི་དབང་དུ་བྱས་ན། གུ་རུ་པདྨ་སམ་བྷ་བ་ནི་རྗེ་ཙོང་ཁ་པ་དང་འགལ་ཟླ་ལྟར་སྣང་བའི་སྐྱེ་བུ་ཞིག་ཡིན་ཏེ། རྗེ་ཙོང་ཁ་པས་ཇོ་བོ་ལ་དབུ་རྒྱན་གསར་དུའམ་བསྐྱར་དུ་བསྒྲོན་པའི་མཇ༹ད་པ་བསྐྱངས་པ་ཙམ་དུ་མ་ཟད། ཚངས་སྤྱོད་དགེ་འདུན་གྱི་སྡེ་ལ་ནན་ཏན་དུ་མཛད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་བགྲོད་པ་མཐའ་འཁྱོངས་པ་ཞིག་ཡོང་བར་ངེས་པར་འདུལ་བའི་བསླབ་སྡོམ་ཚུལ་བཞིན་བསྲུང་དགོས་པར་གདམས་ཡོད། དེ་བཞིན་དུ། གུ་རུ་པདྨའི་སྐུ་བརྙན་ནི་གདོན་གེགས་སྐྲོད་པའི་ནུས་མཐུ་བསྒྲུབ་པའི་རབ་བྱུང་མིན་པའི་ཁྱིམ་པ་ཕོ་མོའི་ཁྲོད་དུ་ཐུན་མོང་མ་ཡིན་པར་གྲགས་ཆེ་བ་ཡིན། །

ལྷ་སའི་གཙུག་ལག་ཁང་གི་དཀོར་གཉེར་སྐུ་ཤོག་ཉི་མ་ཚེ་རིང་གིས་ཉེ་ཆར་གཙུག་ལག་ཁང་གི་ལོ་རྒྱུས་དང་སྐུ་རྟེན་སོགས་ཀྱི་དཀར་ཆག་གསར་པ་ཞིག་བརྩམས་ཡོད། ཁོང་གིས། ངག་རྒྱུན་དུ་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན། གསོལ་བ་འདེབས་(ཐལ་སྦྱར་)པའི་ཆ་བྱད་ཅན་དེ། ༸རྒྱལ་བ་ལྔ་པའི་དག་སྣང་གསང་བ་རྒྱ་ཅན་ནང་འཁོད་པ་ལྟར་བཞེངས་པ་ཡིན་པར་ཤོད་སྲོལ་ཡོད་ཅེས་བཤད་ཡོད། ཡང་བཤད་སྲོལ་གཞན་ཞིག་ནས། གཏེར་སྟོན་སྒམ་པོ་ཨོ་རྒྱན་བདུད་འདུལ་གླིང་པའི་(༣༨)མིང་ཅན་ཞིག་གི་གཏེར་ལུང་དགོངས་དོན་བཞིན་༸རྒྱལ་བ་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་བཞེངས་པའི་དགོངས་ཚུལ་བརྗོད་ཡོད། ངས་ལུང་འདྲེན་འདི་གཉིས་ཀ་རྩ་བ་ཉིད་ནས་རྩད་ཆོད་ཐུབ་མ་སོང་། ༸རྒྱལ་བ་ལྔ་པའི་གསང་བ་རྒྱ་ཅན་ལ་ཉུང་མཐར་ཡང་དཔར་མ་མི་འདྲ་བ་ལྔ་མཇལ་རྒྱུ་འདུག དེ་རེ་རེ་ལའང་། ལེའུ་ཡི་གྲངས་མི་འདྲ་བ་ཡོད་པར་སོང་། ཉི་མ་ཚེ་རིང་རང་གིས་ལུང་འདྲེན་དེ་དག་དཔར་མ་གང་ནས་དྲངས་བ་ཡིན་མིན་བཤད་ཆོག་ཏུ་ཡོད་དགོས།

ཡང་ཡིན་སྲིད་པ་གཞན་ཞིག་ནི། གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་དེ་“སྒམ་པོ་ཨོ་རྒྱན་བདུད་འདུལ་གླིང་པ་”ཞེས་འབོད་པ་ཞིག་གིས་བཞེངས་པ་ཡིན་པར་བཟུང་བའི་ཉི་མ་ཚེ་རིང་གི་ཚོད་བཞག་དེ་ཁོང་གིས་ཏན་ཏན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་སྔ་ས་ནས་བརྩམས་པའི་ལྷ་སའི་གཙུག་ལག་ཁང་གི་ལོ་རྒྱུས་དཀར་ཆག་(༣༩)ལས་དྲངས་པ་ཞིག་ཡིན་ངེས། དེ་ལྟར་ནའང་ཚོད་དཔག་ཕྱི་མ་འདི་ལ་དཀའ་རྙོག་གཉིས་ཡོད། ༡) ངས་༸རྒྱལ་བ་བདུན་པའི་སྐབས་སུ་གོང་གི་མཚན་ཅན་གྱི་གཏེར་སྟོན་ཞིག་བྱོན་པར་ཤེས་ཀྱི་མེད། ༢) རྩ་བའི་མི་རབས་གཅིག་གྱི་རྗེས་ལ་སྒམ་པོ་ཨོ་རྒྱན་འགྲོ་འདུལ་གླིང་པ་(༡༧༥༧ ལ་འཁྲུངས་)ཞེས་པ་ཞིག་བྱོན་ཡོད་ནའང་། ངས་ཁོང་གི་རང་རྣམ་ཕྱག་དཔེ་མཐུག་པོ་དེའི་ནང་། ཁོང་གིས་ལྷ་སའི་གཙུག་ལག་ཁང་དུ་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་ཞིག་བཞེངས་པའི་ལོ་རྒྱུས་ཤིག་ད་བར་མཇལ་མ་བྱུང་།(༤༠)

སྟབས་མི་ལེགས་པ་ཞིག་ལ། རང་རྣམ་གྱི་དཔར་མ་གཅིག་པུ་དེའི་ནང་། སྤྱི་ལོ་ ༡༧༩༠ སྐོར་ནས་ལོ་རྒྱུས་ཀྱི་འཕྲོ་ཧད་ཀྱིས་ཆད་འགྲོ་གིན་འདུག ཞྭ་སྒབ་པས། ཟུར་མཆན་ཞིག་གི་ནང་དུ། ཁོང་གིས་སྐུ་བརྙན་དེའི་བྱུང་རབས་དང་། སྒམ་པོ་ཨོ་རྒྱན་བདུད་འདུལ་གླིང་པའི་གཏེར་ལུང་སྐོར་བདུད་འཇོམས་ཆོས་འབྱུང་(ལྷ་དབང་གཡུལ་རྒྱལ་)རྩོམ་པ་པོ་(༸སྐྱབས་རྗེ་)བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་(༡༩༠༤-༡༩༨༨)མཆོག་རང་གི་ས་ནས་ཐོས་བྱུང་ཞེས་བཀོད་འདུག  འོན་ཀྱང་། ངར་ད་བར་སྒམ་པོ་ཨོ་རྒྱན་འགྲོ་འདུལ་གླིང་པའི་རང་རྣམ་ཕྱག་དཔེ་ཆ་མ་ཚང་བ་དེ་ལས་གཞན་ཁོང་གིས་གཏེར་ནས་བཞེས་པའི་གཏེར་ཆོས་སམ། འབྲི་རྩོམ་གནང་བའི་ཕྱག་དཔེ་གང་ཡང་རྙེད་སོན་མ་བྱུང་། གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་འདི་དུས་སྐབས་གང་ཞིག་དུ་བཞེངས་མིན་ལ་མི་ལྟོས་པར། བཞེངས་པའི་དགོས་པ་རྒྱུ་མཚན་ནི། ཇོ་བོ་ཤཱཀྱ་མུ་ནེ་འོག་ཕྱོགས་ཀླུ་ཡི་གནས་སུ་མི་ཕེབས་པར་བླ་ན་མེད་པའི་དག་ཞིང་ལྷ་ལྡན་གཙུག་ལག་ཁང་(རང་)དུ་བཞུགས་པར་(༤༡)གསོལ་བ་འདེབས་པའི་སླད་དུ་བཞེངས་པ་ཞིག་ཡིན་པར་ཞྭ་སྒབ་པ་དང་། ཉི་མ་ཚེ་རིང་གཉིེས་ཀས་མོས་མཐུན་གནང་འདུག

འོལ་ཚོད་ཙམ་བྱས་ན། གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་དེ་བདམས་དགོས་པའི་རྒྱུ་མཚན་ནི། སྔ་གོང་དུས་རབས་བརྒྱད་པའི་ནང་གུ་རུས་བོད་དུ་སངས་རྒྱས་ཀྱི་ཆོས་ལ་སྡང་ཞིང་འཁུ་བའི་བོད་ཁམས་ལྷ་སྲིན་གདུག་པ་ཅན་རྣམས་ལེགས་པར་བཏུལ་བའི་མཇ༹ད་པ་བསྐྱངས་པ་དེའི་རྒྱུ་མཚན་གྱིས་ཡིན་རྒྱུ་རེད། འོན་ཀྱང་། དཔང་རྟགས་འདིས་ནི། ཇོ་བོ་ཤཱཀྱ་མུ་ནེ་དང་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་གསོལ་འདེབས་(ཐལ་སྦྱར)གྱི་ཆ་བྱད་ཅན་གཉིས་དབར་གྱི་འབྲེལ་བའི་ལོ་རྒྱུས་ལ་གསལ་ཁ་ཕྱོགས་ཙམ་ལས་སྟོན་གྱི་མེད། དེའི་རྒྱུ་མཚན་ནི། འདིར་ཁུངས་སྐྱེལ་ཡང་དག་ཞིག་མེད་པ་སྟེ། སྐུ་བརྙན་དེ་བཞེངས་པའི་སྐོར་གྱི་ཡིག་ཚགས་ངེས་བརྟན་དེ་འདྲ་མེད་པས་རེད། སྟབས་མི་ལེགས་པ་ཞིག་ལ། ཉི་མ་ཚེ་རིང་གིས་བསླངས་པའི་ཚོད་བཞག་དེ་དག་གིས་ཀྱང་། གསོལ་འདེབས་(ཐལ་སྦྱར)གྱི་ཆ་བྱད་ཅན་གྱི་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་དེ་ཉིད་བཞེངས་པའི་དགོས་པ་དང་རྒྱབ་ལྗོངས་ཀྱི་ལོ་རྒྱུས་ལྡེང་ངེས་ཀྱི་རྒྱབ་རྟེན་སྦྱིན་གྱི་མེད། །

ཆོ་ག་ལས་སྦྱོར་ཉམས་པ་ལས་ཡིན་སྲིད་པའི་མཇུག་འབྲས།

ཇོ་བོ་ལ་ཞལ་ཕྱོགས་ནས་བཞུགས་པའི་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་གསོལ་འདེབས་(ཐལ་སྦྱར)གྱི་ཆ་བྱད་ཅན་དེར་འགྲེལ་བཤད་རྒྱག་ཚུལ་གཞན་ཞིག་ཡོད། འགྲེལ་ལུགས་དེ་ནི། འགོ་སྟོད་དུ་ངས་ཇོ་བོའི་སྐུ་བརྙན་གྱི་སྣང་ཚུལ་དང་། ལོ་རྒྱུས་བཅས་དང་འབྲེལ་ནས་དེའི་གནད་ཀ་གང་ཡིན་སྐོར་ཞིབ་འཇུག་ཇི་ལྟར་འགོ་བརྩམས་ཚུལ་དང་ཡང་འབྲེལ་བ་ཡོད། གོང་དུ་བྷོ་ལན་རྡིའུ་(Blondeau)ཡིས་རང་གི་དཔྱད་རྩོམ་ཆ་ཤས་ཤིག་ནང་ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་བསྒྲོན་པའི་མཇུག་འབྲས་ཇི་འབྱུང་ལ་དམིགས་འཛུགས་ཀྱིས་གཏམ་གླེང་གནང་ཡོད། དེ་ནི། གཟའ་དང་སྒྱུ་སྐར་མི་བརྟན་པར་འགྱུར་ཚུལ་སྐོར་དེ་ཡིན།(༤༢) འོན་ཀྱང་། རྗེ་ཙོང་ཁ་པའི་ཕྱོགས་སྔ་བ་དག་གིས་དྲངས་པའི་ལུང་བསྟན་ནང་། དོན་རྐྱེན་གཞན་ཞིག་གི་སྒོ་ནས་རྗེ་ཙོང་ཁ་པར་དགག་པ་བསྐྱོན་ཡོད་། དེ་ནི། ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་བསྒྲོན་པས་དམ་སྲི་སྤུན་བདུན་(༤༣)དམ་ལས་གྲོལ་བར་གྱུར་ཡོད་ཅེས་པ་དེ་ཡིན་ལ། དམ་སྲི་སྤུན་བདུན་དེ་དག་ལྷ་སའི་གཙུག་ལག་ཁང་བཞེངས་པའི་སྐབས་གཙུག་ལག་ཁང་གི་དབུས་ཀྱི་ལྟེ་བའི་ཐད་ཀྱི་ས་འོག་ཏུ་རྡོས་གནོན་ནས་ཡོད་པའི་དམ་སྲིའི་ཚོགས་ཤིག་ཡིན་ཚོད་རེད།

ཡང་། འདི་དང་ཕྱོགས་མཚུངས་པའི་བསྙོན་འཛུགས་གཞན་ཞིག་ཡོད་པ་ནི། རྗེ་ཙོང་ཁ་པས་འགོངས་པོ་སྤུན་དགུ་(༤༤)གློད་བཀྲོལ་བཏང་ཚུལ་བཤད་པ་དེ་ཡིན། འོན་ཀྱང་། ངས་བཅར་འདྲི་ཞུ་ཡུལ་བོད་མི་མང་ཆེ་བ་དང་། ལྷག་པར་རྩོད་གླེང་གི་ལོ་རྒྱུས་ཡིག་ཚགས་ཁག་ལས་ནི། དེ་དག་དམ་སྲི་སྤུན་བདུན་(༤༥)ཡིན་ལས་ཆེ་བར་བརྩིས་ཡོད། གང་ལྟར་ཡང་ལོ་རྒྱུས་ཀྱི་འགྲེལ་ལུགས་གཉིས་ཀའི་ནང་། བཀའ་ཆེམས་ཀ་ཁོལ་མར་གསལ་བ་ཇོ་བོ་ཤཱཀྱ་མུ་ནེའི་དབུའི་སྟེང་གི་ནོར་བུ་རིན་པོ་ཆེའི་གཙུག་ཏོར་ལས་ཐེངས་ཤིག་འོད་ཟེར་འཕྲོས་ཤིང། འོད་ཟེར་གྱི་ཕུང་པོ་དེས་ཇོ་བོ་ཤཱཀྱ་མུ་ནེའི་མདུན་ཐད་ཀྱི་ས་འོག་ཏུ་དམ་སྲི་སྤུན་བདུན་རྡོས་མནན་པ་རྣམས་དམ་ལ་བཏགས་ཚུལ་ཤོད་ཀྱིན་ཡོད། རྗེ་ཙོང་ཁ་པས་ཇོ་བོ་ལ་དབུ་རྒྱན་ཕུལ་བ་ན་འོད་ཟེར་དེ་དག་ཁེགས་པས། དེའི་རྗེས་འབྲས་སུ་དམ་སྲི་སྤུན་བདུན་པོ་དམ་ལས་གྲོལ་ལུགས་ཤོད་པ་རེད།

ལོ་རྒྱུས་འདི་ལ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་ཆུང་གི་དབང་གིས་འགྲེལ་ལུགས་རྣམ་གྲངས་མི་འདྲ་བ་ཁ་ཤས་ཤིག་ཡོད། སྐྱོན་འཛུགས་ཀྱི་རིམ་པ་ཤུགས་ཆུང་ཤོས་ལྟར་ན། དམ་སྲི་སྤུན་བདུན་གྱི་འཕྲིན་ལས་ལ་བརྟེན་ནས་བོད་དབུས་གཙང་ཁུལ་དུ། དགེ་ལུགས་པའི་ཆོས་སྲིད་ཀྱི་མངའ་ཐང་གུང་དུ་འདེགས་ཐུབ་པ་བྱུང་བར་འདོད། དེ་ལས་སྐྱོན་འཛུགས་ཅུང་གཏིང་གནག་པ་ལྟར་ན། དམ་སྲི་སྤུན་བདུན་གྱིས་རྗེ་ཙོང་ཁ་པ་ལ་དཔུང་གྲོགས་བགྱིད་རྒྱུའི་དམ་བཅའ་ཕུལ་བས། རྗེ་ཡིས་ཁོང་ཚོ་གློད་བཀྲོལ་བཏང་ཚུལ་ཤོད་ཀྱིན་ཡོད། སྐྱོན་འཛུགས་ཀྱི་རིམ་པ་ཤུགས་ཆེ་ཤོས་ནི། བོད་ལ་བྱུང་བའི་རྐྱེན་ངན་སྟེ། སོག་པོའི་དམག་དང་། བལ་པོའི་དམག རྒྱ་མིས་བཙན་འཇུ༹ལ་བྱས་པ། ནད་ཡམས་དང་འབྱུང་བའི་གནོད་འཚེ་དང་། ནང་དམེ་སྡེ་གཟར་སོགས་མང་དག་མྱང་པའི་ངན་དགུ་དེ་ཀུན་རྗེ་ཙོང་ཁ་པས་དམ་སྲི་སྤུན་བདུན་དམ་ལས་གྲོལ་བར་མཇ༹ད་པའི་ཉེར་འབྲས་ཡིན་པར་ཁ་འཕངས་བྱེད་ཀྱིན་ཡོད། །

འཇིག་རྟེན་གྱི་ཁམས་འདི་རྒྱུ་རྐྱེན་རྟེན་འབྲེལ་གྱིས་འདུས་བྱས་པར་བལྟ་བའི་བག་ཆགས་དང་ལྡན་ན་ཡང་། ཞབས་རིམ་བསྐང་གསོ་གཏོང་བའི་ཆོ་ག་རྒྱུན་ལྡན་ནས་བསྒྲུབ་པའི་གོམས་སྲོལ་ནི་བོད་མི་བཙན་བྱོལ་བ་རྒན་རབས་རྣམས་ཀྱི་ཁྲོད་དུ། དེང་རབས་ཀྱི་དུས་འདིར་ཡང་མ་ཉམས་པར་གནས་ཡོད། བྷོ་ལན་རྡེའུ་(Blondeau)ཡི་བཅར་འདྲིར་དྭང་ལེན་གནང་མཁན་བོད་མི་ཞིག་གིས། ཇོ་བོ་ལ་དབུ་རྒྱན་གསར་དུ་བསྒྲོན་པ་ཡིན་མིན་སྐོར་གྱི་རྩོད་གླེང་ནི་ད་ཆ་འདས་ཟིན་པའི་གནད་དོན་ཞིག་ཡིན་པར་བཤད་དེ། སྣང་ཆུང་དུ་འཇོག་ཐབས་བྱས་ཡོད།

དེ་ལྟར་ནའང་ངའི་མཐོང་མྱོང་ལྟར་ན། བཙན་བྱོལ་བོད་མི་བྱེ་བྲག་པ་གཉིས་ལ་ཇོ་བོ་ཤཱཀྱ་མུ་ནེ་དང་སྒེར་གྱི་འབྲེལ་བ་ཞིག་ཡོད་པའི་རྒྱུ་མཚན་གྱིས།  ཁོང་ཚོའི་མི་ཚེའི་ནང་ཇོ་བོའི་གནད་དོན་འདི་ད་དུང་མུ་མཐུད་དེ་ཚོར་ཤུགས་ཀྱི་དོན་སྙིང་ལྡན་པ་ཞིག་ཏུ་གནས་ཡོད། འོན་ཀྱང་། ཐོག་མར་མཚམས་འདི་བར་བརྗོད་གཞི་འདི་དང་འབྲེལ་བའི་གནས་དོན་གླེང་ཟིན་པ་རྣམས་ལ་ཁོང་གཉིས་ཀྱི་དགོངས་ཚུལ་སྤྱི་ལོ་ ༢༠༠༦ དབྱར་དུས་ནས་བཟུང་ད་བར་ལན་མང་གླེང་མོལ་ཁྲོད་ཐོན་པ་རྣམས་གང་ཡིན་མ་གླེང་གོང་། ངས་བཙ་་་་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁོང་གཉིས་ཀྱི་གནས་བབས་ཅི་ཡིན་ངོ་སྤྲོད་ཞུ་རྒྱུ་ཡིན།

དང་པོ་དེ། རྩེ་དོང་ཅང་རབ་ཤི་ལོག་(༡༩༢༡་་་་་་་)རེད། མི་ཕལ་མོ་ཆེས་ཁོང་ལ་”ཆེན་མོ་ལགས་”ཞེས་ཁོང་རང་གི་ཆེད་མཁས་ཀྱི་ཆ་ནས་དེ་ལྟར་དུ་འབོད་ཀྱིན་ཡོད། སྟབས་བདེ་བའི་ཆེད་དུ། ངོས་ནས་ཁོང་ལ་ཆེན་མོ་ལགས་ཤི་ལོག་ཅེས་འབོད་རྒྱུ་ཡིན། ཆེན་མོ་ལགས་ཤི་ལོག་བལ་ཡུལ་བྷོ་རྡཱར་བྱམས་ཆེན་ལྷ་ཁང་གི་དགོན་པའི་ལས་ཤག་ཏུ། ཁོང་གི་བུ་མོ་དང་། ཚ་མོའི་ལྷན་དུ་བཅའ་བཞུགས་གནང་ཡོད། ཁོང་གི་མི་བརྒྱུད་རྩེ་གདོང་(༤༦)ནས་ཡིན་པ་དང་། གཞིས་ཀ་རྩེའི་ས་ཁོངས་རྣམ་གླིང་ས་ཁུལ་གྱི་གྲོང་གསེབ་ཅིག་ནས་རེད། ཁོང་གི་ཕ་དེ་ཡང་རྟེན་བཞེངས་ཆེན་མོ་ཞིག་ཡིན་འདུག ཁོང་གི་ཞབས་འདེགས་མཛད་རྗེས་ལ་བརྩི་མཐོང་གི་ཚུལ་དུ་ཁོང་ལ་ཆེན་མོ་ལགས་ཅེས་པའི་གོ་གནས་དེ་བོད་གཞུང་ནས་སྩལ་བ་ཞིག་ཡིན། དེར་མ་ཟད། ༸གོང་ས་་་་་་བླ་མས་རབ་བྱུང་གི་སྡོམ་པ་བཞེས་པའི་སྐབས་སུ་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་ལ་བསྒྲོན་པའི་དབུ་རྒྱན་གསར་པ་དེ་ཁོང་གིས་བཞེངས་པ་ཡིན་ཞིང་། དེ་ལ་བརྟེན་ནས་ཁོང་གི་མཚན་སྙན་འཕེལ་ཡོད། བལ་ཡུལ་ཁུལ་གྱི་ས་སྐྱ་ཁྲ་རིགས་དགོན་པར་བཞུགས་པའི་ཇོ་བོའི་སྣང་བརྙན་གསར་པ་དེ་ཡང་ཁོང་གིས་བཞེངས་པ་ཡིན།

ངའི་གནས་ཚུལ་འབྱུང་ཁུངས་གཙོ་བོ་གཞན་དེ་ནི། སྤེན་པ་རྡོ་རྗེ་(༡༩༣༠-)རེད། ཁོང་ལ་ཡང་ཆེན་མོ་ལགས་ཅེས་འབོད་ཀྱིན་ཡོད། ཁོང་ཆེན་མོ་ལགས་ཤི་ལོག་གི་ཕྱག་རོགས་ཡིན་ཞིང་། དེང་སྐབས་ཁོང་རྒྱ་གར་(་་་་་་ས་ལའི་)ནང་སིརྡཱི་པུར་དུ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་བཞུགས་ཀྱིན་ཡོད། ཁོང་གིས་བོད་ཀྱི་ལྷ་སྐུ་རྟེན་བཞེངས་ཀྱི་སྐོར་བསྟན་བཅོས་པོད་གཉིས་གཙོ་སྒྲིག་གནང་ཡོད་པ་དང་། བོད་མིའི་བཙ་་་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སྐུ་བརྙན་གལ་ཆེན་མང་དག་ཅིག་ཁོང་གིས་བཞེངས་ཡོད། །

ངའི་ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་སྐོར་གྱི་རྩོད་གླེང་དང་སྦྲེལ་ནས་ཇོ་བོ་ལ་མཆོད་བསྟོད་བསྙེན་བཀུར་སྐྱོང་སྲོལ་སྐོར་གྱི་ལོ་རྒྱུས་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་། ཆེན་མོ་ལགས་ཁོང་རྣམ་པ་གཉིས་ནས་སོན་པའི་དཔང་རྟགས་ལོ་རྒྱུས་དེ་དག་ནི། ཡིག་ཚགས་ཀྱི་རྒྱུ་ཆ་དང་མངོན་སུམ་མཐོང་མྱོང་གཉིས་དབར་གྱི་སྦྲེལ་ཟམ་ལྟ་བུ་ཞིག་ཆགས་ཡོད། ཁུངས་འདེད་ཀྱི་ཐབས་ཚུལ་འདི་གཉིས་མཉམ་སྡེབ་བྱེད་སྐབས། ང་ལ་ལངས་ཕྱོགས་རྙོག་འཛིང་ཅན་འདི་དག་ལྷུ་བསྒྲིག་རྒྱུའི་ཀུན་སློང་མེད། དེ་ལས་ལྡོག་སྟེ་ལྟ་ཚུལ་མི་འདྲ་བ་རྣམས་རང་བབ་ཏུ་སོར་འཇོག་བྱ་འདོད་པ་ཡིན། དེ་ལྟར་ནའང་གནས་ཚུལ་གྱི་འབྱུང་ཁུངས་འདི་ཀུན་བཀོལ་སྤྱོད་བྱེད་པ་བརྒྱུད་གཞི་རྒྱ་ཆེ་བའི་བརྗོད་གཞི་འདིའི་མགོ་རྙོག་གི་སྣེ་ཁ་གཅིག་བཀྲོལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན། །

ཆེན་མོ་ལགས་ཤི་ལོག་གི་དྲན་འཆར།

ཆེན་མོ་ལགས་ཤི་ལོག་ལྟར་ན། ལྷ་སའི་དམངས་ཁྲོད་དུ་ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་བསྒྲོན་པ་དེས་རྟེན་འབྲེལ་ཉེས་པའི་སྐོར་ལྟ་ཚུལ་སྣ་ཚོགས་ཤིག་ཡོད་འདུག ཁོང་གིས་ལྟ་ཚུལ་ཁག་གསུམ་འགྲེལ་བརྗོད་གནང་བ་རྣམས་ངས་ཚབས་ཇེ་ཆེའི་གོ་རིམ་དུ་བསྒྲིགས་ནས་དྲང་རྒྱུ་ཡིན། དེ་ལྟར་བྱས་པས་རྗེ་ཙོང་ཁ་པས་ཇོ་བོ་ལ་དབུ་རྒྱན་བསྒྲོན་རྒྱུར་ཐུགས་ཐག་བཅད་པའི་མཇུག་འབྲས་ཇི་འབྱུང་རུང་བའི་ཐད་བོད་འབངས་ཚོར་སེམས་འཚབ་སྣ་ཚོགས་ཤིག་སྐྱེ་བ་རྣམས་ལ་རིམ་པ་ལྡན་པའི་ཞིབ་དཔྱོད་བྱེད་བདེ་བའི་ཕན་ཐོགས་ཡོང་སྲིད།

  • ༡)  ཇོ་བོ་ཤཱཀྱ་མུ་ནེ་ནི་ལོ་རྒྱུས་ནང་གྲགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡི་ཚབ་མཚོན་ཞིག་ཡིན་པས། རྗེ་ཙོང་ཁ་པས་དབུ་རྒྱན་མ་ཕུལ་གོང་དུ། ཇོ་སྐུའི་ངོ་བོ་ནི་འཛམ་བུ་གླིང་པའི་སྤྲུལ་སྐུའི་ཆ་བྱད་ཅན་གྱི་སངས་རྒྱས་ཀྱི་སྐུར་གྲུབ་ཡོད། དེས་ན། དགེ་སློང་ཞིག་གི་རྣམ་ཅན་ཡིན། ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་དང་སྙན་རྒྱན་སོགས་ཀྱིས་བརྒྱན་པ་ནི། དགེ་སློང་ཞིག་ལ་བུད་མེད་ཀྱི་རྒྱན་ཆ་ཕུལ་བ་དང་མཚུངས་པས། འདི་ནི་མ་འོས་མ་འཚམས་པ་ཞིག་ཡིན་པས་མ་ཚད། དགེ་སློང་གི་བསྲུང་སྡོམ་དང་ཡང་འགལ་བ་ཡིན་ནོ། །

ཆེན་མོ་ལགས་ཤི་ལོག་གི་དགོངས་པར། དགེ་སློང་ཞིག་ལ་ན་བཟའ་དང་གོས་དང་། དབུ་རྒྱན་དང་། ནོར་བུས་བརྒྱན་པ་ནི་ཡ་མཚན་ཅན་ཞིག་རེད་ཅེས་བརྗོད་བཞིན་དུ་ཁོང་དང་ཁོང་གི་བུ་མོས་གད་མོ་ཤུགས་ཆེན་བགད་སོང་། །

  • ༢)  ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་བསྒྲོན་པའི་སྐོར་ཤོད་ཚུལ་གཉིས་ཡོད། རྗེ་ཙོང་ཁ་པའི་ཕྱོགས་ཀྱི་དགེ་ལྡན་རིང་ལུགས་འཇི༹ན་པ་དང་། མི་འཇི༹ན་པ་ཚོས་བཤད་ཚུལ་གཉིས་རེད། དགེ་ལུགས་པ་ཚོས། ཇོ་བོ་ལ་དབུ་རྒྱན་ཕུལ་བས་སངས་རྒྱས་ཀྱི་ཆོས་སྐུའི་སྐུ་ཚད་དཔག་ཚད་གཅིག་གིས་མཐོ་རུ་ཕེབས་ཡོད་ཅེས་དང་། དེ་མིན་ཚོས་ནི་སངས་རྒྱས་ཀྱི་ཆོས་སྐུའི་སྐུ་ཚད་དཔག་ཚད་གཅིག་གིས་དམའ་རུ་ཕེབས་ཡོད་ཅེས་བརྗོད་པ་རེད། །(༤༧)

དེ་དུས་ངས་ཆེན་མོ་ལགས་སུ། ཁོང་གིས་གང་གསུངས་པ་དེ་བཀའ་ཆེམས་ཀ་ཁོལ་མའི་ནང་གོད་སློང་བའི་ལུང་དུམ་ཞིག་ཡོད་པ་དེ་དང་འབྲེལ་བ་ཡོད་དམ་ཅེས་འདྲི་བ་ཕུལ་རྒྱུའི་བསམ་བློ་མ་འཁོར། ཀ་ཁོལ་མར། ལྷ་ཡི་བཟོ་བོ་བྷིཤཱ་ཀརྨས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བཞེངས་པའི་སླད་དུ། ལྷའི་བཟོ་བོ་བྷིཤཱ་ཀརྨས་སངས་རྒྱས་ཀྱི་སྐུ་གཟུགས་དབུའི་གཙུག་ཏོར་བར་གྱི་བོངས་ཚད་གཞལ་ཐབས་གནང་ཡང་དེ་ལྟར་མ་ཐུབ། རྒྱུ་མཚན་ནི། དངོས་ཡོད་གནས་ཚུལ་ལ། སངས་རྒྱས་ཀྱི་ཆོས་སྐུ་ནི་ནམ་མཁས་གར་ཁྱབ་ཏུ་ཁྱབ་པས་བོངས་ཚད་མཇལ་རྒྱུ་ཟེར་བ་ནི་མི་སྲིད་པ་ཞིག་ཡིན། དེར་བརྟེན། ཐེངས་མང་ཐབས་ཤེས་མ་ཐོན་པའི་མཇུག་ཏུ། བྷིཤཱ་ཀརྨ་ཉིད་མདངས་དགའ་བ་ཅན་(༤༨)ཞེས་པའི་ཞིང་ཁམས་ཡོངས་སུ་མི་འདྲ་བ་ཞིག་ཏུ་ཕེབས་ཡོད། །

  • ༣)  ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་ཕུལ་བ་ལ་བརྟེན་ནས་ཇོ་བོའི་དབུ་ཡི་གཙུག་ཏོར་ནས་བྱུང་བའི་འོད་ཟེར་ཁེགས་པ་གྱུར་པས། དམ་སྲི་སྤུན་བདུན་དམ་ལས་གྲོལ་བ་རེད། །

ངས་འདྲི་བ་ཞུས་མ་དགོས་པར། ཆེན་མོ་ལགས་ཤི་ལོག་གིས། རྗེ་ཙོང་ཁ་པས་ཇོ་བོ་ལ་དབུ་རྒྱན་ཕུལ་བའི་མཇུག་འབྲས་སུ། དམ་སྲི་སྤུན་བདུན་དམ་ལས་གྲོལ་བ་རེད་ཅེས་པའི་ཤོད་སྲོལ་དེ། ལྷ་ས་བ་ཚོས་ཡང་ཡང་བཤད་པ་རེད་ཅེས་བརྗོད་བྱུང་། ཁོང་གིས། ཤོད་ཚུལ་འདི། “ལྷ་ས་བ་ཚོས་ཤོད་སྲོལ་ཅིག་རེད་”ཅེས་གསུངས་དུས། དེ་ཁོང་སྒེར་གྱི་དགོངས་ཚུལ་མིན་པར་སྟོན་པ་རེད། འོན་ཀྱང་། ངས་ཆེན་མོ་ལགས་ཤི་ལོག་ལ། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་ལ་ཞལ་ཕྱོགས་པའི་གུ་རུ་པདྨ་སམ་བྷ་བ་གསོལ་འདེབས་ཐལ་སྦྱར་གྱི་ཆ་བྱད་ཅན་གྱི་སྣང་བརྙན་དེའི་ཐོག་མའི་ལོ་རྒྱུས་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་དེ་སྐོར་གང་ཡང་མི་ཤེས་ཞེས་བརྗོད་བྱུང་། ཡང་ཁོང་གིས། ལྷ་སའི་གཙུག་ལག་ཁང་དུ་སྐུ་བརྙན་སྣ་ཚོགས་པ་ཞིག་ཡོད་པ་དང་། ལྷག་པར་དུ། པདྨ་སམ་བྷ་བའི་སྣང་བརྙན་ཆེས་མང་པོ་བཞུགས་ཡོད་པས་དེ་དག་གི་འབྱུང་ཁུངས་དང་བཞེངས་པའི་དགོས་པ་སོགས་ཤེས་ཀྱི་མེད་ཅེས་གསུངས་བྱུང་། ངས་ཆེན་མོ་ལགས་སྤེན་པ་རྡོ་རྗེར་བཅར་འདྲི་མ་ཞུས་ཀྱི་བར་དུ། དམ་སྲི་སྤུན་བདུན་དང་། གསོལ་འདེབས་ཐལ་སྦྱར་གྱི་ཚུལ་དུ་བཞུགས་པའི་པདྨ་སམ་བྷ་བའི་སྣང་བརྙན་གཉིས་དབར་(ལོ་རྒྱུས་ཀྱི་)འབྲེལ་བ་ཞིག་ཡོད་པར་ངས་གསལ་པོ་ཤེས་ཀྱི་མེད། །

ཆེན་མོ་ལགས་སྤེན་པ་རྡོ་རྗེའི་དྲན་འཆར།

ཤི་ལོག་དང་རྦད་དེ་མི་འདྲ་བ་ཞིག་ལ། ཆེན་མོ་སྤེན་པ་རྡོ་རྗེས་ནི་ཇོ་བོ་ཤཱཀྱ་མུ་ནེ་ལ་གསོལ་འདེབས་ཐལ་མོ་སྦྱར་བའི་ཚུལ་གྱིས་བཞུགས་པའི་པདྨ་སམ་བྷ་བའི་སྣང་བརྙན་བཞེངས་པའི་ཐོག་མའི་ལོ་རྒྱུས་དང་། བཞེངས་པའི་དགོས་པ། དམ་སྲི་སྤུན་བདུན་དང་(ལོ་རྒྱུས་ཀྱི་)འབྲེལ་བ་ཇི་ལྟར་ཡོད་པ་བཅས་ཀྱི་སྐོར་ཁོང་རང་ལ་རྒྱུས་མངའ་ངེས་ཏིག་ཡོད་པའི་ཡིད་ཆེས་གནང་གིན་འདུག བྷོ་ལན་རྡེའུ་(Blondeau)ཡི་དགེ་ལུགས་པའི་ཕྱོགས་ཀྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། ཇོ་བོ་ཤཱཀྱ་མུ་ནེའི་ལ་བསྒྲོན་པའི་དབུ་རྒྱན་སྐོར་གྱི་རྩོད་གླེང་དེ་དུས་རབས་བཅུ་དགུ་པར་མཇུག་བསྡུས་ཟིན་པ་རེད་ཅེས་ཁོ་མོར་བཤད་འདུག འོན་ཀྱང་། ཆེན་མོ་ལགས་སྤེན་པ་རྡོ་རྗེ་ལྟར་ན། རྩོད་གླེང་འདི་བོད་ལ་རྒྱ་་་་་དམར་པོས་བཙན་འཛུལ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་མ་ཟད། མུ་མཐུད་ནས་་་་་་བྱོལ་ནང་གི་ཆབ་སྲིད་ཀྱི་དོན་རྐྱེན་ཞིག་ཏུའང་གྱུར་ཡོད་ཅེས་བརྗོད་བྱུང་། ངས་ཆེན་མོ་སྤེན་པ་རྡོ་རྗེ་དང་གཞན་ཚོར་བཅར་འདྲི་ཞུས་པའི་བརྒྱུད་རིམ་ནང་། རྩོད་གླེང་འདི་སེར་མོ་བའི་ཁོར་ཡུག་ལས་བརྒལ་ཏེ། ཅི་ལྟར་བོད་མིའི་སྤྱི་ཚོགས་ནང་དུ་ཚད་མཐོ་བོར་སིམ་འཛུལ་བྱས་ཡོད་པ་གསལ་པོར་ཤེས་བྱུང་། ལྷག་དོན་དུ། ངས་བོད་ཀྱི་ལྷ་བཟོ་བ་ཁོང་རྣམས་དང་བཅར་འདྲི་ཞུས་པའི་གོ་སྐབས་བརྒྱུད། བོད་ཀྱི་སྒྱུ་རྩལ་བ་རྣམས་ནི། གང་ཟག་གཞན་ཞིག་ནས་བཟོ་བཀོད་ལས་འཆར་གྱི་བཀོད་པ་ཁོ་ན་བཀའ་གསུང་དྭང་ལེན་བྱེད་མཁན་ཙམ་མིན་པར། ལྷ་སྐུ་རྟེན་བཞེངས་ཀྱི་བྱ་བ་གོང་མཐོར་གཏོང་བ་དང་། འགྲེལ་བརྗོད་བརྒྱག་རྒྱུར་བཅས་ལའང་འདྲ་མཉམ་ཟུང་སྦྲེལ་གྱིས་ཞབས་འདེགས་སྒྲུབ་མཁན་ཡིན་པར་ཤེས་རྟོགས་ཐུབ་པར་གྱུར།  གཞན་ཡང་། ཆེན་མོ་ལགས་སྤེན་པ་རྡོ་རྗེ་ནས་གསུངས་པའི་གཤམ་གྱི་ལོ་རྒྱུས་དེ། ང་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་བོད་མི་གཞན་དག་གི་དགོངས་འཆར་དང་ཡང་གང་ལེགས་མཐུན་ཕྱོགས་སུ་གནས་ཤིང་། ཇོ་བོའི་དབུ་རྒྱན་སྐོར་གྱི་རྩོད་གླེང་དང་འབྲེལ་བའི་ད་ཕན་མི་ལོ་ངོ་ལྔ་བཅུའི་རིང་གི་ངག་རྒྱུན་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཏུའང་གྱུར་ཡོད། །

རྒྱ་་་་་་་དམག་མིས་ཆབ་མདོ་དབང་སྒྱུར་མ་བྱས་སྔོན་ཙམ་དུ།  ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་རྗོ༹ང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་(༡༨༩༣-༡༩༥༩)ཀྱིས། “གལ་ཏེ་གུ་རུ་སྣང་སྲིད་ཟིལ་གནོན་རྣམ་ཅན་གྱི་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་ཆེན་པོོ་ཞིག་བཞེངས་ན། དེས་དམ་སྲི་སྤུན་བདུན་ནོན་པ་དང་། དགྲ་བོའི་བཙན་འཛུལ་བཟློག་པ། བོད་རྒྱལ་ཁམས་དང་སངས་རྒྱས་ཀྱི་བསྟན་པ་འཇིག་པ་ལས་བསྐྱབས་པར་གྱུར།”(༤༩) ཅེས་ལུང་བསྟན་གནང་ཡོད། རྗོ༹ང་གསར་མཁྱེན་བརྩེས་༸གོང་ས་་་་་་བླ་མར་དེ་ལྟར་སྙན་སེང་གསོལ་འདེབས་ཞུས་པ་དང་། ་་་་་བླ་མས་དེ་བཞིན་བཞེངས་དགོས་པའི་བཀའ་སྩལ།(༥༠) འོན་ཀྱང་ལག་ལེན་དངོས་གཞིར་སྐུ་བཞེངས་པའི་སྐབས། རྙིང་མ་བ་དང་། རྙིང་མ་པའི་ཡིད་དམ་གྱི་གཙོ་བོ་སློབ་དཔོན་པདྨ་སམ་བྷ་བ་ལ་མི་དད་པའི་སྐུ་དྲག་འགས་སྐུ་བརྙན་དེ་འདྲ་ལུགས་མཐུན་ཞིག་བཞེངས་རྒྱུ་མིན་པའི་བློ་ཐག་བཅད་ལ། དེའི་དོད་དུ། པདྨ་སམ་བྷ་བའི་སྐུ་བརྙན་ཆུང་བ་གསོལ་འདེབས་ཐལ་སྦྱར་གྱི་ཆ་བྱད་ཅན་ཞིག་བཞེངས་རྒྱུའི་བཀོད་རྒྱ་བཏང་། སྐུ་བརྙན་དེ་ནི། གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་གང་བཞེངས་དགོས་ངེས་ཀྱི་རྣམ་ཅན་དེ་མིན་པར་བརྟེན། ཆོ་ག་ལས་སྦྱོར་ཇི་བཞིན་ཕྱག་ལེན་དུ་མ་འཁེལ་བས་བྱིན་རླབས་ཀྱི་ཚན་ཁ་དང་བྲལ་བར་གྱུར། དེས་ན་ནུས་ཟླར་མ་གྱུར་པའི་པདྨ་སམ་བྷ་བས་དམ་སྲི་སྤུན་བདུན་ནོན་ཐུབ་མེད་ལ། ་་་་་་པོའི་དཔུང་ཚོགས་ཀྱང་བཟློག་ཐུབ་མེད་པས་མ་ཟད། བོད་ཀྱི་སངས་རྒྱས་པའི་བསྟན་པའང་བསྐྱབས་ཐུབ་མེད། །(༥༡)

ཡ་མཚན་པ་ཞིག་ལ། ཆེན་མོ་ལགས་ཤི་ལོག་གི་སྤུན་མཆེད་རྒན་པས་པདྨ་སམ་བྷ་བའི་སྣང་བརྙན་ངོ་ཚབ་དེ་བཞེངས་ལ། སྐབས་དེར་ཁོང་གིས་འབྲེལ་ཡོད་སྐུ་དྲག་ཚོར། ”དགེ་སློང་ཞིག་ལ་སྙན་རྒྱན་འདོགས་མི་རུང་བ་ཇི་བཞིན་དུ། ཁྱད་ཅག་གིས་སྣང་བརྙན་གང་བཞེངས་པ་དེར་ཕྱག་མཚན་སོགས་མཚན་ཉིད་ཚང་བ་བཞེངས་དགོས།” ཞེས་བཤད་མྱོང་བ་ཁོང་རང་གི་སྤུན་ཤི་ལོག་གིས་ནང་གཏམ་བཤད་པ་ཆེན་མོ་ལགས་སྤེན་པ་རྡོ་རྗེས་དྲན་པ་གསོ་ཚུལ་གསུངས་བྱུང་། ཕྱིས་སུ་རྒྱ་གར་བཙན་བྱོལ་བོད་གཞུང་གི་བསྟི་གནས་་་་་ས་ལར་༸གོང་ས་་་་་་་བླ་མས་ཆེན་མོ་ལགས་སྤེན་པ་རྡོ་རྗེ་ལ། བ་་་་བྱོལ་ཁྲོད་ཀྱི་(ལྷ་སའི་)གཙུག་ལག་ཁང་དོད་ཐུབ་སྟེ། མྷེག་ལོ་གྷན་དུ་ཡོད་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐུ་བརྙན་གསུམ་བཞེངས་དགོས་པའི་བཀོད་མངགས་མཛད་ལ། སྐུ་བརྙན་དེ་དག་ནི། ༡) རྗོ༹ང་གསར་མཁྱེན་བརྩེས་བཀའ་ལུང་ནང་དོན་བཞིན། གུ་རུ་སྣང་སྲིད་ཟིལ་གནོན་སྐུ་བརྙན་མཚན་ཉིད་ལྡན་པ་ཞིག་དང་།(དཔར་ཨང་གཉིས་པ་) ༢) སངས་རྒྱས་ཤཱཀྱ་ཐུབ་པ་དང་། ༣) སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་ཡིན།(དཔར་ཨང་གསུམ་པ་) དེ་དག་ལས་སྐུ་བརྙན་གསུམ་པ་འདི་ནི། རྒྱལ་པོ་སྲོང་བཙན་སྒམ་པོའི་ཡི་དམ་གྱི་ལྷ་སྐུ་སྟེ། སྔོན་ལྷ་སའི་གཙུག་ལག་ཁང་ནང་བཞུགས་ལ། རིག་གནས་གསར་བརྗེའི་སྐབས་གཏོར་སྐྱོན་ཐེབས་པ་མང་པོའི་གྲས་ནས་ལག་སོན་བྱུང་བའི་དབུའི་ཆ་ཤས་ཤིག་(གཟུངས་སུ་ཕུལ་བ་)ལས་བཞེངས་པ་ཞིག་ཡིན། གཞན་ཡང་། མི་ཀྲར་གསུམ་ནས་བཞིའི་དཔངས་ཚད་ཀྱི་སྐུ་བརྙན་ཆེན་པོ་གསུམ་པོ་འདི་དག་གི་ཁྲོད་དུ་སྐུ་བརྙན་ཆུང་བ་གཞན་གཉིས་བཞུགས་ཡོད། གཅིག་ནི་མི་ཀྲར་གཅིག་གི་དཔངས་ཚད་ཙམ་དང་། གཞན་པ་དེ། ཆེས་རྨད་དུ་བྱུང་བའི་འདྲ་སྐུ་ཞིག་ཡིན་པས་ངེད་ཚོས་ངེས་པར་ཐུགས་སྣང་དགོས་པ་ཞིག་ཡིན། དེ་ནི་གཞོགས་གཅིག་གི་གཙང་ཁང་སྦུག་གི་ངོགས་སྐུ་བརྙན་ཆེན་པོ་དེ་རྣམས་ཀྱི་ཁྲོད་དུ་ལས་སླ་མོར་མཇལ་མི་ཐུབ་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་ཆུང་ངུ་ཞིག་སྟེ། དེས་རང་ཉིད་ཀྱི་དཔངས་དམའ་བ་དང་འཁོད་གནས་སྣང་མེད་དུ་ཤོར་བ་ལྟ་བུ་དེར་མཉམ་འཇོག་གནང་བཞིན་པའི་ཚོད་དུ་བཞུགས་ཡོད། དེའི་ཟུར་གཅིག་ཏུ། ཧ་ལམ་སྣང་ཆུང་དུ་ཤོར་བ་ལྟ་བུ་ལ། ངེས་པར་གདབ་དགོས་པའི་ཟུར་མཆན་ཡིག་ཆུང་ཞིག་གི་རྣམ་པར་འཁོད་པ་ནི།  ཟ་འོར་གྱི་བན་དེ་གནས་སྐོར་བ་(ཇོ་བོ་རྗེ་དཔལ་ལྡན་)ཨ་ཏི་ཤ་དི་བམ་ཀ་ར་ཤྲི་ཇ༹ྙནའི་སྣང་བརྙན་འདུད་པའི་ཚུལ་དུ་

འདྲ་པར་ཨང་གཉིས་པ།  པད་མ་འབྱུང་གནས།

བཞུགས་པ་དེ་འཁོད། ཁོང་ནི། ལྷ་སའི་གཙུག་ལག་ཁང་ནས་བཀའ་ཆེམས་ཀ་ཁོལ་མ་གཏེར་ནས་བཞེས་མཁན་ཡིན་པར་ཆེ་མཐོང་བྱེད་པ་དང་། དགེ་ལུགས་ཀྱི་བླ་བརྒྱུད་ཀྱི་གཙོ་མགོན་ཞིག་ཀྱང་རེད།(དཔར་ཨང་བཞི་པ་) མཐར། ཁོང་གི་གཡོན་ཕྱོགས་ཀྱི་གྱང་ངོས་སུ། རིག་གནས་གསར་བརྗེའི་སྔོན་གྱི་ཇོ་བོའི་ཞལ་སྐྱིན་སྐུ་ཚད་ལོང་བ་ཞིག་གི་འདྲ་དཔར་གང་ཞིག་བཙན་བྱོལ་བའི་རྗེས་འཇུག་གདུལ་བྱ་ཚོར་སྤྱན་ཧར་གྱིས་གཟིགས་ཀྱིན་པའི་ངང་ཚུལ་ཞིག་བཞུགས་ཡོད།(དཔར་ཨང་ལྔ་པ་) ལྷ་ས་བ་ཚོས་ལྷ་སའི་གཙུག་ལག་ཁང་ལ། བོད་རྒྱལ་ཁམས་ཀྱི་”གཙུག་ལག་ཁང་”ཞེས་མཚན་ནས་འབོད་ཀྱིན་ཡོད་ལ། རྡ་་་་་ས་ལར་བཅའ་བཞུགས་པ་ཚོས་ཐེག་ཆེན་ཆོས་གླིང་ལ་”གཙུག་ལག་ཁང་”ཞེས་ཕྱོགས་མཚུངས་ཀྱི་མཚན་ནས་འབོད་ཀྱིན་འདུག དེ་ནི་”ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་”ལ་གཙུག་ལག་ཁང་ཞེས་བསྡུས་མིང་སྦྱོར་བ་ཡིན་སྲིད།  འོན་ཀྱང་། བ་་་་་བྱོལ་བོད་མི་ཚོར། འདིས་གནས་སྐབས་ཤིག་གི་རིང་བོད་རྒྱལ་ཁམས་ཀྱི་གཙུག་ལག་ཁང་དེའི་ངོ་བོ་མཚོན་པའང་ཡིན་ཆོག། ་་་་་ས་ལའི་བོད་རིགས་ཚོས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དེར། ་་་་་་བྱོལ་ཁྲོད་དུ་ལྷ་སའི་གཙུག་ལག་ཁང་གི་ཚབ་མཚོན་ཉེ་ཤོས་ཀྱི་འདུ་ཤེས་འཇོག།  གང་ཡིན་ཞེ་ན། སྔ་དུས་ལྷ་སའི་གཙུག་ལག་ཁང་དེ་གཞུང་འབྲེལ་གྱི་མཇ༹ད་སྒོ་འཚོགས་སའི་བསྟི་གནས་ཡིན་པ་དེ་བཞིན་དུ། (་་་་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་)འདི་ཉིད་ཀྱང་༸གོང་ས་་་་་བླ་མ་དང་་་་་བྱོལ་བོད་གཞུང་གཉིས་ཀའི་གཞུང་འབྲེལ་གྱི་མཛད་སྒོའི་བསྟི་གནས་ཤིག་ཏུ་གྱུར་ཡོད། །

ཡང་གཙང་ཁང་སྦུག་ཏུ་བཤམས་པའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དཔར་ཞིག་ཡོད་པ་དེར་ཐུགས་སྣང་བྱེད་དགོས། གང་ལགས་ཤེ་ན། དེས་དཔྱད་རྩོམ་འདིའི་དོན་གནད་གཙོ་བོ་རྣམས་སྡུད་པར་མ་ཟད། ཕལ་ཆེར་སྐུ་དཔར་དམིགས་བསལ་ཅན་ཞིག་ཀྱང་ཡིན། (ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་དེའི་)སྐུ་དཔར་དེ་བཞུགས་སའི་མཆོད་སྒྲོམ་ཆུང་ངུ་དེ་ནི། ལག་པས་ཚོན་བཏབ་པའི་ཤིང་གི་གཞི་ལ་བསྐོས་བརྒྱག་པ་ཞིག་ཡིན་ལ། དེར་ཇོ་བོ་ཤཱཀྱ་མུ་ནེའི་ཞལ་སྐྱིན་གྱི་སྐུ་དཔར་བཞུགས་ཤིང། གློག་མཆོད་ཀྱི་མདངས་ཀྱིས་འོད་ཆེམ་མེར་འཕྲོས་ནས་ཡོད།

(དཔར་ཨང་ལྔ་པ་) མཆོད་སྒྲོམ་གྱི་ཀ་བར་འབྲུག་རིས་བསྐོས་པ་སོགས་ལྷ་སའི་གཙུག་ལག་ཁང་གི་ཇོ་བོའི་མཆོད་ཁང་གི་དྲན་རྟེན་མཚོན་བྱེད་དུ་བསྐྲུན་པ་ཞིག་ཡིན། སྐུ་དཔར་འདེམས་སྒྲུག་གནང་སྟངས་ཀྱང་དམིགས་བསལ་ངོ་མཚར་སྐྱེ་དགོས་པ་ཞིག་སྟེ། སྐུ་དཔར་དེ་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་དཔར་གྱི་སྟེང་དུ་བླངས་པའི་འདྲ་བཤུས་ཤིག་ཡིན་པ་དང། དེའང་ཕྱི་ལོ་ ༡༩༥༤-༥༥ ནང་(Vladimir Sis)སྐུ་ཞབས་བྷ་རྡིར་ཤཱི་ཤཱ་(༡༩༢༥-༢༠༠༡)དང་། (Josef Vanis)ཇཱོ་སེབ་ཝཱ་ནཱི་སི་(༡༩༢༧-༢༠༠༩)གཉིས་ཀྱིས་བླངས་པའི་འདྲ་དཔར་ཞིག་ཡིན། དེ་ནི་ཇོ་བོ་ཤཱཀྱ་མུ་ནེའི་(དམིགས་བཀར་དུ་བླངས་པའི་)སྐུ་དཔར་ཚོན་ཁྲ་ཅན་རྙིང་ཤོས་ཤིག་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད།(དཔར་ཨང་དྲུག་པ་) དེང་སང་ལྷ་སར་བཞུགས་པའི་ཇོ་བོའི་ཞལ་དཀྱིལ་དེ་དང་། ཕྱི་ལོ་ ༡༩༥༠ ཡི་དུས་རབས་སྐབས་ཀྱི་ཇོ་བོའི་ཞལ་དཀྱིལ་གཉིས་ཆེས་མི་འདྲ་བར་མངོན་ཏེ།(དཔར་ཨང་བདུན་པ་) ཕྱི་ལོ་ ༡༩༥༠ ཡི་དུས་རབས་ནང་གི་ཇོ་བོའི་ཞལ་དཀྱིལ་ནི་ཟླུམ་པོ་ཡིན་པ་དང་། ཞལ་ལ་སེར་ཁ་བཞེས་པ་དང་དེའི་ངོས་གཞི་འབུར་པོ་ཡོད། དེང་སྐབས་ཇོ་བོའི་ཞལ་དཀྱིལ་ནི་དཀྱུས་རིང་ལ་ཁྱོན་ཡོངས་ནས་འཇམ་པོ་ཡིན། ཞལ་དཀྱིལ་དེ་གཉིས་དབར་ཁྱད་པར་དེ་འདྲ་ཡོང་དགོས་པའི་འགྲེལ་བརྗོད་ཡོངས་གྲགས་ཤིག་ནི། ཇོ་བོའི་ཞལ་རས་ལ་དུས་རབས་མང་པོའི་རིང་ནས་ཞལ་གསེར་ཡང་ཡང་བསྒྲོན་པས་ཞལ་གསེར་མཐུག་པོར་གྱུར་པ་དེ་དག་ཕྱི་ལོ ༡༩༦༦ ལོར་རིག་གནས་གསར་བརྗེའི་སྐབས་་་་་དམར་པོའི་དྲག་དམག་གིས་ཕལ་ཆེར་བཀོག་བཤུ་བྱས་པ་རེད་ཟེར། (་་་་་ས་ལར་)གཙང་ཁང་ནང་གི་སྐུ་དཔར་དེ་ཕལ་ཆེར་་་་་ས་ལའི་བོད་མི་དང་། ༸གོང་ས་་་་་་བླ་མ་ཁོང་ཉིད་ཀྱིས་རིག་གནས་གསར་བརྗེའི་སྔོན་གྱི་ཇོ་བོའི་སྐུ་དཔར་མ་ཉམས་པ་(རྙིང་པ་)དེ་ག་རང་ཆེད་དུ་བདམས་པ་ཡིན་སྲིད། ངས་ལོ་ངོ་བཅུའི་རིང་ཇོ་བོའི་སྐུ་བརྙན་སྐོར་དཔྱད་ཞིབ་བྱས་པའི་ཉམས་མྱོང་གི་བརྒྱུད་རིམ་ནང་། སྐུ་ཞབས་ཤཱི་ཤཱ་(Sis)དང་། ཝཱ་ནཱི་སི་(Vanis)གཉིས་ཀྱིས་བླངས་པའི་སྐུ་དཔར་མཆོད་པའི་རྟེན་དུ་བཤམས་པ་འདི་འདྲ་ཞིག་གཏན་ནས་མཇལ་མ་མྱོང་བས་འདི་དམིགས་བསལ་དོ་སྣང་འོས་པ་ཞིག་ཏུ་ཚོར། རྒྱུན་དུ་ཇོ་བོའི་སྐུ་དཔར་ནི་བོད་མི་ཚོའི་མཆོད་ཁང་དང་། ཁྱིམ་ཚང་། རླངས་འཁོར། ཚོང་ཁང་བཅས་སུ་མཇལ་རྒྱུ་ཡོད། དམིགས་བསལ་བོད་ནང་དུ་ནི་ཇོ་བོའི་སྐུ་དཔར་སྒྲིག་གཤོམ་བྱེད་སྲོལ་ཆེས་ཡོངས་གྲགས་རེད། འོན་ཀྱང་། སྐུ་དཔར་དེ་དག་ཕལ་ཆེ་བ་ནི་ཉེ་དུས་ཀྱི་སྐུ་དཔར་ཞེ་ཅིག་ཡིན། །

ཡིག་ཐོག་གི་ལོ་རྒྱུས་དང་། མི་རིགས་རིག་གཞུང་དབར་གྱི་འབྲེལ་བར་བསྐྱར་གཞིག།

ཆེ་མོ་ལགས་རྣམ་པ་ལས་གང་ཐོས་པ་དག་དང་། ཁོང་ཚོའི་མི་ཚེ་གང་པོའི་མཛད་རྗེས་རྣམས་ཉམས་ཞིབ་འདིའི་གྲངས་ཐོའི་ཁོངས་སུ་སྤྱད་པའི་སྒོ་ནས་འགོ་སྟོད་ཀྱི་ལུང་འདྲེན་ཡིག་ཚགས་དང་མཉམ་དུ་བསྒྲིགས་པ་བརྒྱུད། ངས་འདིར་འདུན་འཆར་ཞིག་འབུལ་བ་ནི། ང་ཚོར་ཇོ་བོའི་དབུ་རྒྱན་སྐོར་གྱི་རྩོད་གླེང་ལ་འཇུག་སྟངས་ཐད་སྔར་སྲོལ་བཞིན་འདོད་ཚུལ་ལངས་ཕྱོགས་རྣམས་ཕན་ཚུན་མཚུངས་སྡུར་ཙམ་བྱེད་པ་ལས་བརྒལ་ཏེ་ད་བར་སོན་པའི་དཔང་རྟགས་ཀྱི་རྒྱུ་ཆ་(དཔེ་དེབ། དྲན་འཆར། འདྲ་དཔར།)འདི་དག་མཉམ་དུ་སྦྲེལ་བའི་སྒོ་ནས་གླེང་གཞི་འདི་དང་འབྲེལ་བའི་དོན་གནད་གཞན་ཞིག་རྙེད་རྒྱུར་འབད་བརྩོན་བྱེད་འོས་སྙམ། །

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ནང་རྟེན་སྐུ་བརྙན་བདམས་སྟངས་ལ་གཞིགས་ཚེ། ༸གོང་ས་་་་་་བླ་མས་མ་མཐར་ཡང་། ཆ་ཤས་ཙམ་ལས་མ་གྲུབ་རུང་། ལྷ་སའི་གཙུག་ལག་ཁང་གི་བྱིན་རླབས་ཀྱི་ཚན་ཁ་དང་། ལོ་རྒྱུས་ཀྱི་གལ་གནད་རྣམས་གསོ་གནང་རྒྱུའི་འབད་བརྩོན་གནང་བ་དང་ལྷན་དུ། རྗོ༹ང་གསར་མཁྱེན་བརྩེའི་ལུང་བསྟན་བསྒྲུབ་ཐབས་མཇ༹ད་པ་ནི་གསལ་པོ་རེད། གཞི་རྩར་བྱས་ན་དེར་ཇོ་བོ་ཤཱཀྱ་མུ་ནེའི་འདྲ་སྐུ་ཞིག་བཞུགས་ཡོད་ཀྱང་། ད་དུང་བཙན་བྱོལ་བོད་མི་ཚོར། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་ཡི་སྐུ་དཔར་ཞིག་ངེས་པར་དུ་དགོས་པ་ཡིན། དེ་ནི། ཇོ་བོ་ཉག་གཅིག་གིས་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་དངོས་འཚོ་གཞེས་ཤིག་མཚོན་ཐུབ་པས་རེད། དེ་ལྟར་ཡང་མཆོད་མཇལ་བ་རྣམས་ཀྱིས་རིག་གནས་གསར་བརྗེ་སྔོན་གྱི་ཇོ་བོའི་སྐུ་བརྙན་གཏོར་སྐྱོན་མ་ཕོག་པ་དེའི་སྐུ་དཔར་དེ་ག་རང་ལ་བསྙེན་བཀུར་ཞུ་གིན་ཡོད། དེ་ནི། ཇོ་བོས་བོད་འབངས་ཚོར་བཙན་བྱོལ་དུ་མ་གྱར་གོང་གི་མི་ཚེའི་སྐྱིད་སྡུག་དྲན་གསོ་བྱེད་ཀྱིན་ཡོད་ལ། དེ་བཞིན་དུ་གལ་ཏེ་་་་་དམག་དཔུང་ཕྱིར་འབུད་བྱས་ཐུབ་ཚེ་གནས་སྟངས་གང་འདྲ་ཞིག་ཏུ་གྱུར་མིན་ལའང་དྲན་གསོ་སྟེར་བ་ཡིན།(༥༢) ཇོ་བོའི་དབུ་རྒྱན་སྐོར་གྱི་དོན་སྙིང་སྟེ། ཐོག་མའི་ཇོ་སྐུའི་སྣང་ཚུལ་གང་ཡིན་མིན། ཇོ་བོའི་སྐུ་བརྙན་གང་ཞིག་ཁུངས་བཙན་ཡིན་མིན། བྱིན་རླབས་ཀྱི་ནུས་མཐུ་ཆེ་མིན་བཅས་དང་འབྲེལ་བའི་འཆར་སྒོ་རྣམས་ལ་སྣེ་སྟོན་ལེགས་ཤོས་བྱེད་མཁན་ནི། རིག་གནས་གསར་བརྗེ་མ་བྱུང་སྔོན་གྱི་ཇོ་བོའི་སྐུ་དཔར་རྙིང་པ་ཞིག་ལ་བཙན་བྱོལ་བོད་མིས་བསྙེན་བཀུར་དད་མོས་ཅི་ལྟར་འཆང་བཞིན་པའི་རྣམ་པ་དེ་མཐོང་བ་ལས་ལྷག་པ་ཞིག་མེད།

སྐུ་རྟེན་སྒྲིག་གཤོམ་གྱི་བརྒྱུད་རིམ་འདིར་ཨ་ཏི་ཤ་ལ་བཞུགས་གནས་ཀྱི་ཆེ་མཐོང་ཞིག་ཐོབ་པ་དེ་ནི། ཁོང་དགེ་ལུགས་པའི་བླ་བརྒྱུད་ཀྱི་གཙོ་མགོན་ཞིག་ཡིན་པ་དང་། ཁོང་གིས་བཀའ་ཆེམས་ཀ་ཁོལ་མ་གཏེར་ནས་བཞེས་པའི་རྒྱུ་མཚན་གྱིས་ཡིན་ཞིང་། གཏེར་ཆོས་དེ་ལས་ཇོ་བོ་ཤཱཀྱ་མུ་ནེ་དང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཉིས་ཀྱི་བྱུང་རབས་ལོ་རྒྱུས་ཀྱི་དགེ་མཚན་སྐོར་གསལ་ཆ་ཐོན་པ་དང་། དེར་མ་ཟད། བཀའ་ཆེམས་ཀ་ཁོལ་མའི་ནང་རྗེ་ཙོང་ཁ་པས་ཇོ་བོར་དབུ་རྒྱན་བསྐྱར་དུ་བསྒྲོན་རྒྱུའི་དགོངས་བཞེད་ལ་དག་པ་སྦྱིན་པའི་མ་འོངས་ལུང་བསྟན་གསལ་ཡོད་པའི་རྒྱུ་མཚན་གྱིས་ཡིན། དེ་ནས་གུ་རུ་སྣང་སྲིད་ཟིལ་གནོན་བཞེངས་པས་རྗོ༹ང་གསར་མཁྱེན་བརྩེའི་ཞལ་ལུང་དགོངས་དོན་འགྲུབ་པ་དང་། དམ་སྲི་སྤུན་བདུན་ནོན་པར་གྱུར་པས། རྒྱ་གར་ལ་་་་་དམར་པོས་བཙན་འཛུལ་བྱེད་པ་ཡང་འགོག་པ་ཡིན་སྲིད། རིམ་པ་གཞན་ཞིག་ཏུ་ན། ༸གོང་ས་་་་་བླ་མས་གུ་རུའི་སྐུ་བརྙན་འདི་རྟེན་གཙོའི་གྲས་སུ་འཇོག་པས་སྔོན་དུས་རྙིང་མ་པའི་མི་སྡེ་རྣམས་ཟུར་བཀར་དུ་འཁོད་པའི་སྤྱི་ཚོགས་ཤིག་ཡིན་ནའང་། ད་ཆ་༸གོང་ས་་་་་བླ་མས་བཙན་བྱོལ་སྤྱི་ཚོགས་ཀྱི་སྤྱི་བྱིངས་ཀྱི་ཁོངས་སུ་ཞུགས་རྒྱུར་དགའ་བསུ་ཞུས་པའི་རྣམ་འགྱུར་མཚོན་པ་ཡིན། དེ་བས་ན། ང་ཚོས་གཙང་ཁང་གི་ནང་རྟེན་དེ་དག་ལས། ༸གོང་ས་་་་བླ་མའི་ཕུགས་དགོངས་རྟོགས་ཐུབ་པ་ནི། ཇི་ལྟར་ཆོས་ལུགས་འཐེན་འཁྱེར་གྱི་དབང་གིས་ཆབ་སྲིད་ཀྱི་འགལ་ཟླ་བཟོ་བ་དང་། དེའི་དབང་གིས་བོད་རྒྱལ་ཁབ་ཉམས་དམས་སུ་གཏོང་བ་དེ་བཞིན་དུ། ཆོས་ཕྱོགས་ཀྱི་ཆོ་ག་ལས་སྦྱོར་འཐུས་སྒོ་ཚང་བའི་ཁོར་ཡུག་ཅིག་བསྐྲུན་པས། རང་རེའི་སྤྱི་འབངས་ཀྱི་གནས་སྟངས་ལ་འགྱུར་བ་གསར་པ་ཞིག་བསྐྲུན་ཐུབ་པ་དང་། དེའི་དབང་གིས་ནང་ཁུལ་གྱི་ཕྱོགས་རིས་འཐེན་འཁྱེར་གྱི་ཡོ་ལངས་ཞི་ཐུབ་པ་དེ་ཡིན། ཆབ་སྲིད་ཀྱི་ངོ་བོ་ནས་བལྟས་ཚེ། ༸གོང་ས་་་་་བླ་མའི་མཛད་པ་འདིས་སྔོན་ཆད་ཟུར་བཀོལ་དུ་འཁོད་པའི་མི་སྡེ་ཁག་ཅིག་ད་ཆ་ཆེད་དུ་ཁོང་ཚོ་་་་་་བྱོལ་སྤྱི་ཚོགས་ཀྱི་དབང་འཛིན་ལྟེ་བའི་གྲས་སུ་བཙུད་པའི་རྣམ་པར་ལྟ་འོས།(༥༣)

ཇོ་བོའི་དབུ་རྒྱན་སྐོར་གྱི་རྩོད་གླེང་འདི་ལ་ཡང་དེ་དང་ཕྱོགས་མཚུངས་སུ་ཀློག་འགྲེལ་རྒྱག་ཆོག་སྟེ། ད་བར། མི་རབས་རེ་རེའི་ཁྲོད་དུ། བོད་མིའི་སྤྱི་ཚོགས་ནང་། དགེ་ལུགས་པའི་ཆོས་བརྒྱུད་དབང་འཇི༹ན་པ་དང་། དགེ་ལུགས་པའི་མཆོད་ཡོན་སྦྱིན་བདག་དང་། བོད་ཀྱི་སྐུ་དྲག་གྲལ་རིམ་དང་། རྒྱ་ནག་མིང་གོང་མ་དང་། ལྷག་པར་ཆིང་གོང་མ་བཅས་ཀྱིས་ལོགས་སུ་ཟུར་བཀར་བྱས་པའི་མི་སྡེ་རྣམས་ཀྱིས་དགེ་ལུགས་པའི་དབང་འཇི༹ན་རིང་ལུགས་ལ་ཡང་ཡང་རྒོལ་བའི་རྣམ་འགྱུར་མཚོན་པའི་ཐབས་སུ་ཇོ་བོའི་དབུ་རྒྱན་སྐོར་གྱི་རྩོད་གླེང་འདི་གསོན་པོར་བདག་གཉེར་བྱས་ཡོད། དེ་བས་ན། ཇོ་བོའི་དབུ་རྒྱན་སྐོར་གྱི་རྩོད་གླེང་དེ་ནི། དགེ་ལུགས་པ་མིན་པའི་ཆོས་བརྒྱུད་པ་དག་ལ་མཚོན་ན། ཁོང་ཚོ་རང་ཉིད་སྲིད་ཕྱོགས་ནས་གཤམ་འོག་གྲལ་རིམ་པ་ཞིག་དང་། ཆོས་ཕྱོགས་ནས་ཆོས་ལུགས་རྙིང་འཛིན་པ་ཞིག་གི་ངོས་འཛིན་འོག་མྱང་དང་མྱོང་བའི་བསུན་གཙེར་ཕྱིར་མངོན་ཐུབ་པ་བཟོ་བའི་ཐབས་ལམ་ཞིག་ཏུ་གྱུར་པ་རེད། དེ་བཞིན་དུ་ལྷ་བཟོ་བ་ཆེན་མོ་རྣམས་དང་། ཁོང་ཚོའི་མི་རབས་གོང་མ་དག་ལ་ནི། ཇོ་བོའི་དབུ་རྒྱན་(སྐོར་གྱི་རྩོད་གླེང་)འདི། ལྷ་སའི་སྐུ་དྲག་དག་གིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལས་སྒེར་གྱི་ཁེ་དབང་བདག་སྲུང་བྱ་རྒྱུ་གཙིགས་ཆེར་འཛིན་པའི་གནས་བབ་ལ་མི་འདོད་པའི་རྣམ་པ་མཚོན་པའི་ཐབས་ལམ་ཞིག་ཏུ་གྱུར་ཡོད། །

pastedGraphic_1.pdfpastedGraphic_2.pdf

འདྲ་པར་ཨང་ལྔ་པ།

དཔྱད་རྩོམ་འདིའི་བརྒྱུད་རིམ་ཡོངས་སུ་རྗོ༹གས་པར། ངས་བོད་མི་ཚོས། ཇོ་བོ་ཤཱཀུ་མུ་ནེའི་སྐུ་བརྙན་གྱི་བཀོད་པ་དེ། སྐུའི་སྣང་ཚུལ་གང་ཞིག་ཁུངས་བཙན་ཡིན་མིན་དང་། དང་ཐོག་གི་རྣམ་པ་གང་ཡིན་མིན། ཆོ་ག་ལས་སྦྱོར་གནད་སྨིན་བྱུང་ཡོད་མེད་སོགས་ཀྱི་སྐོར་རྣོ་ངར་ལྡན་པའི་རྩོད་གླེང་བྱེད་པའི་ཞིང་ས་ཞིག་ཏུ་བསྒྱུར་བ་དེ། ནང་ཁུལ་གྱི་ཆོས་སྲིད་མངའ་དབང་གི་འཐབ་རྩོད་ལ་ཁ་སྒྱུར་བའི་ཐབས་ལམ་ཞིག་དུ་བེད་སྤྱོད་བྱེད་པ་ནི་བོད་མིའི་གོམས་གཤིས་ཀྱི་ལྟེ་སྙིང་དུ་གནས་ལུགས་ཁུངས་དེད་རྩད་གཅོད་བྱས་ཡོད།

རྩོད་གླེང་འདི་དུས་རབས་མང་པོའི་སྔོན་ནས་བརྩམས་པའི་བོད་ཀྱི་དཔེ་རྙིང་སྣ་ཚོགས་ཀྱི་ནང་དུ་གསལ་ཡོད་ལ། ཆེས་ངར་ཤུགས་ལྡན་པའི་ངག་ལམ་དུ་བརྒྱུད་པའི་རང་རྣམ་དག་གི་ཁྲོད་དུའང་གླེང་ཡོད། དེར་མ་ཟད། དུས་རབས་ཉི་ཤུ་པའི་ལྷ་སའི་ཆབ་སྲིད་ཀྱི་འཚོ་བའི་ནང་ནག་ནོག་གིས་སྦགས་པའི་གྱོན་གོས་ཤིག་གི་ངོ་བོར་ཤུབ་སྐད་ཀྱི་ཚུལ་དུའང་གླེང་ཡོད། འོན་ཀྱང་། ངས་ད་བར་ཁུངས་བཅོལ་བྱས་པའི་རྒྱུ་ཆའི་ནང་། གང་ཞིག་མ་ཚང་བ་ནི། ལྷ་སའི་ཟིང་འཁྲུག་གི་རྐྱེན་པས་བོད་་་་་བཙན་ཤོར་བའི་བར་གྱི་དངོས་མྱོང་ལོ་རྒྱུས་དེ་རེད། ལྷག་པར་དུ། ལྷ་སའི་གཙུག་ལག་ཁང་གི་དབང་འཇི༹ན་པ་སྐུ་དྲག་ཚོའི་ངོས་ནས་བལྟ་སྟངས་སྐོར་ཚུད་མེད།

དེར་བརྟེན་གྲངས་ཐོ་རྒྱུ་ཆས་ཕྱུག་པའི་དཔྱད་རྩོམ་འདི་མཇུག་མ་བསྒྲིལ་གོང་། ངས་རྩོད་གླེང་འདིའི་ལྟེ་སྙིང་དུ་འཁོད་པའི་སྐད་སྒྲ་གཞན་ཞིག་ལ་སྐྱར་ལོག་བྱ་རྒྱུ་ཡིན། དེ་ནི་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་ལྷ་སའི་གཙུག་ལག་ཁང་གི་དཀར་ཆག་ཡིན་ཞིང་། དེར་ང་ཚོས་ཕྱིར་ལྟ་ཞིག་བྱ། ཞྭ་སྒབ་པ་ནི་”བོད་ཀྱི་སྲིད་དོན་རྒྱལ་རབས་”(Tibet: A Political History)ཞེས་པ་བོད་ཀྱི་རྒྱལ་རབས་དང་། བོད་ལ་ཉམས་ཉེས་བྱུང་སྟངས་སྐོར་གྱི་ལོ་རྒྱུས་དཔེ་དེབ་(༥༤) ཤུགས་རྐྱེན་ཆེ་བ་དེའི་རྩོམ་པ་པོ་རེད། ཁོང་གིས་ ༡༩༨༠ སྐོར་ལ། ཁོང་རང་ ༡༩༣༩ ནས་ ༡༩༥༡ བར་བོད་གཞུང་གི་ནོར་སྲིད་བཀའ་བློན་མཇ༹ད་འགན་བཞེས་སྐབས་ཀྱི་སྒེར་གྱི་ཉམས་མྱོང་ལ་གཞི་བཅོལ་ཏེ། ལྷ་སའི་གཙུག་ལག་ཁང་གི་དཀར་ཆག་ཞིག་བརྩམས་ཡོད། དེའི་ནང་གསལ་བ་ལྟར་ན། གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་གསོལ་འདེབས་ཐལ་སྦྱར་གྱི་ཚུལ་དུ་བཞུགས་པ་དེའི་ལོ་རྒྱུས་དེ། ཆེན་མོ་ལགས་སྤེན་པ་རྡོ་རྗེས་གསུངས་པ་དང་མཐུན་གྱི་མེད། མ་ཟད། ཞྭ་སྒབ་པས་ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་དང་འབྲེལ་བའི་རྩོད་གླེང་གི་ལོ་རྒྱུས་སྐོར་གླེང་སློང་གང་ཡང་གནང་མེད། འོན་ཀྱང་། ཞྭ་སྒབ་པས་དཀར་ཆག་འབྲི་རྩོམ་གནང་སྐབས། མ་མཐར་ཡང་། ཁོང་ལ་རྗོ༹ང་གསར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་ལུང་གི་ཕྱོགས་ཙམ་ཞིག་རྒྱུས་མངའ་ཡོད་ངེས་རེད། རྒྱུ་མཚན་གང་ལགས་ཞུས་ན། ཁོང་གིས་ཞལ་ལུང་དེར་དྲངས་པའི་གུ་རུའི་སྐུ་བརྙན་དེ་ལྷ་སའི་གཙུག་ལག་ཁང་གི་གུ་རུའི་སྣང་བརྙན་གཞན་ཞིག་ཡིན་པར་བསྟན་པར་མ་ཟད། བོད་གཞུང་བཀའ་ཤག་ནས་གུ་རུའི་སྣང་བརྙན་དེ་བཞེངས་རྒྱུར་ཕྲན་བུའི་དུས་འགྱངས་གནང་ཡོད་པའང་ངོས་ལེན་གནང་ཡོད། རྗོ༹ང་གསར་མཁྱེན་བརྩེ་རིན་པོ་ཆེའི་གཏེར་ལུང་དགོངས་དོན་སྙིང་པོར་འདི་ལྟར་ཏེ།

”བསྟན་སྲིད་ཡུན་གནས་དང་། ཡུལ་སྤྱིའི་བདེ་ཐབས་སུ་གཙུག་ལག་ཁང་གི་ནང་། གུ་རུ་ཟ་ཧོར་མ་སྣང་སྲིད་གཟིལ་གནོན་གྱི་སྐུ་ཐོག་ཚད་གསུམ་མ་ཞིག་འཕྲལ་བཞེངས་གནང་དགོས། རྒྱལ་བློན་བཀའ་ཤག་བཅས་ལ་སྙན་བསྐུལ་གནང་བ་ཕྲན་བུའི་འགྱངས་རྐྱེན་བྱུང་རུང་། ཤིང་ལུག་ ༡༩༥༥ ལོར་གསེར་ཟངས་ཀྱི་གུ་རུ་རིན་པོ་ཆེ་རྒྱ་གར་མ་རྒྱུགས་མཐོ་བཅོ་ལྔའི་སྐུ་ཚད་ཅན་གསར་བཞེངས་མཛད་དེ་གཟུངས་འབུལ་རབ་གནས་སོགས་སྨིན་གླིང་གཅུང་རིན་པོ་ཆེ་ནས་ཕྱག་ལེན་བཞིན་གནང་བ་བཅས་བཞུགས། །” ཞེས་འཁོད། (དེར་ཞྭ་སྒབ་པ་རང་གིས་མཆན་བཏབ་པར། བློ་ཕམ་དགོས་པ་ཞིག་ལ་གུ་རུ་པདྨའི་སྣང་བརྙན་འཕྲལ་དུ་བཞེངས་ཐུབ་རྒྱུ་ནི་སྤྲོས་བྲལ་རེད། གང་ཡིན་ཞུ་ན། དང་པོ་ཡིག་ཆ་ཞལ་གསལ་མེད།  རྗོ༹ང་གསར་མཁྱེན་བརྩེས་ཐུགས་ཕམ་གནང་འདུག  དེའི་སྐོར་གལ་གནད་ཆེ་བའི་དཀར་ཆག་དཔེ་དེབ་འདིའི་ལོ་རྒྱུས་སྙིང་བསྡུས་ཀྱི་ཚན་པའི་ཁོངས་སུ་བཀོད་ཡོད་ཅེས་གསལ།) ཞེས་གསུངས་འདུག །(༥༥)

འདྲ་དཔར་ཨང་གྲངས་དྲུག་པ།

དབུ་རྒྱན་གྱི་གནད་དོན་དང་འབྲེལ་བའི་ཞྭ་སྒབ་པའི་འགྲེལ་བརྗོད་དུམ་བུ་དེ། ཆེན་མོ་ལགས་སྤེན་པ་རྡོ་རྗེས་འགྲེལ་བརྗོད་གནང་བའི་ངག་རྒྱུན་ལོ་རྒྱུས་དང་གཤིབ་ནས་བསྡུར་ཚེ། ་་་་བྱོལ་གྱི་ཆབ་སྲིད་ཀྱི་དཀའ་རྙོག་ནང་དབུ་རྒྱན་གྱི་གནད་དོན་དེ་ཇི་ལྟར་གལ་གནད་ཅན་དུ་གྱུར་ཡོད་མེད་གསལ་པོར་མཚོན་ཐུབ། གནད་དོན་ཤིན་ཏུ་གལ་ཆེ་ཞིང་རྙོག་གླེང་ཅན་འདི་ལྟ་བུ་ཞིག་གི་ཐད་ཞྭ་སྒབ་པས་འགྲེལ་བརྗོད་ཧ་ཅང་གཟབ་ནན་གནང་བ་དེ་ནི། སུ་ཡིན་ཡང་ཚོད་དཔག་ཐུབ་པ་ཞིག་ཡིན། ཇོ་བོའི་དབུ་རྒྱན་དེ་གལ་གནད་ཅི་འདྲ་ཞིག་ཏུ་གྱུར་མིན་ཞྭ་སྒབ་པས་ཤེས་ཡོད་པ་དེ་ང་ཚོས་རྟོགས་ཐུབ། གང་ཡིན་ཞེ་ན། ཁོང་གིས་རང་གི་གྲོགས་པོ་གློ་ཉེ་ཞིག་ལ་(གུ་རུའི་)སྐུ་བརྙན་གསར་པ་ཞིག་བཞེངས་རྒྱུ་དང་། རྒྱན་ཆ་འབུལ་རྒྱུར་ཕྱག་རོགས་གནང་ཡོད།(༥༦) གསལ་པོར་བཤད་ན། ཁོང་གིས་ཁོང་དང་ཁོང་གི་ཕྱག་སྦྲེལ་བཀའ་བློན་རྣམ་པས། རྗོ༹ང་གསར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་དགོངས་དང་། ༸གོང་ས་་་་་འི་བླ་མའི་བཀའ་དགོངས་མ་བསྒྲུབས་པ་དེར་འགྲེལ་བརྗོད་མཁས་པོ་ཞིག་གནང་ཐབས་གནང་འདུག ཚིག་གཞན་ཞིག་ནས་བཤད་ན། ཞྭ་སྒབ་པའི་འགྲེལ་བརྗོད་ཀྱི་ཆེད་དུ་བྱ་བའི་འབེན་ནི། ཆེན་མོ་ལགས་སྤེན་པ་ལྟ་བུའི་བོད་མི་རྣམས་ཡིན། ཁོང་རྣམས་ཀྱིས་ཞྭ་སྒབ་པ་དང་སྐུ་དྲག་གཞན་རྣམས་ལ་རྒྱ་མིས་བཙན་འཛུལ་བྱེད་སྐབས་བོད་རིགས་རྣམས་ལུགས་མཐུན་སྲུང་སྐྱོབ་མ་བྱས་པའི་སྐྱོན་འཛུགས་བྱེད་པ་རེད། །

ཇོ་བོ་ཤཱཀྱ་མུ་ནེའི་སྐུའི་བཀོད་པ་ཚད་ལྡན་བྱུང་མིན་དང་། དེའི་གལ་གནད་གང་ཡིན་སྐོར་བོད་རིགས་ནང་ཁུལ་སྒྲུབ་བྱེད་སྣ་ཚོགས་བཀོད་པ་དེ་དག་ལ་སེམས་ཐག་ཉེ་པོས་དཔྱད་ཞིབ་རྗེས་འདེད་བྱེད་ཀྱིན་དུ་ང་ཚོ་རང་ཉིད་བོད་རྒྱལ་རབས་ཀྱི་ཡིག་ཚགས་རྒྱུ་ཆ་དང་ལྷ་བཟོའི་སྒྱུ་རྩལ་གྱི་ལོ་རྒྱུས་སྐོར་ལ་དགོངས་པ་འགྲེལ་ཚུལ་མི་འདྲ་བའི་ཆབ་སྲིད་ཀྱི་དྲ་བའི་ནང་འཚུད་ཡོད། རྩོད་གླེང་འདི་ནི། ཁྱད་གཞི་གང་ཞིག་ཁུངས་དག་ཡིན་མིན་དང་། དེེ་དང་འབྲེལ་ཆགས་ཀྱི་ཁྱད་ཆོས་གཉིས་ཏེ། ཐོག་མ་དང་པོའི་ཐོན་རྫས་དེ་ཡིན་མིན་དང་། དེར་ཆོས་ཕྱོགས་ཀྱི་ཕྱག་ལེན་གནད་སྨིན་བསྒྲུབས་ཡོད་མེད་བཅས་ཀྱི་གནས་དོན་རྣམས་ཇི་འདྲའི་བསམ་ཚུལ་འདྲ་མིན་སློང་རྐྱེན་དུ་འགྱུར་རུང་བར་མཚོན་པའི་དཔེ་མཚོན་ཞིག་ཡིན། ཇོ་བོ་ཤཱཀྱ་མུ་ནེའི་སྐུའི་བཀོད་པ་དང་འབྲེལ་བའི་རྩོད་གླེང་དེ་ནི། སངས་རྒྱས་ཀྱི་སྐུ་བརྙན་དེའི་བྱུང་རབས་དང་མུ་མཐུད་པའི་གལ་གནད་ཀྱི་སྐོར་བོད་འབངས་ཀྱི་ཁྲོད་དུ་བསམ་ཚུལ་ལངས་ཕྱོགས་ཆེས་སྣ་ཚོགས་པ་བསྐྱེད་པའི་ཞིང་ས་གཤིན་པོ་ཞིག་གི་དཔེ་མཚོན་དུ་གྱུར་ཡོད། འོན་ཀྱང་སྤྱིར་ན་དེ་འདྲར་གྱུར་པ་ནི་རྩོད་གླེང་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྟ་མིན། མདོ་དོན་སྙིང་པོར་ཇོ་བོ་ཤཱཀྱ་མུ་ནེ་སྐོར་གྱི་རྩོད་གླེང་དེ། སངས་རྒྱས་རང་ཉིད་དང་འབྲེལ་བའི་རྩོད་གླེང་ཞིག་ཏུ་གྲུབ་པས་ཡིན་ལ། དེ་ཡིན་པ་ནི། བཀའ་ཆེམས་ཀ་ཁོལ་མར། ཇོ་བོ་ནི་བོད་འབངས་སྐྱེ་འགྲོ་རྣམས་ཀྱི་ཕན་བདེའི་སླད་དམིགས་བཀར་གྱིས་བཞེངས་པའི་སངས་རྒྱས་དངོས་ཀྱི་སྐུ་ཚབ་དང་པོ་དེ་ཡིན་པར་གསལ་པོ་གསུངས་ཡོད། །(༥༧)

འདྲ་དཔར་ཨང་གྲངས་བདུན་པ།

ཇོ་བོ་ནི་བོད་ཀྱི་རིག་གཞུང་དང་སྲིད་པ་ཆགས་པའི་འགོ་དུས་ནས་བོད་ལ་བྱོན་པའི་སངས་རྒྱས་ཡིན་པས། ཇོ་བོ་ནི་བོད་རྒྱལ་ཁམས་ཀྱི་འགོ་འཛུགས་ས་ཡིན་ལ། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་བའི་མཚོན་རྟགས་དང་ངོ་བོ་ཡང་ཡིན། ཇོ་བོ་ནི་བོད་ཀྱི་སྲིད་པ་ཆགས་པའི་དུས་ནས་ཡོད་པས། བོད་ཀྱི་སྣང་སྲིད་རོལ་པའི་དར་རྒུད་ཀྱི་འཕེལ་འགྱུར་སྣ་ཚོགས་པའི་ཁྲོད་དུ་ཇོ་བོ་ཤཱཀྱ་མུ་ནེ་ཡིས་ཆ་ཤས་གནད་ཆེན་བཞེས་ཡོད་པ་ང་ཚོས་དཔོག་ནུས། དམིགས་སུ་བཀར་ནས་སྐུ་ཞབས་མ་ཡེ་ཁེལ་ཧཱར་ཇེ༹་ཕིལ་ཌི་(Michael Herzfeld)གྱིས་སྣང་སྲིད་འཇིག་རྟེན་དང་རིགས་པའི་རྟོག་དཔྱོད་དབར་གྱི་འབྲེལ་ལམ་ལ་བཏགས་པའི་གཤམ་གསལ་དཔྱད་གཏམ་ལ་བལྟས་ན་ཤེས་ཐུབ། དེ་ཡང་ཁོང་གིས་འདི་ལྟར།

“ལྷག་དོན། ང་ཚོས་(རང་ལ་ལྡན་པའི་)གདམ་ཁ་དང་། བྱེད་པ་གཉིས་ཀྱི་གོ་བབ་ངོ་འཕྲོད་ཙ་ན་སྐད་ཅིག་དེ་ཉིད་ནས། སྣང་སྲིད་འཇིག་རྟེན་ནི་(ང་ཚོས་བསྒྲུབ་རྒྱུའི་)བྱ་གཞག་གང་གི་ཡང་བདག་རྐྱེན་གཙོ་བོ་དེ་ཡིན་པ་ལས་ལྡོག་སྟེ། མཚོན་དོན་དང་རྩོད་གླེང་གི་ཞིང་ས་གཤིན་པོ་ཙམ་ཞིག་གི་ངོ་བོར་རང་སོར་བབས་ནས། མི་སྒེར་དང་། མི་སྡེ་དག་གིས་སོ་སོའི་བྱ་སྤྱོད་རྣམས་ལ་འགྲེལ་བརྗོད་དང་དག་སེལ་བྱེད་པར་མཁོ་བའི་རྒྱུ་ཆ་འཚོལ་བའི་གཏེར་ཁ་ཞིག་ཏུ་སྤྱོད་པར་འགྱུར་རོ། །”(༥༨)

ཅེས་གསུངས་ཡོད། དེས་ན། ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་བཟོ་བཀོད་དང་འབྲེལ་བའི་ཐོག་མའི་འབྱུང་བ་གང་ཡིན་པ་དང་། དེ་ལ་(བཟང་ངན་གྱི་ཕྱོགས་གང་ཡིན་རུང་)བརྗེ་འགྱུར་བཏང་བར་རྗེས་འབྲས་གང་ཐོན་མིན་བཅས་ཀྱི་འགྲེལ་བརྗོད་དེ་དག་ལས། བོད་མི་ཚོས་རང་རང་གི་བྱ་གཞག་རྣམས་ལ་དག་འབུད་བྱེད་ཚུལ་སྐོར་ང་ཚོར་གང་ཅིའི་གནས་ཚུལ་ད་དུང་གཏིང་ཟབ་རྟོགས་ཐུབ་པའི་གོ་སྐབས་ཤིག་སྦྱིན་གྱིན་ཡོད། དེ་ལྟར་རྟོགས་པ་ལ་བརྟེན་ནས། ང་ཚོས་དབང་ཚད་དང་ཤེས་རྒྱ། ཚད་མ་རིག་པ་དང་སྲིད་པ་ཆགས་ལུགས་བཅས་ཀྱི་དབར་ཕན་ཚུན་འབྲེལ་བ་རྣམས་དངོས་སུ་མཐོང་ཐུབ་པ་བྱུང་ལ། དེ་བརྒྱུད་ནས་ང་ཚོས་དཔེར་ན་ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་ལྟ་བུ་དེ་ཙམ་གནད་ཀ་མི་ཆེ་བའི་ཅ་དངོས་ཤིག་བོད་ཡུལ་དུ་ཆོས་ལུགས་ཀྱི་མཚོན་དོན་གལ་ཆེ་ཞིག་དང་། རྩོད་གླེང་གི་ཞིང་ས་འགང་ཆེན་ཞིག་ཏུ་གྱུར་པ་མཐོང་ཡོད། ཇོ་བོའི་སྣང་ཚུལ་སྤྱི་དང་། བྱེ་བྲག་ཏུ་ཇོ་བོའི་དབུ་རྒྱན་ནི། བོད་ཀྱི་མཁས་པ་ཚོས་རང་རང་གི་རྣམ་དཔྱོད་སྟོན་སའི་གླེངས་སྟེགས་སུ་བསྒྱུར་པ་སྟེ། རྩོམ་པ་པོ་མཁས་པ་རྣམས་ཀྱིས། བོད་བཙན་པོའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་དར་ཁྱབ་བྱུང་བ་དང་། དེ་ནས་རིམ་གྱིས་དགེ་ལུགས་པའི་སྲིད་དབང་མངའ་ཐང་རྒྱས་པ་དང་། དེ་རྗེས་བོད་་་་་་་་་་་་་་་་་་་བཙན་ཤོར་བ་དང་དུས་མཚུངས་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཉམས་ཉེས་སོང་བ་ལྟ་བུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་དོན་རྐྱེན་གནད་ཆེ་དག་དང་འབྲེལ་བའི་རྣོ་ངར་ལྡན་པའི་རྩོད་གླེང་གི་ཞིང་སར་སྤྱད་དོ།། །།

ཟུར་མཆན།

ངེད་ལ་ཨེན་མཱེརི་བྷོ་ལེན་རྡི་Anne-Marie Blondeuཡིས་དུས་ཚོད་ཐུང་ངུ་ཞིག་གི་ནང་། ཇོ་བོ་ཤཱཀྱ་མུ་ནེའི་སྐོར་ཁོང་རང་གི་རྩོམ་ཡིག་འདྲ་བཤུས་ཤིག་གཏོང་གནང་བྱུང་བ་དང་། བརྗོད་གཞི་འདིའི་སྐོར་(ཞིབ་འཇུག་)སྲོལ་འབྱེད་ཀྱི་མེ་ལྕེ་མཆེད་པར་ཁོང་ལ་ཐུགས་རྗེ་ཆེ་ཞུ། ཨམ་མྱེ་རྨ་ཆེན་རིག་གཞུང་ལྟེ་གནས་ཁང་གི་(འགན་འཛིན་)བཀྲ་ཤིས་ཚེ་རིང་ལགས་ནས་ནོར་བུ་གླིང་ཁར་ཆེན་མོ་ལགས་སྤེན་པ་རྡོ་རྗེ་བཞུགས་ཡོད་པར་བརྡ་གནང་བས་མ་ཟད། གཞན་ཡང་དོན་ཕན་ལྡན་པའི་དགོངས་ཚུལ་སྣ་མང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན། བརྩམས་ཆོས་འདིའི་ཞིབ་འཇུག་ལས་སྦྱོར་གྱི་འགོ་སྟོད་ལ་Fullbright-Hays Doctoral Dissertation Research Awardཞིབ་འཇུག་སློབ་ཡོན་ཚོགས་པས་རོགས་སྐྱོར་བརྩལ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ།།

(༡) “Statue”(སྐུ་འདྲ་)ཞེས་པའི་བརྡ་ཆད་འདིའི་བཀོལ་སྤྱོད་རན་དང་མི་རན་གྱི་བསམ་ཞིབ་བྱ་ཡུལ་གལ་གནད་ཆུང་བ་ཞིག་ནི། བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་རྟེན་རྗ༹ས་ལ་རབ་གནས་ཀྱི་ཆོ་ག་མཇ༹ད་སྲོལ་དེ་རེད། མདོར་ན། རབ་གནས་ཀྱི་ཆོ་གས་རྟེན་ལ་ཡེ་ཤེས་པ་དབབ་པར་བྱེད། འོན་ཀྱང་། བོད་ཀྱི་ཆོས་བརྒྱུད་སོ་སོའི་ལུགས་ལ་རབ་གནས་ཀྱི་ཆོ་ག་མི་འདྲ་བ་སྣ་ཚོགས་ཤིག་འདུག རབ་གནས་ཀྱི་ཆོ་ག་དགོས་ངེས་ཤིག་ཡིན་མིན་དང་། ཆོ་ག་ཁས་ལེན་མིན་སྐོར་གྱི་གནས་དོན་ལ་མི་རིགས་ཤེས་བྱ་རིག་པའི་དཔྱད་སྡོམ་ཁ་གསལ་གང་ཡང་མེད། འོན་ཀྱང་། ང་ཚོས་གདེང་ཚོད་ངང་ཤོད་ཐུབ་པ་གཅིག་ལ། ཆོ་ག་ལས་སྦྱོར་མཇ༹ད་པས་རྟེན་དེ་དག་སངས་རྒྱས་ཀྱི་སྐུ་འདྲའམ་དོད་ཐུབ་ཀྱི་དངོས་པོ་ཙམ་མ་ཡིན་པར། སེམས་ལྡན་མིན་པའི་སངས་རྒྱས་ཀྱི་སྤྲུལ་པ་ལྟ་བུའི་རྟེན་ཡིན་པའི་གདེང་འཇོག་དེ་ཆེ་རུ་གཏོང་བར་བྱེད། རབ་གནས་སྐོར། ཡཱ་ཨི་བྷེ་ཏེར་གྱིས་བརྩམས་དེབ། འཕགས་བོད་སངས་རྒྱས་པའི་གསང་སྔགས་ཆོས་ལུགས་ལ་སྐུ་བརྙན་དང་མཆོད་རྟེན་གྱི་རབ་གནས་བྱ་ཚུལ། (Yae Bentor, Consecration of Images and Stupas in Indo-Tibetan Tantric Buddhism), Leiden: Brill, 1996. ཞེས་པར་གཟིགས་རོགས།།

(༢) བོད་ཀྱི་མཁས་པ་ཚོས་བཀའ་ཆེམས་ཀ་ཁོལ་མ་ནི་ལྷ་ས་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་ཤིག་ཡིན་པར་མཁྱེན་གྱིན་ཡོད། བོད་རིག་པའི་མཁས་པ་ཚོས་དེབ་ཐེར་འདིའི་ནང་ཕལ་ཆེར་སངས་རྒྱས་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཀྱིས། གདོད་མའི་བོད་མིའི་གདུང་བརྒྱུད་ཇི་ལྟར་སྤེལ་བའི་ལོ་རྒྱུས་ཀྱི་སྒོ་མོ་འབྱེད་པའི་དེབ་ཐེར་ཐོག་མ་དེ་ཡིན་པར་ངོས་འཛིན་བྱེད། ཕལ་ཆེར་དུས་དེ་ཙམ་ནས་བོད་ཀྱི་བཙན་པོའི་དུས་རབས་(ཚོད་རྩིས་ཕྱི་ལོ་སྔོན་ ༦༣༠-༨༤༡)དབུ་བརྙེས་ཚུལ་གྱི་ངག་རྒྱུན་ལོ་རྒྱུས་ཡོད་ལ། བོད་དུ་སངས་རྒྱས་པའི་ཆོས་ལུགས་སྲོལ་གཏོད་པའི་ལྷ་གྲུང་བཅས་སྐྱར་བཤད་ཡང་སྒྲིག་བྱས་ཡོད་པར་ཚོད་རྩིས་བྱེད་ཀྱིན་ཡོད། དེབ་ཐེར་འདིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཤིན་ཏུ་གལ་གནད་ཆེ་བའི་གོ་ས་བཟུང་ཡོད་ལ། བོད་ཀྱི་མཁས་པ་རྩོམ་བྲིས་པ་ཚོས་ཡང་ནས་ཡང་དུ་ལུང་འདྲེན་གནང་ཡོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ། ནུབ་ཕྱོགས་པའི་མཁས་པ་ཚོས། དུས་ཕྱིས་སུ་བོད་དུ་སངས་རྒྱས་ཀྱི་ཆོས་དར་ཁྱབ་བྱུང་བའི་སྐོར་ཆོས་འབྱུང་ལོ་རྒྱུས་ཀྱི་དཔེ་ཚོགས་མང་དག་ཞིག་ལས་སླ་མོར་མཇལ་རྒྱུ་ཡོད་པའི་དབང་གིས་(བཀའ་ཆེམས་)ཞིབ་བལྟ་བྱེད་རྒྱར་སྣང་ཆུང་དུ་ཤོར་ཡོད། བཀའ་ཆེམས་ཀ་ཁོལ་མའི་མ་དཔེ་དཔར་མ་ཁག་ཕན་ཚུན་ཆེས་མི་འདྲ་བ་ཡོད། དཔྱད་རྩོམ་འདིའི་ཆེད་དུ། ངས་དཔར་མ་ཁག་གཉིས་རང་ལ་ཁུངས་བཅོལ་བྱེད་རྒྱུ་ཡིན། ༼ཀ་པ། བཀའ་ཆེམས་ཀ་ཁོལ་མ། ཇོ་བོ་ཨ་ཏི་ཤཱ། སྨོན་ལམ་རྒྱ་མཚོས་ཕྱོགས་སྒྲིག་མཇ༹ད་པ་དེ་ཡིན། (ལན་ཁྲོའོ། ཀན་སུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བཏབ། ༡༩༨༩) ༼ཁ་པ། བཀའ་ཆེམས་ཀ་ཁོལ་མ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་ཐར་རིགས་གསུམ་མགོན་པོའི་མཇ༹ད་སྤྱོད་ཇོ་བོ་རྗེའི་བཞེངས་ལུགས་མ་ཎི་པདྨའི་ལུང་བསྟན་མེས་མགོན་གསུམ་གྱི་དཔེའི་རྒྱལ་པོ་སྲོང་བཙན་སྒམ་པོའི་རྣམ་སྤྲུལ་བོད་ཡུལ་དབུས་ཀྱི་ཡོན་ཏན་གཙུག་ལག་ཁང་གི་བཤད་པ་རྒྱལ་པོ་བཀའ་ཆེམས་ཀྱི་ཤོག་རིལ་མདོ་ཙམ་བྱས་པ་བཀའ་ཁོལ་མ། དཔེ་གཟུགས། དཔེ་བཤུས། ཨང་། 613.1-803.4. མ་འོངས་ལུང་བསྟན་གསལ་བའི་སྒྲོན་མེ། པོད་དང་པོ། (ལ་དྭགས་)སྟོག་གསུང་རབ་དཔར་མ། (གླེ་ ༡༩༧༣) ལེའུ་ ༡༣ ཅན་གཉིས་ཡིན།།

(༣) རཱེ་ནེ་ཌེ་ནེ་བཱེསེ་ཀི་ཝོའོ་ཀོ་ཝི་ཙེ་Rene de Nebesky-Wojkowitzཡིས་བརྩམས་དེབ། བོད་ཀྱི་ལྷ་དང་འདྲེ། བོད་ཀྱི་ལྷ་སྲུང་མཆོད་སྲོལ་དང་ལྷ་སྐུའི་རྣམ་གཞག (Oracles and Demons of Tibet: The Cult and Iconography of the Tibetan Protective Deitie), New Delhi: Paljor Publications, 1998, ཅེས་པར་ཤོག་གྲངས་ 320-22 དང་དཔེ་བསྡུར་བྱས་པས། བདུད་རྩི་འཁྱིལ་བ་Amritakundalinནི་རྙིང་མ་པའི་ལྷ་བསངས་ཀྱི་ཕྱག་དཔེ་ཞིག་གི་ནང་དུ་དགྲ་ལྷ་ཞིག་ཡིན་པར་གསུངས་འདུག ལྷ་འདིའི་རྣམ་པ་གཞན་ཡང་མང་པོ་ཡོད་འདུག།

(༤) རྒྱལ་སྲིད་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་རེད།།

(༥) བཀྲིས་རྟགས་བརྒྱད་ནི། མེ་ལོང་། གྷི་ཝང་། ཞོ། རྩ་དུར་བ། ཤིང་ཏོག་བིལ་བ། གདུང་དཀར་གཡས་འཁྱིལ། ལི་ཁྲི། ཡུངས་ཀར་བཅས་རེད།།

(༦) ཚིག་གི་དུམ་བུ་འདི་བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཀ་པའི་ཤོག་གྲངས་ ༢༨ ཁོ་ནར་གསལ། བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཁ་པ་སྟོག་དཔར་མར་ཚིག་གི་དུམ་བུ་དེ་དང་འདྲ་མཚུངས་ཤིག་འདུག་ནའང་། ཆེས་ཐུང་ངུ་དང་གལ་གནད་ཆེ་བའི་འགྲེལ་བརྗོད་གང་ཡང་མི་འདུག ཡང་། གོང་གི་དེ་དང་འདྲ་མཚུངས་ཀྱི་ཚིག་གི་དུམ་བུ་གཞན་ཞིག་ནི་རྒྱལ་རབས་དང་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བཞེངས་ན(ས)་བོད་ཡུལ་དབུས་སུ་གདན་གྲངས་ལུགས་དང་རིགས་གསུམ་མགོན་པོ་མཇ༹ད་སྤྱོད་རྒྱལ་པོ་སྲོང་བཙན་སྒམ་པོ་རྣམ་ཐར་བསྡུས་པ། ཅེས་པའི་དཔེ་གཟུགས་ནང་། ཤོག་གྲངས་ 1b1-81a2, ནང་ཡོད། Collection Dybykov, Akademija Nauk, Institu Narodov Azii, St. Petersburg. འདི་བཞིན་ཨུ་རུ་སུར་སེནཌ་པི་ཌརསེ་བྷར་གྷ་རིག་གཞུང་ཁང་དུ་བཞུགས་ཡོད།།

(༧) དཔེར་ན། རྒྱ་གར་དང་བོད་ལུགས་ལ་བདུད་རྩི་འཁྱིལ་བ་དྲག་པོའི་Amrtakundalinསྐུ་ལྟག་རྒྱབ་ནས་དོལ་ཡོང་བ་ཞིག་རྩ་བ་ཉིད་ནས་བྱུང་མྱོང་མེད།།

(༨) རྗེ་རྩོང་ཁ་པས་ཇོ་བོ་ལ་དབུ་རྒྱན་གསར་དུ་བསྒྲོན་པའམ་བསྐྱར་དུ་བསྒྲོན་པའི་མཇ༹ད་པ་ལ་རྗེས་འབྲས་རིང་མོ་ཡོད། ༡༤༣༣ ལོར་ཨརཱཀན་(Burma)རྒྱལ་ཁབ་ཀྱི་རྒྱལ་ས་མཐའ་མ་མཱརཨུཀ་Mrauk-Uདབུ་བརྙེས་སྐབས། བོད་དང་རྒྱ་ནག་གི་ལུགས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཏེ། རྒྱུ་རག་ལས་བྱས་པའི་དབུ་རྒྱན་ཅན་གྱི་ཐུབ་པ་ཆེན་པོའི་སྐུ་ཞིག་བཞེངས་ཡོད། དེ་དུས་ཕལ་ཆེར་(རྒྱལ་པོ་)མཱིན་སྭ་མུན་Minswmunགྱིས་སླར་སྲིད་དབང་བཞེས་པའི་དུས་སྐབས་ཤིག་ལ་ཡིན་པའི་ཚོད་འཇི༹ན་བྱེད། སྐུ་བརྙན་དེ་བྷོ་རྡཝ་པཱ་ཡཱ་Bodawpayaཅེས་པའི་(ཇག་ཚོགས་)ཀྱིས་ས་གནས་མཎྜ་ལི་Mandalyལ་རྐུ་འཁྱེར་བྱས་པའི་དངོས་པོའི་གྲས་ཤིག་ཡིན་པ་རེད། སྐུའི་བཟོ་བཀོད་དང་རྒྱན་སོགས་(རྒྱ་གར་)པཱ་ལའི་Palaརྒྱལ་བརྒྱུད་དུས་ཀྱི་ལྷོ་ཤར་ཨེ་ཤ་ཡི་ནང་བཞེངས་པའི་དབུ་རྒྱན་དང་ལྡན་པའི་སངས་རྒྱས་ཀྱི་སྐུ་བརྙན་དེ་དག་གི་ལག་སྩལ་དང་ཆེས་ཐ་དད་ཡིན་འདུག གཟི་བརྗིད་ལྡན་པའི་སངས་རྒྱས་ཀྱི་སྐུ་བརྙན་འདིའི་འདྲ་དཔར་མཇལ་བར་འདོད་ན། པཱ་མེ་ལཱ་གྷུ་ཏམ་Pamela Gutmanགྱི་བརྩམས་དེབ། དོར་ཟིན་པའིའབཱར་མའི་རྒྱལ་ས། གཟི་བརྗིད་ལྡན་པའི་ཨཱར་ཀན། (Burma’s Lost Kingdom: Splendors of Arakan), Trumbell, CT: Weatherhill, 2001, ཞེས་པར་ཤོག་གྲངས་ 147-49 ནང་གཟིགས།།

(༩) གྷརེ་གྷོ་རི་ཧེན་ཌོར་སོན་དང་ལིའོན་ཧུར་ཝིཙེ་Gregory Henderson and Leon Hurvitzགཉིས་ཀྱི་བརྩམས་དེབ། ཤཱེར་ཡོ་ཇིའི་སངས་རྒྱས། གནས་ཚུལ་གསར་རྙེད་དང་ལྟ་གྲུབ་གསར་པ། (The Buddha of Seiryoji: New Finds and New Theory), Artibus Asiae 19 (1956): ཞེས་པར་ཤོག་གྲངས་ 12 ནང་གཟིགས།།

(༡༠) ཇྰོན་ཧིཀ་Jon Hickགི་དཔེ་དེབ། ཆོས་ལུགས་ཀྱི་འགྲེལ་བཤད། མི་མངོན་པའི་གོ་འཕང་ལ་མི་ཡིས་ལན་འདེབས། (An Interpretation of Religion: Human Responses to the Transcendent), New Haven, CT: ཡཱེལ་སློབ་གྲྭ་ཆེན་མོའི་དཔར་འདེབས།Yale University press, 2005: ཞེས་པར་ཤོག་གྲངས་ 41-43 ནང་ཁོང་གིས་འདི་ནི་སངས་རྒྱས་པའི་ཐེག་པ་ཆེན་པོའི་ལུགས་ཀྱི་བཞེད་ཚུལ་”བདེན་པ་”ཞེས་པ་དེར་ཆ་འཇོག་བྱེད་ཡོད་ལ། ཁོ་པས་འཇིག་རྟེན་སྲིད་པ་ལྷ་ཡིས་བཀོད་ཚུལ་གྱི་གྲུབ་མཐར་བཞེད་སྲོལ་འདི་བཀོལ་སྤྱོད་བྱེད་འདུག།

(༡༡) རིན་པོ་ཆེའི་རིགས་ཀྱི་སངས་རྒྱས་འདི་དག་ལ་”རྒྱལ་བ་རིགས་ལྔ་”ཅེས་འབོད་པ་དང་། རྒྱལ་བ་ཞེས་པ་སྔགས་ལུགས་ཀྱི་ངོས་འཛིན་བྱ་ཚུལ་ཞིག་ཡིན་པ་རེད། དཔེར་ན། དཀྱིལ་འཁོར་གྱི་ནང་། དབུས་སུ་སངས་རྒྱས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ། ཤར་དུ་སངས་རྒྱས་རིན་ཆེན་འབྱུང་གནས་སྐུ་མདོག་སེར་པོ། ལྷོ་རུ་སངས་རྒྱས་མི་འཁྲུགས་པ་སྐུ་མདོག་སྔོན་པོ། ནུབ་ཏུ་སངས་རྒྱས་འོད་དཔག་མེད་དམར་མོ། བྱང་དུ་སངས་རྒྱས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་བཅས་ཡིན་པ་རེད། སྔགས་ཕྱོགས་ཀྱི་ཆོ་ག་འགའ་ཞིག་ཉམས་སུ་ལེན་སྐབས་ཆོས་པ་ཚོས་འདིར་འགྲེལ་བརྗོད་བྱས་པ་ལྟར་གྱི་དབུ་རྒྱན་གྱོན་སྲོལ་ཡོད་པ་རེད།།

(༡༢) ལྷ་སྐུའི་རྣམ་གཞག་གྱི་ལོ་རྒྱུས་ནང་སངས་རྒྱས་ཀྱི་སྐུ་བརྙན་དབུ་རྒྱན་བཞེས་པ་ཡོད་ནའང་། བོད་དུ་དུས་རབས་བདུན་པ་ནས་བཅུ་བཞི་དབར་དེ་ཙམ་གྱི་ཡོངས་གྲགས་ཤིག་མེད། བཤད་སྲོལ་གཞན་ཞིག་གིས་དབང་དུ་བྱས་ན། ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་ནི་རྒྱ་གར་ཡུལ་གྱི་སངས་རྒྱས་པའི་ཆོས་ལུགས་དར་བའི་དུས་ཕྱིས་ཀྱི་པཱ་ལའི་(Pala)རྒྱལ་བརྒྱུད་ཀྱི་སྐབས་དར་སོ་ཆེ་བའི་ལྷ་བཟོའི་ལག་སྩལ་དང་འབྲེལ་བ་ཡོད་ཚུལ་བརྗོད། འདིའི་སྐོར་རྒྱས་པ་མཁྱེན་འདོད་ན། ཀེམ་རོན་དྲརེ་ཝིཌ་ཝར་ནཱར་Cameron David Warnerགྱི་འབུམ་རམས་པའི་ཆེད་རྩོམ། ཇོ་བོ་རིན་པོ་ཆེ། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་ཡི་ལོ་རྒྱུས་དང་དེ་ལ་མཆོད་བསྟོད་བྱ་ཚུལ། (The Precious Lord: The History and Practice of the Cult of the Jowo Sakyamuni in Lhasa, Tibet), PhD diss., ཧཱར་ཝཌ་སློབ་གྲྭ་ཆེན་མོའི་དཔར་འདེབས་Harward University, 2008), ཞེས་པར་ཤོག་གྲངས་ 46, 180-89 ལ་གཟིགས།།

(༡༣) ཨེན་མཱེརི་བྷོ་ལེན་རྡི་Ann-Marie Blondeuཡི་བརྩམས་ཆོས། རྗེ་ཙོང་ཁ་པར་དག་འབུད། (Defense de Tson kha pa): A propos d’un texte polemique attribute a Mkhas grub rje,” in Tibetan Studies (Vienna: Osterreichische Akademie der Wissenscharften, Phil-Hist. Klausse Denkschriften, 256/Beitrage zur Kultur-und Geistesgeschichte Asiens, 21, 1995), ཅེས་པར་ཤོག་གྲངས་ 59-76 ནང་རྗེ་ཙོང་ཁ་པའི་སྒྱུབ་ཕྱོགས་སུ་གཤམ་གྱི་ཕྱག་དཔེ་བཞི་ལུང་འདྲེན་གནང་ཡོད། ༡) མཁས་གྲུབ་དགེ་ལེགས་དཔལ་བཟང་(༡༣༨༥-༡༤༣༨)གིས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར། ༢) ཕལ་ཆེར་དུས་རབས་བཅོ་བརྒྱད། ཡང་ན། བཅུ་དགུའི་ནང་གི་རྩོམ་པ་པོ་ཆེ་གེ་མོ་ཞིག་གིས་ཏན་ཏན་མཁས་སྒྲུབ་རྗེར་ཁ་གཡར་གྱིས་བརྩམས་པའི་དྲིས་ལན། ༣) ༡༨༠༢ ལོར་སོག་པོ་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་(༡༧༤༠-༡༨༡༠)ཀྱིས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར། ༤) དུས་རབས་བཅུ་དགུ་པར་འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་བརྩམས་པ་བཅས། གོང་གསལ་བཞི་ཀས་ཇོ་བོ་ཤཱཀྱ་མུ་ནེའི་དབུ་རྒྱན་སྐོར་བཀའ་ཆེམས་ཀ་ཁོལ་མར་ཁུངས་བཅོལ་གནང་ཡོད།།

(༡༤) བྷོ་ལེན་རྡི་Blondeuཡི་བརྩམས་ཆོས། རྗེ་ཙོང་ཁ་པར་དག་འབུད། (Defense de Tson kha pa), ཅེས་པར་ཤོག་གྲངས། 61 ལས། མཁས་སྒྲུབ་རྗེས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དང་། དྲི་ལན་རྫུན་སྒྲིག་ཅན་གཉིས་ཀའི་ནང་། རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེ་ལ་དབུ་རྒྱན་བསྒྲོན་པ་དེས་རྗེ་ཉིད་དང་། དགེ་ལུགས་པའི་བསྟན་པ་གཉིས་ཀར་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པའི་རྒྱུར་འགྱུར་ཡོད། ཅེས་པ་བཀའ་ཆེམས་ཀ་ཁོལ་མའི་ནང་ལུང་བསྟན་ཡོད་ཚུལ་གསུངས་ཡོད།།

(༡༥) གོང་གི་ཤོག་གྲངས། ༦༦ དང་ ༧༠ ནང་། བྷོ་ལེན་རྡི་Blondeuཡིས་ལུང་འདྲེན་དང་ཡིག་སྒྱུར། མདོ་སྨད་པ་འཇམ་དཔལ་རྒྱ་མཚོ་(༡༣༥༦-༡༤༢༨)དང་། དུས་རབས་བཅུ་དགུ་པར་འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱི་གསུང་ལ་གཟིགས། ལྷག་པར་དུ། བློ་བཟང་འཕྲིན་ལས་ཀྱིས་བརྩམས་ཆོས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་འཕྲེང་བ། ཞུ་དག་པ་ཚེ་བརྟན་ཞབས་དྲུང་། (མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡) ལ་གཟིགས།།

(༡༦) བྷོ་ལེན་རྡི་Blondeuཡི་བརྩམས་ཆོས། རྗེ་ཙོང་ཁ་པར་དག་འབུད། (Defense de Tson kha pa), ཅེས་པར་ཤོག་གྲངས་ 66 ལས། “Je me contenterai d’ indiquer que ni ནང་། བཀའ་ཆེམས་ཀ་ཁོལ་མ་དང་། དཔའ་བོ་གཙུག་ལག་ཕྲེང་བའི་མཁས་པའི་དགའ་སྟོན་གཉིས་ཀས། qui dit prendre comme la source le བཀའ་ཁོལ་མ་ལུང་འདྲེན་གནང་ཡོད། ne signalent la presence d’un tel diademe; en revenche, ils indiquent que l’usnisa de la statue etet orne d’un joyau.” དེ་ལྟར་ན་ཡང་། གོང་གི་ལུང་འདྲེན་གྱི་གི་ཚིག་དུམ་དེ་མདོ་སྨད་པ་འཇམ་དཔལ་རྒྱ་མཚོ་དང་། འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱི་གསུང་ཡིན་ངེས་ལས། སྟོག་དཔར་མའི་བཀའ་ཆེམས་ཀ་ཁོལ་མ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་ནི་མི་གསལ།།

(༡༧) བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཀ་པར། ཤོག་གྲངས་ 31-32 ལ་གཟིགས། །

(༡༨) དེ་ནི་ཁོང་འཚར་ལོངས་གནང་ཡུལ་ཤུལ་ཐག་རིང་བའི་བོད་བྱང་ཤར་ཁུལ་དུ་གཏམ་རྒྱུད་ལྟ་བུ་ཞིག་ཏུ་གྱུར་ཡོད། ལཱའི་ཌེ་ཕེང་དང་ཀཱེ་ཝིན་སཐོའཌ་Lide Feng and Kevin Stuartགཉིས་ཀྱི་བརྩམས་ཆོས། རྗེ་ཙོང་ཁ་པའི་སྐོར་དམངས་ཁྲོད་ཁ་རྒྱུན་ལོ་རྒྱུས། (Folklore concerning Tsong-kha-pa), Asisn Folklore Studies 51. No. (1992): ཞེས་པར་ཤོག་གྲངས་ 234-35 ནང་གཟིགས།།

(༡༩) བློ་བཟང་ཚུལ་ཁྲིམས་དང་རུ་ཌོལཧྥ་ཀཱསེཅེ་ཝེསེཀྰི་Rudolf Kaschewskyཡི་བརྩམས་ཆོས། Das Leben des lamaistischen Heiligenཙོང་ཁ་པ་བློ་བཟང་གྲགས་པ་(༡༣༥༧-༡༤༡༩), dargestellt und erlautert anhand seiner Vita: Quellort allen Gluckes, Asiastische Forschungen, vol. 32 (Wiesbaden: Harrassowits, 1971), ཞེས་པར་ཤོག་གྲངས་ 165 ལ་གཟིགས།།

(༢༠) འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོའི་དབྱིན་འགྱུར། (Gos Lo tsa ba Gzon nu dpal, The Blue Annals), trans. George Roerich, Delhi: Motilal Banarsidass, 1949. ཞེས་པར་ཤོག་གྲངས་ 158ལ་གཟིགས། དེབ་ཐེར་སྔོན་པོ། (The Blue Annals) འགོས་ལོ་ཙཱ་བ་གཞོན་ནུ་དཔལ་(༡༣༩༢-༡༤༨༡)དཔལ་གྱི་མཇ༹ད་པའི་དེབ་ཐེར་སྔོན་པོའི་ནང་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཞེས་བྱ་བའི་མདོ་འདིའི་དུམ་བུ་ཞིག་མདོ་དགོངས་པའི་འདུས་པའི་མདོའི་དུམ་བུ་གཅིག་དང་མཚུངས་བསྡུར་གནང་འདུག གང་ཡིན་ཞེ་ན། བུ་སྟོན་རིན་ཆེན་གྲུབ་(༡༢༩༠-༡༣༦༤)ཀྱིས་གོང་གི་མདོ་སྔ་མ་དེ་བཀའ་འགྱུར་དཀར་ཆག་ནང་གྲངས་ཡོད་ཀྱང་མདོ་ཕྱི་མ་གྲངས་མེད། དགེ་ལུགས་ཀྱི་ཕྱོགས་གཏོགས་པས་ཀྱང་མདོ་འདི་ཉིད་རྗེ་ཙོང་ཁ་པས་གདན་ས་དགའ་ལྡན་ཕྱག་འདེབས་པའི་ལུང་བསྟན་ཡིན་ཚུལ་གྲངས་ཀྱིན་ཡོད།།

(༢༡) ལོ་རྒྱུས་ཀྱི་གསུང་ཚུལ་འདི་ལྟར་ན་སྨོན་ལམ་ཆེན་མོའི་སྐབས་རྗེ་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེ་ནི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། ཡང་ན། ཇོ་བོ་ཐུགས་རྗེ་ཆེན་པོ་ལས་ཀྱང་ཆེས་གལ་ཆེ་བར་བརྩིས་ཡོད། དེའི་རྒྱུ་མཚན་ནི། ཇོ་བོ་ཤྰཀྱ་མུ་ནེ་ཁེར་རྐྱང་ལ་གསེར་གྱི་དབུ་རྒྱན་ཕུལ་ཡོད་ལ། གཞན་ལྷ་སྐུ་གཉིས་ལ་དངུལ་གྱི་དབུ་རྒྱན་གྱིས་འཐུས་པར་གནང་ཡོད།།

(༢༢) འཇམ་དབྱངས་བཞད་པའི་རྡོ་རྗེས་(༦༤༨༡-༡༧༢༡)མཇ༹ད་པའི་”ཙོང་ཁ་པའི་རྣམ་ཐར་རས་བྲིས་ཀྱི་ཚུལ་ ༡༥༣ པ།” ཞེས་པ་བཀྲ་ཤིས་འཁྱིལ་ཤིང་དཔར་ལས་དཔར་བསྐུན་ཞུས་པ། འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ། ངག་དབང་དགེ་ལེགས་བདེ་མོས་ཞུ་དག་མཛད་པ། (The Collected Works of ‘Jam-dbyans-bzad-pai-rdo rje. Reproduced from Prints from The Bkra-sis ‘khyil blocks), Edited by Ngawang GelekDemo, New Delhi: Ngawang Gelek Demo), 1972-74 ཅེས་པར་ཤོག་གྲངས་ 15a-15b ལ་གཟིགས།།

(༢༣) མཁས་དབང་ཐུར་མཱན་Thurmanགྱིས་རྗེ་ཙོང་ཁ་པའི་སྨོན་ལམ་ཆེན་མོ་འཚོགས་རྒྱུའི་སྲོལ་འབྱེད་པ་དེ་ནི་དམིགས་བསལ་རིས་མེད་ཀྱི་མཇ༹ད་པ་འཕྲིན་ལས་ཤིག་ཡིན་པར་འགྲེལ་བརྗོད་གནང་བ་ནི། (ཨ་རིའི་)མཁས་དབང་ཝིཀ་ཁྲོར་ཏུར་མེ་རཱན་(Victor Turnerianགྱིས་ཆོ་ག་ལས་སྦྱོར་ལ་བར་བརྒལ་གྱི་གོ་ས་གནང་བ་དང་གཅིག་མཚུངས་ཤིག་ཡིན་པ་རེད། ཙོང་ཁ་པ་བློ་བཟང་གྲགས་པ་དང་རོ་བྷཌ་ཐཱུར་མཱན་གཉིས་ཀྱིས་བརྩམས། ཞེས་པའི་དཔེ་དེབ། བོད་ཀྱི་དབུ་མའི་ལྟ་གྲུབ། ལེགས་བཤད་སྙིང་པོའི་བསྒྱུར་ལས་བསླབ་པར་བྱ་བ། (Tsong khapa Blo bzang grags pa and Robert A.F. Thurman: The Central Philosophy of Tibet: A Study of Translation of Jey Tsong Khapa’s Essence of True Eloquence), Princeton, NJ: Princeton Library of Asian Translation, 1991), ཞེས་པར་ཤོག་གྲངས་ 86 ནང་གསལ། ”(རྗེས་སྨོན་ལམ་ཆེན་མོའི་སྲོལ་གཏོད་པ་དེ་) རྒྱ་ཆེ་ས་ནས་སྤྱི་ཚོགས་དང་འབྲེལ་བའི་གོམས་སྟབས་ཤིག་ཡིན་པ་དང་། ཡང་དགོས་དེ་དུས་བོད་ཀྱི་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་ཀྱི་ལངས་ཕྱོགས་དེ་ཤུགས་ཆུང་དུ་གཏོང་ཆེད་ཡིན་སྲིད་པ་རེད། དེ་དུས་ཆོས་ལུགས་ཀྱི་བསྟི་གནས་དེ་དག་སྔ་མོའི་བོད་མིའི་ལུང་ཕྲན་ཆབ་སྲིད་ལམ་ལུགས་ཀྱི་རྒྱུན་དེད་ཞིག་ཡིན་པས། ཞེན་འཇི༹ན་དེ་ཇེ་ཆེར་འགྲོ་སྲིད་པའི་སྔོན་བརྡའང་ཡིན་སྲིད། གང་ལགས་ཤེ་ན། ཆོས་བརྒྱུད་རིང་ལུགས་པའི་དགོན་སྡེ་མང་དག་ཞིག་གི་མངའ་ཐང་ལྷག་པར་དུ་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། དཔལ་འབྱོར་ཡར་རྒྱས་དང་། སྤྱི་ཚོགས་ནང་དབང་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།་་་་་་་་་ཅེས་དང་། (ཨ་རིའི་)མཁས་དབང་ཌར་ནཱར་(Turner)གྱིས་གསུངས་པ་ལྟར་བྱས་ན། “བར་བརྒལ་མཚམས་སྦྱོར་”ལ་བདུན་གཉིས་འགོར་ཡུན་དུ་བརྩིས། ཞེས་པས་དོན་ནི་ཁོང་ལྟར་ན། མི་རྣམས་ཆོས་ལུགས་ཕྱོགས་ཞེན་གྱི་ངོ་བོ་ལས་ལྡང་སྟེ། ཡོངས་ཁྱབ་བྱང་ཆུབ་འགྲུབ་པའི་ཆོ་འཕྲུལ་གྱི་ཚོར་མྱོང་(ཙམ་)ལ་རེག་པར་སྤྱི་ཡོངས་ནས་དུས་ཡུན་བདུན་གཉིས་འགོར་སྲིད་པའི་ཆ་བཞག་གནང་གི་རེད།” ཅེས་འགྲེལ་བརྗོད་གནང་འདུག།

(༢༤) བྷོ་ལེན་རྡི་Blondeuཡིས་བརྩམས་ཆོས། རྗེ་ཙོང་ཁ་པར་དག་འབུད། (Defense de Tson kha pa) ཅེས་པར་ཤོག་གྲངས་ 60-61 ལ་གཟིགས།།

(༢༥) དུམ་བུ་འདིའི་འགྱུར་ཆ་ཚང་བཀླག་འདོད་ན་གོང་གི་ཤོག་གྲངས་ ༦༧ ལ་གཟིགས།།

(༢༦) “དང་ཐོག་”ཅེས་པ་བི་ཤྭ་ཀརྨས་ཇོ་བོ་ཤཱཀྱ་མུ་ནེ་བཞེངས་པ་ལ་གོ་དགོས། གཞི་རྩར་རྗེ་ཙོང་ཁ་པའི་རྗེས་འཇུག་གི་གྲས་སུ་ཇོ་བོ་བོད་དུ་བྱོན་སྐབས་དབུ་རྒྱན་བཞེས་ཡོད་མེད་སྐོར་བཞེད་པ་མི་མཐུན་པ་ཡོད། མདོ་སྨད་པ་འཇམ་དཔལ་རྒྱ་མཚོས་དམིགས་སུ་བཀར་ནས་ཇོ་བོའི་དང་ཐོག་དབུ་རྒྱན་བཞེས་ཡོད་པར་བཞེད་ཅིང་། མཁས་གྲུབ་རྗེས་ལུང་དེ་ལ་དོགས་གླེང་གནང་ཡོད། ཕྱིས་ཀྱི་དགེ་ལུགས་པའི་མཁས་དབང་རྩོམ་པ་པོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཇོ་བོ་ཤཱཀྱ་མུ་ནེ་བོད་ལ་བྱོན་དུས་དབུ་རྒྱན་ཡོད་མེད་ལ་དོགས་གླེང་གནང་ཡོད།།

(༢༧) བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཁ་པར། ཤོག་གྲངས་ ༦༤༠ དང་། བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཀ་པར། ཤོག་གྲངས་ ༣༠ ལ་གཟིགས།།

(༢༨) བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཀ་པར། ཤོག་གྲངས་ ༣༤ ལ་གཟིགས།།

(༢༩) བཀའ་ཆེམས་ཀ་ཁོལ་མ། དཔར་མ་ཁ་པར། ཤོག་གྲངས་ ༦༤༠-༤༢ ལ་གཟིགས།།

(༣༠) བཀའ་ཆེམས་ཀ་ཁོལ་མ་དཔར་མ། དཔར་མ་ཀ་པར། ཤོག་གྲངས་ ༣༠ ལ་གཟིགས།།

(༣༡) སྒྲ་གདངས་གཅིག་མཚུངས་ཡིན་པའི་དབང་གིས་ཡི་གེར་ཕབ་དུས་ས་ཆ་འདིའི་མིང་དང་། སྨོན་ལམ་ཆེན་མོའི་གཏོར་རྒྱག་བརྒྱག་ཡུལ་བཅས་ལ་མིང་གཉིས་བྱུང་འདུག སྒུག་དང་། སྦུག་བཅས་གཉིས་འདུག།

(༣༢) དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོ། (པེ་ཅིང་། ཀྲུང་གོའི་བོད་རིག་པ་དཔེ་བསྐྲུན་ཁང་། ༢༠༠༢) ཤོང་གྲངས་ ༡༡༦ ལ་གཟིགས། ས་ཆ་འདི་ལྕགས་པོ་རིར་སྦྲག་ཕུག་བཅོས་མ་ཞིག་གི་ནང་ཡོད། འོན་ཀྱང་། དུང་དཀར་གྱིས་ལྷ་ས་གཙུག་ལག་ཁང་ཉེ་འགྲམ་གཡུ་ཐོག་ཟམ་པའི་ཉེ་འཁོར་དང་འབྲེལ་བ་ཡོད་པ་ཞིག་གསུང་འདུག ༧གོང་ས་ལྔ་པའི་བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། (THDL) ཤོག་གྲངས་ ༡༠༦ ནང་། ཚལ་པ་སྨོན་ལམ་རྡོ་རྗེས་བྲག་ཕུག་དེར་རྒྱ་ནག་ལུགས་ཀྱི་རྒྱ་ཕིབ་ཕུལ་བ་རེད་ཅེས་གསུངས་འདུག དེ་ལྟར་ན། བྲག་ཕུག་དེའི་ལོ་རྒྱུས་མ་མཐར་ཡང་དུས་རབས་བཅུ་བཞི་པར་འཇོག་དགོས་པས་མ་ཟད། ཕལ་ཆེར་བྲག་ཕུག་དེ་དང་ཇོ་བོའི་དབར་འབྲེལ་བ་ཞིག་ཡོད་དགོས། རྒྱུ་མཚན་གང་གིས་ཤེ་ན་ཚལ་པ་ལ་ལྷ་ས་གཙུག་ལག་ཁང་གི་སྐུ་གཉེར་གྱི་འགན་ཡོད་པ་ལགས།།

(༣༣) ལྷ་སའི་ཆུ་རགས་སྐོར་རྒྱས་པ། མཱེ་ཐེའུ་ཨ་ཀེསེ་ཌར་Mattew Akesterགྱི་བརྩམས་ཆོས། གཏེར་སྟོན་ཞིག་པོ་གླིང་པའི་རྡོ་རྗེ་གུར་དང་། དུས་རབས་བཅུ་དྲུག་གི་ནང་ལྷ་སའི་ཆུ་རགས་དང་འབྲེལ་བའི་ཆབ་སྲིེད། (The Vajra Temple of gTer ston Zhig po gling pa and the Politics of Flood Control in 16th Century lHa-sa), ཅེས་པ། Tibet Journal 26, no. 1 (2001); གཞན་ཡང་། པཱར་ཀཱེ་སྭོ་རེན་སེན་Per K. Sorensenགྱི་བརྩམས་ཆོས། ལྷ་སའི་ཆུ་རགས།  རྩ་ཆེའི་ཁོར་ཡུག་གི་ཉེན་ཚབས། ཆུ་རགས་སྲིད་དོན་བྱུང་དོན། རང་བྱུང་གི་འཇིག་པ་དང་འབྲེལ་བའི་དྲི་བ་དང་། བོད་རྒྱལ་ཁམས་ཀྱི་རྩ་ཆེའི་སྐུ་བརྙན་བདག་དབང་གི་འཐབ་རྩོད། (Lhasa Diluvium, Sacred Environment at Stake: The Birth of Flood Control Politics, the Question of natural Disaster Management and Their Importance for the Hegemony over a National Monument in Tibet), ཅེས་པ། Lungta 16 (2013); ཤོག་གྲངས་ 85-134; ནང་དང་། and པཱར་ཀཱེ་སྭོ་རེན་སེན་Per K Sorensen, གྷུན་ཏྲམ་ཧཱ་ཇོ༹ད་དང་ཚེ་རིང་རྒྱལ་པོས་Guntram Hazod and Tsering Gyalpoབརྩམས་དེབ། ལྷ་སའི་མངའ་བདག དུས་རབས་དཀྱིལ་མའི་བོད་ཀྱི་ཆོས་སྲིད་ཀྱི་བདག་དབང་འཐབ་རྩོད། ཚལ་གུང་ཐང་ལ་དཔྱད་པ། (Rulers on the Celestial Plain: Ecclesiastic and Secular Hegemony in Medieval Tibet, A Study of Tshal Gung-thang) ཞེས་པ། (Vienna: Psterreichische Akademie der Wissenschaften/Tibetan Academy of Social Sciences of the Autonomous Region Tibet, 2007) འཇར་མན་ཝི་ཡཱ་ན་དང་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཚན་རིག་གྱིས་དཔར་འགྲེམས། ༢༠༠༧ ལ་གཟིགས།།

(༣༤) དུང་དཀར་གྱིས་ཕྱོགས་བསྒྲིགས། དུང་དཀར་ཚིག་མཛོད་ཆེན་མོ། ཤོག་གྲངས་ ༡༢༡ ལ་གཟིགས།།

(༣༥) གོང་གསལ། ཤོག་གྲངས་ ༡༡༧ ལ་གཟིགས།།

(༣༦) པཱི་ཌི་གཙང་ཆུའི་འགྲེམས་སྟོན་ཁང་The Pitts Rivers Museum ནང་ཉར་ཚགས་བྱས་པའི་དབྱིན་ཇིའི་དཔར། དུས་རབས་ཉི་ཤུའི་ཕྱེད་སྔ་མར་ལེན་པའི་སྨོན་ལམ་གཏོར་རྒྱགས་འདྲ་དཔར།།

(༣༧) སྭོ་རེན་སེན་ཨེཌ་ཨལ་Sorensen et al.གྱི་བརྩམས་དེབ། ལྷ་སའི་མངའ་བདག་རྒྱལ་པོ། (Rulers on the Celestial Plain) ཞེས་པའི་ཤོག་གྲངས་ 499 ནང་ཀརྨ་པ་སྐུ་ཕྲེང་བདུན་པས་ལུང་འདྲེན་གནང་བ། ཀམ་ཚང་བརྒྱུད་པའི་སྐོར། པོད་དང་པོ། ཤོག་གྲངས་ 280a-b7; པོད་གཉིས་པ། ཤོག་གྲངས་ 60b3-61a4; པོད་གསུམ་པ། ཤོག་གྲངས་ 6b1-7a3; དང་། ཀརྨ་སྐུ་ཕྲེང་ལོ་རྒྱུས། པོད་གཉིས་པ། ཤོག་གྲངས་ 153-56 ལ་གཟིགས།།

(༣༨) ཉི་མ་ཚེ་རིང་དང་ངག་དབང་འཇིགས་མེད་གཉིས་ཀྱིས་བརྩམས་ཆོས། ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལོ་རྒྱུས་དང་འབྲེལ་བའི་གནས་བཤད་མདོར་བསྡུས་དྲིས་ལན་དོན་བཅུ་རྩ་གསུམ། (ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥) ཤོག་གྲངས་ ༤༤-༤༥ ལ་གཟིགས།།

(༣༩) ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་དེབ། ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་དཀར་ཆག (Catalogue and Guide to the Central Temple of Lhasa) ཀ་ལོན་སྦུག ཞྭ་སྒབ་པའི་གཟིམ་ཤག ༡༩༨༢ ཅེས་པར་ཤོག་གྲངས་ ༥༣ ལ་གཟིགས།།

(༤༠) དྭགས་ལ་སྒམ་པོ་ཨོ་རྒྱན་འགྲོ་འདུལ་གླིང་པ། སྒམ་པོ་མཆོག་སྤྲུལ་ལྔ་པ། འཁྲུངས་ལོ་ ༡༧༥༧ རྡོར་གླིང་། བཀའ་བརྒྱུད་གསུང་རབ་ཉམས་གསོ་ཁང་། ༡༩༨༥ གློག་དཔར་འཁྲུལ་བཤུས། ཤོག་གྲངས། ༦༩༧-༧༠༡ དང་བཤིབ་བསྡུར་བགྱིས་པས། དེར་དམ་སྲི་(སྤུན་)བདུན་དང་། རིན་སྤུངས་གཙུག་ལག་ཁང་ཆེན་སྐོར་གསལ།།

(༤༡) གུ་རུ་པདྨ་སྨ་བྷ་བའི་སྣང་བརྙན་གསོལ་འདེབས་ཕྱག་རྒྱ་ཅན་གྱི་སྐོར་ཕྱོགས་མཚུངས་ངག་རྒྱུན་ལོ་རྒྱུས་གཞན་ཨ་མདོ་བའི་དམངས་ཁྲོད་ནང་གྲགས་ཆེ་བའི་ཤོད་ཚུལ་གཅིག་ལ། དུས་རབས་ཉི་ཤུའི་སྔ་སྟོད་གྱི་དུས་ཟིངས་སྐབས། ལྷ་སའི་མི་དམངས་ཁྲོད་དུ་ཀླུ་རྣམས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེ་གདན་ཞུ་བར་ཕེབས་ཀྱི་ཡོད་པའི་དཀྲོག་གཏམ་དང་ཞེད་སྣང་ཞིག་བྱུང་ཡོད་ཚུལ་འདུག དེ་བས་ན། དེའི་འཇིགས་སྐྱོབ་སླད་དེ་དུས་བོད་འབངས་ཚོས་གུ་རུ་པདྨ་སམ་བྷ་བའི་སྣང་བརྙན་དེ་བཞེངས་པ་རེད་ཟེར། ལོ་རྒྱུས་འདིས་ལྷ་ས་གཙུག་ལག་ཁང་དུ་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་མང་པོ་ཡོད་པའི་ནང་ནས་གཉིས་ཀྱི་ལོ་རྒྱུས་བསྲེས་ལྷད་ཕྱིན་པ་མིན་ནམ་སྙམ། གང་ལགས་ཤེ་ན། ལས་རབ་གླིང་པས་(༡༨༥༦-༡༩༢༦)ལུང་བསྟན་ལྟར། ༡༨༩༡ ལོར་ཇོ་བོའི་སྐུ་འགྲམ་དུ་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་གཞན་ཞིག་བཞེངས་ཡོད་འདུག འདི་བཞིན་ ༢༠༠༦ ཕྱི་ཟླ་ ༧ ཚེས་ ༢༡ ཉིན་མཱེ་ཐེའུ་ཨ་ཀེསེ་ཌར་Mattew Akesterདང་སྒེར་གྱི་བཀའ་མོལ་ཞིག་ལས་ཐོས། འདི་བཞེངས་ཚུལ་སྐོར། ཨེན་ཌརེ་ཨ་ལེཀ་ཇེ༹ན་ཎར་དང་མཱེ་ཐེའུ་ཨ་ཀེསེ་ཌར་Andre Alexander and Matthew Akesterགཉིས་ཀྱི་བརྩམས་དེབ། ཇོ་ཁང་། བོད་ཀྱི་སངས་རྒྱས་པའི་གཙུག་ལག་ཁང་རྩ་བ་ཆེ་ཤོས། (Jokhang: Tibet’s Most Sacred Buddhist Temple) ཞེས་པར་ London: Thames & Hudson, 2006) གཟིགས།།(༤༢) བྷོ་ལེན་རྡི་Blondeauཡི་བརྩམས་ཆོས། རྗེ་ཙོང་ཁ་པར་དག་འབུད། (Defense de Tson kha pa), ཅེས་པར་ཤོག་གྲངས་68 ལ་གཟིགས།།

(༤༣) དམ་སྲི་སྤུན་བདུན་ནི། བོད་ཀྱི་ཡུལ་དུ་གནས་བཅའ་ཞིང་སངས་རྒྱས་ཀྱི་ཆོས་ལ་ལྡང་བའི་བདུད་སྲིན་མི་མ་ཡིན་དང་འདྲ་བའི་ཁྱུ་ཚོགས་ཤིག་ཡིན་པ་རེད། འདི་དག་གིས་བོད་དུ་སངས་རྒྱས་ཀྱི་ཆོས་དར་སྤེལ་བྱེད་པ་ལ་འགོག་རྐྱེན་བྱས་ཡོད། ཁོང་ཚོ་ཕམ་པར་བྱས་པའི་སྒྲུང་གཏམ་ལོ་རྒྱུས་འགའ་རེའི་ནང་སངས་རྒྱས་ཀྱི་ཆོས་བསྲུང་བའི་སྲུང་མར་བསྒྱུར་ཡོད་ཚུལ་ལ་བལྟས་ཚེ། ཕལ་ཆེར་སངས་རྒྱས་པ་དང་སངས་རྒྱས་པ་མིན་པའི་མི་དང་མིའི་དབར་ཆོས་ལུགས་དབང་ཤུགས་ཀྱི་འཐབ་རྩོད་དངོས་གནས་པ་དེ་མཚོན་གྱི་ཡོད་པ་རེད། ལྷག་དོན་དུ་དམ་སྲི་སྤུན་བདུན་སྲུང་མར་བསྒྱུར་མེད་པས་ཁོང་ཚོར་རྒྱུན་ལྡན་ནས་བསྐང་གསོ་གཏོང་དགོས་ཀྱི་ཡོད།།

(༤༤) ༢༠༡༦ ཕྱི་ཟླ་ ༥ ཚེས་ ༡༡ ཉིན་རྒྱ་གར་འབྲས་ལྗོངས་སྒང་ཏོག་རྙིང་མའི་མཐོ་རིམ་སློབ་གཉེར་ཁང་དུ། མཁན་པོ་ཆོས་དབང་དང་སྐུ་སྒེར་གྱི་བཀའ་མོལ་བྱུང་བས། མཁན་པོ་ཆོས་དབང་གྱིས་གསུངས་པ་ལྟར་ན། རྗེ་ཙོང་ཁ་པས་(ཇོ་ཁང་)ས་འོག་གི་རྡོའི་འོག་ནས་དམ་སྲི་གོང་པོ་སྤུན་བདུན་གྱིས་ཧུར་ཧུར་ཞེས་སྒྲོག་ཚང་ནང་གི་སྒྲོག་འབུའི་སྐད་ལྟར་བརྒྱབ་པ་གསན་པ་རེད། ཅེས་དང་། ཁོང་ཚོས་དགེ་ལུགས་པའི་རིང་ལུགས་བསྲུང་རྒྱུའི་ཁས་ལེན་དམ་འབུལ་བྱས་སྟབས། རྗེ་ཙོང་ཁ་པས་ཁོང་ཚོ་ཆེད་མངགས་གློད་དཀྲོལ་གནང་བ་རེད་ཅེས་གསུངས་བྱུང་། མཁན་པོ་ཆོས་དབང་གི་དགོངས་ཚུལ་ལྟར་ན། ཕལ་ཆེར་གུ་རུ་པདྨ་སམ་བྷ་བའི་སྐུ་བརྙན་ཇོ་བོ་ལ་གསོལ་བ་འདེབས་པའི་ངང་ཚུལ་ཅན་དེ་གོང་པོ་སྤུ་བདུན་མགོ་གནོན་པའི་ཆེད་དུ་བཞུགས་སུ་གསོལ་བ་མིན་ནམ་ཞེས་གསུངས་བྱུང་།།(༤༥) ༢༠༠༦ ཕྱི་ཟླ་ ༧ ཚེས་ ༢༢ ཉིན་བལ་ཡུལ་བྱ་རུང་ཁ་ཤོར་དུ་ཆེན་མོ་ལགས་རྩེ་གདོང་ལྕང་རབས་ཤི་ལོག་ལགས་དང་། ༢༠༠༦ ཕྱི་ཟླ་ ༨ ཚེས་ ༡༦ ཉིན་(རྡ་རམ་ས་ལ་)སིརྷ་བྷ་རི་ནོར་བུ་གླིང་ཀར་ཆེན་མོ་ལགས་རྩེ་གདོང་ཁང་ཆུང་ལྟག་པའི་མི་ངོ་སྤེན་པ་རྡོ་རྗེ་དང་སྒེར་གྱི་བཀའ་མོལ་བྱུང་བ་ལགས།།

(༤༦) ཐུ་རཱེལ་ཝ་ཡེ་ལཱི་Turrell Wylieཡི་བརྩམས་ཆོས། ས་སྐྱའི་གདུང་ཆོག་སྐོར། (Mortuary Customs at Sa-skya), Harward Journal of Asiatic Studies པོད། 25 (1964-65): ཞེས་པར་ཤོག་གྲངས་ 239n. 34 ནང་གསལ་ལྟར་ན། རྩེ་གདོང་ནི་ས་སྐྱའི་ཆོས་གཞི་ཞིག་ཡིན་པ་རེད། འཁོན་རིགས་སྐུ་བརྒྱུད་འདས་པོ་དག་གི་གདུང་ཐལ་སོགས་སྐུ་གདུང་ཞུགས་འབུལ་གནང་སའི་སྤུར་ས་ནས་ཕོ་བྲང་སོ་སོར་གདུང་ཐལ་སོགས་ཕྱིར་སྐྱེལ་གདན་ཞུ་སྐབས་སྤྱོད་པའི་གདུང་རུས་སོགས་བླངས་སྣོད་དངུས་རྒྱུ་ལས་བཟོས་པའི་བུམ་པ་ཕྲ་རྒྱན་ཅན་བཟོ་བསྐྲུན་ལ་སྙན་གྲགས་ཆེ། དགེ་འདུན་པ་ཚོས་ཟླ་བ་གཅིག་གི་རིང་གདུང་རུས་ལ་གདུང་ཆོག་གནང་བསྒྲུབས་མཚམས་བུམ་པ་དེ་དག་གཉེར་ཁང་དུ་བདག་གཉེར་གནང་གི་ཡོད། གདུང་ཆོག་བུམ་པ་རེ་ཐེངས་རེ་ལས་མང་བར་སྤྱོད་མི་ཆོག་པ་ཡིན་འདུག།

(༤༧) སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་ལྟར་ན། འདི་ལ་ཆོ་མེད་ཅིང་གོ་རྒྱུ་མེད་པ་ཞིག་ཡིན་པ་རེད། རྣམ་དཀར་དགེ་བའི་ལས་ཀྱིས་ཆོས་སྐུའི་ཆ་ཚད་མཐོ་རུ་གཏོང་བ་སོགས་མི་རུང་བ་ཡིན།།

(༤༨) ཕྱིས་སུ་དེབ་ཐེར་ནང་སངས་རྒྱས་ཀྱི་སྐུའི་ཆ་ཚད་དགུང་ལོ་བརྒྱད་པ་ཅན་དང་། བཅུ་གཉིས་ཅན་དང་། ཉི་ཤུ་རྩ་ལྔ་ཅན་བཅས་སྣ་ཚོགས་ཤིག་ཡིན་པར་འགྲེལ་བརྗོད་གནང་འདུག བཀའ་ཆེམས་བཀའ་ཁོལ་མའི་དཔར་མ་ཀ་པར། ཤོག་གྲངས་ ༢༤-༢༥ ལ་གཟིགས།།

(༤༩) ཧཱར་ཝཌ་སློབ་གྲྭ་ཆེན་མོ་Harward Universityལ་བཞུགས་ཡོད། འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་མཇ༹ད་པའི་མ་འོངས་ལུང་བསྟན་དང་། མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེ། ཞེས་པའི་ཕྱག་དཔེ་ལོ་དུས་ཚེས་གྲངས་མི་གསལ། དེར་གཟིགས།།

(༥༠) རཱེ་ནེ་ཌེ་ནེ་བཱེསེ་ཀི་ཝོའོ་ཀོ་ཝི་ཙེ་Rene de Nebesky-Wojkowitzཡི་བརྩམས་དེབ། བོད་ཀྱི་ལྷ་དང་འདྲེ། བོད་ཀྱི་ལྷ་སྲུང་མཆོད་སྲོལ་དང་ལྷ་སྐུའི་རྣམ་གཞག (Oracles and Demons of Tibet: The Cult and Iconography of the Tibetan Protective Deities) The Hague: Mouton, 1956, ཅེས་པར་ཤོག་གྲངས་ ༡༦-༡༧ ནང་ངས་ངོ་རྟགས་མ་ཆོད་པའི་ཤིང་དཔར་ཤོག་ལྷེ་ལྔ་ཅན། བླའི་མ་(བླ་མའི་)ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆ་ལག་རིག་འཇི༹ན་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་དམ་སྲི་གདུག་པ་ཆར་(ཚར་)གཅོད་ཅེས་གུ་རུ་པདྨ་སམ་བྷ་བ་དྲག་པོ་(རྡོ་རྗེ་གྲོ་ལོད་)ཀྱི་སྒོ་ནས་དམ་སྲི་དགྲོལ་པའི་ཐབས་ལམ་གཅིག་པུ་སྟེ།ཞེས་པར། “འོན་ཀྱང་སྲི་གནོན་པར་བྱ་བའི་ཐབས་ལམ་མཆོག་ཏུ་གྱུར་བ་ནི་མི་དང་དུད་འགྲོའི་ཐོད་པའི་ནང་གཟུངས་སྔགས་ཀྱི་ཤོག་དྲིལ་སྦས་པའམ་འགེང་བར་བྱ་བའོ།” དམ་སྲི་གནོན་ཕྱིར་དབྱི་དང་སྤྱང་ཀི་དང་ཁྱི་དང་ཕག་པའི་ཐོད་པ་གནས་དབེན་པར་སྦ་བར་བྱ་བའོ། ཆོ་ག་འདི་དག་ནི་བོན་པོའི་དགེ་སློང་དུར་གཤེན་བྱ་བས་ལག་ལེན་གནང་སྲོལ་ཡིན་པ་རེད། ཅེས་Giuseppe Tucciཡི་བརྩམས་དེབ། བོད་ཀྱི་རི་མོའི་དྲིལ་ཐང་། (Tibetan Painted Scroll), Vol. 2 (Rome: Libreria dello Stato, 1949), ཞེས་པར་ཤོག་གྲངས་ 715 ནང་གསལ།།

(༥༡) ནང་དོན་འདི་སྐོར་ཏཱ་ལའི་བླ་མ་ལ་ལྷ་སའི་གཙུག་ལག་ཁང་སྐོར་བཅར་འདྲི་ཐུང་ངུ་ཞིག་ཞུས་པའི་ནང་མདོར་ཙམ་གསལ་གྱིན་འདུག ཉེ་ཆར་རང་དཔར་འདེབས་ཟིན་པ། འགྱུར་མེད་རྡོ་རྗེའི་བརྩམས་ཆོས། ཇོ་ཁང་། བོད་ཀྱི་ནང་པའི་ལྷ་ཁང་རྩ་བ་ཆེ་ཤོས། (Jokhang: Tibet’s Most Sacred Buddhist Temple) London: Edition Hansjorg Mayer, 2010), ཞེས་པར་ཤོག་གྲངས་ 33 ལ་གཟིགས།།

(༥༢) (ཇོ་བོའི་)སྐུ་དཔར་ལ་ཡོངས་གྲགས་བསྙེན་བཀུར་ཕྱག་མཆོད་འབུལ་སྲོལ་འདིའི་སྐོར་བཙན་བྱོལ་བོད་མི་ལ་གཞི་བཅོལ་བའི་རྩོམ་ཐུང་གཅིག་རང་གཅིག་ཀཱལེར་ཧ་རི་སིས་Clare Harisབྲིས་གནང་འདུག་པ་ནི། སྐུ་དཔར་གྱི་ཡང་སྲིད་བྱོན་པ། བོད་མིས་དཔར་དང་འབྲེལ་བ་འདོགས་ཚུལ་གྱི་འཕྲུལ་རྩེད། (The Photograph Reincarnate: The dynamics of Tibetan Relationship with Photography), ཅེས་པ། ཨེ་ལཱི་ཇཱ༹་ཝེཌ་ཨེཌ་ཝརཌ་དང་ཇཱེ་ནི་སི་ཧཱཌ་Elizabeth Edwards and Janice Hartགཉིས་ཀྱིས་རྩོམ་སྒྲིག་བགྱིས་པ། འདྲ་དཔར། མཆོད་ཆས་དང་ལོ་རྒྱུས། སྐུ་བརྙན་གྱི་གཟུགས་ལྡན་ངོ་བོ། (Photographs, Objects, Histories: On the Materiality of Images), ed. ཞེས་པའི་དཔེ་དེབ་ནང་གསལ་ London: Routledge, 2004, ཤོག་གྲངས། 132-47 ལ་གཟིགས།།

(༥༣) ཏཱ་ལའི་བླ་མའི་མཇ༹ད་པ་འདིའི་དགོངས་དོན་གཞན་ཞིག་ནི། ཆོས་ཕྱོགས་ཀྱི་ཕྱག་ལེན་འདི་ཡི་བརྒྱུད་ནས་བོད་ཀྱི་སངས་རྒྱས་ཆོས་བརྒྱུད་ཆེན་པོ་ཡོངས་རྗོ༹གས་ཁོང་ཉིད་ཀྱི་མངའ་འོག་ཏུ་བསྒྱུར་བའི་ཐབས་ལམ་ཞིག་ཡིན་སྲིད་པ་རེད། དཔེར་ན། ཕྱི་ལོ་ ༢༠༠༦ ཕྱི་ཟླ་བརྒྱད་པར་ཁོང་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་དམངས་ལ་བདུན་ཕྲག་གཅིག་གི་རིང་གཞུང་ཆེན་མོ་ཞིག་གི་བཀའ་འཁྲིད་གནང་བའི་མཐའ་མཇུག་ཏུ་ཆེད་མངགས་རྙིང་མའི་རིག་འཇི༹ན་རྒོད་ལྡེམ་གྱི་གཏེར་ཆོས་ཀྱི་མཛོད་ནས་སྔགས་ཕྱོགས་ཀྱི་བཀའ་དབང་ཞིག་བསྩལ་གནང་སོང་།།

(༥༥) ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་དཀར་ཆག་དང་གནས་བཤད། ཅེས་པར་ཤོག་གྲངས། ༥༩ ལ་གཟིགས།།

(༥༦) ཚ་རོང་དགྲ་འདུལ་རྣམ་རྒྱལ་དང་ཨ་ནི་འཕྲིན་ལས་ཆོས་སྒྲོན་གྱིས་བརྩམས་དེབ། རང་གི་རྒྱལ་ཁབ་ཀྱི་ཞབས་འདེགས། བོད་ཀྱི་དམག་སྤྱི་ཆེན་མོ། ཟླ་བཟང་དགྲ་འདུལ་ཚ་རོང་། (In the Service of His Country:The Biography of Dasang Damdul Tsharong, Commander General of Tibet) ཞེས་པའི་དཔེ་དེབ། (Ithaca, NY: Snow Lion Publications, 2000, ཤོག་གྲངས་ 109 ནང་། “བོད་ཟླ་དྲུག་པའི་ཚེས་བཞི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་དུས་ཆེན་ཁྱད་འཕགས་ཀྱི་ཉིན་སྟག་བྲག་རིན་པོ་ཆེ་ནས་ཇོ་བོ་ལ་ཨུ་རྒྱན་ན་བཟའ་གསར་པ་ཆ་ཚང་ཞིག་དབུལ་རྒྱུའི་དགོངས་བཞེད་བྱུང་། ཁོང་ཉིད་ཀྱིས་ཡིད་ཆེས་བློ་གཏད་བྱ་ཡུལ་གྱི་གྲོགས་པོ་ཉེ་ཤོས་ཞྭ་སྒབ་པ་ཚ་རོང་སར་གཏོང་བ་གནང་སྟེ་བཀའ་བརྩད་གནང་གསལ། ཉེ་ཆར་ཁྱེད་རང་གིས་རྒྱ་གར་ནས་སྤུས་གཟིགས་གནང་བའི་རྡོ་རྗེ་ཕ་ལམ་དོ་ཚད་བཅོ་བརྒྱད་ཅན་དེ་བཙོང་བ་གནང་རྒྱུ་ཡིན་ནམ་ཅི། ཞེས་བཀའ་འདྲི་གནང་བྱུང་། གང་ལགས་ཤེ་ན། དེ་ཇོ་བོ་ལ་དབུལ་རྒྱུའི་དབུ་རྒྱན་གྱི་སྨིན་གཙུག་ཐད་ཀྱི་ཕྲ་རྒྱན་དུ་འབུལ་རྒྱུར་ཐུགས་མཁོ་ཡོད་ཚུལ་བཀའ་གནང་བས། ཚ་རོང་གིས་མ་རྩའི་རིན་བབས་ཐོག་འཚོང་གནང་འདུག་པ་མ་ཟད། དེ་ནི་རྟགས་དང་རྟེན་འབྲེལ་ཤིན་ཏུ་ལེགས་པོ་ཤིག་ཏུ་བརྩིས་པ་གནང་འདུག།ཡང་ཕྱོགས་གཞན་ཞིག་ནས་ཚ་རོང་ལྷ་ལྕམ་ལ་འབྲི་གུང་རིན་པོ་ཆེའི་ཡང་སྲིད་ཡིན་པའི་ཕྲུག་གུ་ཞིག་བཙའ་རྒྱུའི་ལས་གསོག་པའི་རྒྱུར་ངོས་འཇཱིི༹ན་གནང་འདུག གང་ལགས་ཤེ་ན། ཉིན་ཤས་རྗེས་ཚ་རོང་གི་ལྷ་ལྕམ་ཕྲུག་གུ་བཙའ་བའི་ངལ་བར་ཞུགས་འདུག་པས་ཆུ་ཚོད་ཉི་ཤུ་རྩ་བཞིའི་རྗེས་ཏག་ཏག་དྲུག་པ་ཚེས་བཞིའི་ཉིན་ཇོ་བོ་ལ་རྒྱན་འབུལ་བའི་སྐབས་དང་བསྟུན་ཕྲུག་གུ་ཞིག་བཙས་འདུག” ཅེས་འཁོད་འདུག།

(༥༧) ཀེམ་རོན་ཝར་ནཱར་Cameron Warnerགྱི་བརྩམས་ཆོས། བོད་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཐོག་མའི་འབྱུང་བ་བརྗོད་པ། བཀའ་ཆེམས་ཀ་ཁོལ་མའི་དཔར་མ་གསུམ་ལས་བཏུས་པའི་འགྱུར་མཆན། (The Genesis of Tibet’s First Buddha Images: An Annotated Translation from Three Editions of the Vase(-shaped) Pillar Testament – bka’ chems ka khol ma) ཅེས་པར་ Light of Wisdom 1 (2011): ཤོག་གྲངས་ 33 ལ་གཟིགས།།

(༥༨) མཱ་ཡེ་ཁེལ་ཧཱཌ་ཕེལཌ་Michael Herzfeldགྱི་བརྩམས་དེབ། མི་རིགས་རིག་གནས། གོམས་སྲོལ་དང་སྤྱི་ཚོགས་ནང་གཞུང་ལུགས་ཉམས་ལེན། (Anthropology: Theoretical Practice in Culture and Society) ཅེས་པར་ (Oxford: Blackwell, 2001), 1993 གཟིགས།།

———————————————

ཡིག་སྒྱུར་བ། ཚེ་དཔག་རིག་འཛིན།

ཞུ་དག་པ། དགེ་བཤེས་དགྲ་འདུལ་རྣམ་རྒྱལ།

དཔར་འགྲེམས། ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་།

མ་རྩོམ་འདི་ན་གཟིགས། Re/Crowning the Jowo Śākyamuni: Texts, Photographs, and Memories

Cameron David Warner, History of Religions, Vol. 51, No. 1 (August 2011), pp. 1-30

Article Stable URL: http://www.jstor.org/stable/10.1086/659607

(རྩོམ་ཡིག་འདི་ཡི་གསྱུར་གནང་མཁན་ཚེ་དཔག་རིག་འཛིན་ནི་སྟོད་མངའ་རིས་མདུན་ཆུར་སྐྱེས།  རྒྱ་གར་དུ་སློབ་གྲྭ་འགྲིམས་རྗེས་རྡ་ས་རིགས་སློབ་ཏུ་ལོ་དྲུག་ཙམ་རིང་སློབ་གཉེར་བྱེད་ཞོར་སློབ་གྲྭ་ཆེན་མོའི་ M.A. B.Ed. ལག་འཁྱེར་བླངས།  ༡༩༧༥ ནས་རྡ་ས་དཔེ་མཛོད་ཁང་དུ་དབྱིན་བོད་ལོ་ཙཱ་བ་དང་།  ༡༩༩༡ ནས་བོད་སློབ་འཛིན་ཚོགས་སློབ་གྲྭ་ཁག་ཏུ་སློབ་སྤྱི་དང་ཤེས་ཡོན་འགན་འཛིན་གྱི་ལས་འགན་བསྒྲུབས།  ༢༠༠༥ ལོར་ཨ་རིར་གཞིས་སྤོས་ཀྱིས་བློ་གླིང་ཆོས་ཚོགས་སུ་ལས་སྣེ་སྣ་ཚོགས་གཉེར།  ༢༠༡༠ ནས་བཟུང་ཨེ་མོ་རི་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་སློབ་དགེ་གནང་བཞིན་ཡོད།  བོད་དབྱིན་ནང་དོན་རིག་པའི་ཚིག་མཛོད་ལ་སོགས་དཔེ་དེབ་བསྒྱུར་ཐོར་བུ་རེ་ཟུང་དཔར་འདེབས་བྱས་པའང་ཡོད།  སྨྱུག་མིང་ལ་བསེ་རུ་ཟངས་ཐལ་དུ་འབོད།)