——-གླུ་བ་རིག་དགའ་དང་འབྲེལ་བའི་ནང་དུ་འཁྲུག་པའི་རིཊ་གཅིག་སྤུན་ཟླ་ཚོར།

དོ་དགོང་། ང་གནའ་མཁར་ཟི་ལིང་ན་ཡོད། ཆ་མེད་རྒྱུས་མེད་ཀྱི་མི་མང་བོ་ཞིག་དང་འགྲོགས་ནས་ཡོད། རིཊ་རྒྱུད་མི་གཅིག་པའི་མི་མང་བོ་ཞིག་དང་ལྷན་དུ། ཕྱི་ནང་མི་གསལ་བའི་སྐད་ཆ་མང་བོ་ལབ་བཞིན་ཡོད།

འོན་ཏེ། ང་ཚོར་གཅིག་གྱུར་གྱི་གླེང་བྱ་མང་བོ་མེད། འོན་ཀྱང་གཅིག་མཐུན་གྱི་གླེང་གཞི་ཞིག་ཡོད་པ་ནི། མི་རིཊ་གང་དང་། རང་མིང་ཅི། དེ་འབྲེལ་གྱི་རང་མི་རིཊ་ཀྱི་རིག་གནས་བྱེ་བྲག་པ་རེའི་ཟུར་ཙམ་མམ། དེང་དུས་ཀྱི་རང་མི་རིཊ་ཀྱི་མིའི་བསམ་བློའི་བྱང་ཚད་དང་རིག་གནས་ཆུ་ཚད། ཡུལ་སྲོལ་དང་མཐུན་སྒྲིལ་སོགས་སུ་འབྲེལ་བའི་གནས་ཚུལ་ཉུང་ཙམ་རེ་གླེང་བཞིན་ཡོད།

རེད་དེ། གྲོགས་པོ་སུ་ཞིག་ཡིན་ཡང་རང་མི་རིཊ་ཀྱི་བཟང་ས་ལེགས་ས་ཧ་ཅང་མང་བོ་ཞིག་གླེང་རྒྱུ་ཡོད་གི རང་ཡང་དེ་ལས་མ་འདས། དྲང་མོར་བཤད་ན་ངས་རང་ཉིད་བོད་མི་ཞིག་ཡིན་པར་ང་རྒྱལ་བྱེད་ཀྱིན་ཡོད། རྒྱུ་མཚན་ཞིག་བཤད་ན། མི་རིཊ་གང་གི་ཡིན་ཡང་། གྲོགས་པོ་ཚོའི་ནང་ན། ༼བོད་༽ཟེར་བའི་མི་རིཊ་འདི་མི་ཤེས་མཁན་མེད་གི

ལ་ལས་ད་རུང་༼གེ་སར་རྒྱལ་པོའི་སྒྲུང་༽དང་། ༼ཕོ་བྲང་པོ་ལ༽། ༼རྒྱལ་དབང་རིན་པོ་ཆེ༽སོགས་མདོར་ན་ཡི་རིང་དང་དགའ་མོས་བྱེད་ས་མང་བོ་མང་བོ་ཞིག་གླེང་བྱུང་བས། ཡབ་མེས་བཟང་བོའི་བཀའ་དྲིན་ལ། ངས་མགོ་བོ་མཐོ་མཐོ་དང་། བློ་རིག་རྣོ་རྣོ་བྱས་ཆོག་ཆོག་རེད།

ལན་ཞིག་ངས་ཁ་པར་ལག་ཏུ་སོན་ཏེ་ནམ་རྒྱུན་གནས་ཚུལ་གསར་འགོད་བྱེད་ཆེ་བའི་༼གངས་སེམས་གློག་རྡུལ་དཔེ་ཁང་༽ཞེས་པའི་མ་ལག་དེའི་ཁ་ཕྱེས་ནས་བལྟ་དུས། ངོ་མ་གནས་ཚུལ་གསལ་བ་གང་མང་ཞིག་འགོད་འདུག་སྟེ། དགོས་སུ་གླུ་བ་རིག་དགའི་འདྲ་དང་དེ་འབྲེལ་གྱི་སྐད་ཆའང་མང་བོ་ཞིག་བྲིས་ཡོད་པ་མཐུང་བྱུང་། ངས་དེ་དག་ལས་གཅིག་གི་ཁ་ཕྱེས་ཏེ་ཞིབ་པར་བལྟས་ཙ་ན། ཡང་ཕུ་ནུ་ཚོས་གྱོད་ཁ་རང་མགོར་དྲུད་ཅིང་མཚོན་ཁ་ནང་དུ་བསྐོར་ནས་འཁྲིག་རྩོད་ཅིག་གི་དབུ་འཁྱུད་འབྲི་བཞིན་པ་གཞི་ནས་རྟོགས་བྱུང་། མི་འགྱང་བར་སྐད་འཕྲིན་གྱི་ཚོཊ་པ་གང་མང་ཞིག་ཏུའང་དེ་འབྲེལ་གྱི་བརྙན་ཐུང་ཞིག་ཀྱང་མི་མང་བོས་བསྐུར་ནས་ཐོན་བྱུང་།

ངས་གྲོཊ་པོ་ཚོས་མི་མཐོང་ས་ནས་བརྙན་ཐུང་དེར་ཐེངས་ཤིག་བལྟས་ཙ་ན། ཟོལ་བཅོས་མ་ཡིན་པའི་བརྙན་ཐུང་དེས་གར་སྟེགས་སུ་བུད་ཡོད་གླུ་བ་རིག་དགའ་དེ་མི་མང་བོས་གར་སྟེགས་ལས་འཕུད་ཀྱིན་པ་གསལ་བོར་མཐོང་སོང་། རྒྱུ་རྐྱེན་ག་འདྲ་ཡིན་པར་གསལ་ཆ་ཅི་ཡང་མེད་མོད། གང་ལྟར་རང་ས་ནས་བྱུང་ཞིང་རང་རིཊ་ཀྱི་མི་ཡིན་ལ། ནང་འཁྲིག་གི་རྣམ་པ་ཞིག་ཡིན་པ་ནི་དངོས་ཐོག་བདེན་འཚོལ་རེད། གྲོཊ་གང་མང  ་ཞིག་གིས་མགོར་གླུ་བ་རིག་དགའི་འདྲ་དང་འོག་ཏུ་དེ་འབྲེལ་གྱི་སྐད་ཆ་མང་བོ་བྲིས་འདུག་མོད། ང་ལ་ལྟ་འདོད་ཀྱི་འདུན་པ་ཡེ་ནས་མེད། སྤྱིར་ལྟ་རིན་མེད་པའི་བརྙན་དེ་འདྲ་ཞིག དེའི་ཁར་རྩོད་ལ་བྱང་བའི་ཁ་མང་ལག་མང་མང་བོ་དེ་ཚོ། ད་དུང་སྒྲོ་འདོགས་ཤིག འདི་དག་ཡོད་ཚད་བསམ་ན་ངོ་མ་གྲོགས་པོ་དེ་ཚོས་མདུན་དུ་རང་སྐྱོན་དྲན་ན་ངོ་མདངས་འགྱུར་འགྲོ་བ་ཞིག་རེད།

རང་གིས་འདི་འདྲ་ཞིག་འདོད་དེ། དེང་དུས་ཀྱི་ང་ཚོར་ངོ་ཚ་རྒྱུ་མེད་གི ང་ཚོའི་ཕ་ཨ་མྱེ་ཚོར་གཞན་གྱི་འདྲ་བླངས་ན་ངོ་སྐོང་གི འོན་ཀྱང་ད་སྐབས་བོད་ཀྱི་བུད་མེད་ཚོས་རང་ལུས་གཅེར་བུར་ཕུད་ནས་པར་རྒྱག་གི བོད་ཀྱི་སྐྱེས་པ་ཚོས་ཆུང་མར་ལུས་འབྲེལ་བྱས་ན་བརྙན་དུ་ཕབ་གི སྤྱིར་འདི་ནི་ཡུལ་ཕྱོགས་ལ་ལར་རྒྱུན་ལྡན་དང་གོམ་ལོབས་སུ་སོང་བའི་གཤིས་ཆོས་རེ་ཡིན་སྲིད་ཀྱང་། ང་ཚོའི་མི་རིཊ་འདི་ངོ་ཚ་ཤེས་པ་དང་ངོ་ཚ་ལ་དགའ་བའི་མི་རིཊ་ཤིག་ཡིན་ཕྱིན། མཐོང་ཚད་ལད་མོ་བྱེད་པ་ནི་ཀློས་རྟགས་སུ་གྲུབ་པ་མཁས་པ་རྣམས་ཀྱི་གསུང་ཇི་བཞིན་རེད།

ཚིག་བརྒྱ་མདོར་བསྡུས་ན། དེང་དུས་ནི་ཆ་འཕྲིན་ནམ་བརྡ་འཕྲིན་གྱི་དུས་རབས་ཡིན་ཡང་། རང་ཚོས་བྱ་བའི་བཟང་ངན་ལ་མི་དཔྱད་པར་མཐའ་དག་དྲྭ་ལམ་སོགས་སུ་འགོད་པ་ནི་རང་མཚང་ཕྱིར་མངོན་པ་ལས་མེད། གཏམ་མི་ཁ་བརྒྱུད་ན་ཇེ་གཙོག་ཡིན་པ་ཀུན་གྱིས་ཧ་གོ་ན་བསམ་གི

རང་ལ་མཚོན་ན་གསར་དུ་སློབ་ཆེན་པའི་མིང་ཙམ་འཛིན་པ་ཞིག་ལས། རིག་པའི་གནས་ལ་བྱང་ཞིང་། བསམ་པའི་གོ་རྟོགས་མཐོ་བ་སོགས་ཅི་ཡང་མིན་ཏེ། རང་གི་བསམ་ཚུལ་ཙམ་རིཊ་གཅིག་སྤུན་ཟླ་ཚོར་ཞུས་པ་ཙམ་ལགས།

དུས་ཚོད་ཀྱིས་དབང་གི་རྩོམ་ཐུང་འདི་སྐྱར་བཅོས་དང་དག་བཅོས་ཅི་ཡང་བྱེད་ཁོམ་མ་བྱུང་བས། ཚིག་སྐྱོན་དང་ཡིག་ནོར་སོཊ་ཡོད་ན་དགོང་འགལ་མེད་པར་ཞུ་ཞུ། ད་དུང་རེ་བ་ཆུང་ངུ་ཞིག་ཡོད་པ་ནི་ཀློག་པ་པོ་དག་གིས་ཕྲན་གྱི་རྩོམ་ཐུང་འདིར་བསམ་འཆར་རེ་འདོན་རྒྱུ་མ་བརྗེད་ལགས།

༢༠༡༤/༡༠/༡༠མཚན་མོ་མལ་ཁང་དུ།