གཙང་ཁ་བའི་ལང་ཚོ།

བོད་ཀྱི་སྐད་ཡིག་གཉིས་ཀྱིས་སེམས་སྡུག་ཆེན་པོས་ངུས་རུང་བོད་མིས་ཤེས་སམ།

སྐད་ཡིག་གིས་མི་རིགས་སྐྱོང་། མི་རིགས་ཀྱིས་སྐད་ཡིག་བརྟེན། དེ་ལྟར་གྱིས་སྔར་ནས་ད་བར་མི་རིགས་སུ་དང་སུ་ཡིན་རུང་ཤི་སོན་གྱི་གནད་འགག་འདི་ལ་ཐུག་ཅིང་མི་རིགས་རང་ཉིད་ཀྱིས་ཆབ་སྲིད་དཔལ་འབྱོར་རིག་གནས་དེ་གསུམ་ཡང་མི་རིགས་དེ་ཉིད་ཀྱི་སྐད་ཡིག་གི་ཆགས་འཇིག་ལས་ཤེས་ཐུབ།

དེར་བརྟེན་ང་ཚོ་བོད་མི་རིགས་ལ་མཚོན་ན་ད་ལྟའི་གནས་བབས་འདིར་མང་པོ་ཞིག་གིས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་དགོས་ཞེས་བཤད་རུང་དོན་ངོ་མའི་ཐོག་ལག་ལེན་ལ་འཁྱོལ་མཁན་ཧ་ཅང་ཉུང་བའི་སྟོབས་ཀྱིས་ཡང་དེ་རིང་འཁྱམ་པོ་ངས་སྐད་ཆ་རེ་བཤད་དགོས་ཐུག་སོང་། འུ་ཚོའི་མི་རིགས་འདིའི་བླ་ཤིང་ནི་སྐད་དང་ཡི་གེ་གཉིས་པོ་ཡིན་པས་དེ་འཛིན་སྐྱོང་བྱེད་པའི་འོས་འགན་དེ་ང་ཚོ་ཡི་གེ་འབྲི་མཁན་གཅིག་གཉིས་ཀྱི་ལས་འགན་ནི་རྩ་བ་ནས་ཅི་ལ་ཡིན་སྲིད། འདི་ནི་མི་རིགས་སྤྱི་ཡི་དོན་ཆེན་བླ་ན་མེད་པ་ཞིག་ཏུ་མ་ཟད་མི་བུ་རེ་གཉིས་ཀྱི་སྒེར་དོན་རྕ་བ་ནས་ཡིན་མི་སྲིད།མ་ཟད་མི་རིགས་སུ་དང་སུ་ཡིན་རུང་མི་རིགས་དེ་རང་ལ་མི་རིགས་དེའི་སྐད་དང་ཡི་གེ་གཉིས་དགོས་པའི་རྒྱུ་མཚན་ཡང་མི་རིགས་དེའི་ཆབ་སྲིད་དཔལ་འབྱོར་རིག་གནས་དེ་གསུམ་གཙོ་བོ་མི་རིགས་སོ་སོའི་སྐད་དང་ཡི་གེ་ལ་ཐུག་པ་རེད། ང་ཚོ་བོད་མི་རིགས་ལ་མཚོན་ན་ང་ཚོའི་སྐད་དང་ཡི་གེ་གཉིས་པོ་ནི་ང་ཚོའི་མི་རིགས་འདིའི་ཆབ་དཔལ་རིག་གསུམ་གོང་མཐོར་གཏོང་ཆེད་ཀྱི་སྲོག་རྩ་ལྟ་བུ་ཡིན་ནའང་ད་ནི་སྲོག་རྩ་ཆད་ཁར་ཐུག་པའི་གནས་བབས་ཞིག་དང་ཅིས་མི་མཚུངས། འདི་ནི་བོད་མིས་བོད་སྐད་མ་བཤད་ཅིང་བོད་གོས་མི་གྱོན་པའི་ཅོལ་ཆུང་ཚོས་མི་རབས་འདིར་མི་རབས་གོང་མ་ཚོའི་ཕྱག་རྗེས་བཅུ་ཕྲག་རིག་གཞུང་ལ་དྲི་མ་ཙམ་ཡང་སྣོམ་མ་མྱོང་བའི་རྐྱེན་གྱིས་ཡང་ཡིན་སྲིད་ལ་སློབ་གསོའི་ཆ་རྐྱེན་གྱིས་མ་འདང་བས་ཡང་ཡིན་སྲིད། དེར་བརྟེན་ང་ཚོས་ད་ནི་ལྷོད་ལ་བབས་ནས་སྡོད་པའི་དུས་ནི་གཏན་ནས་རེད་མེད་ལ་ལྷག་པར་དུ་ང་ཚོ་ལོ་ཆུང་གི་སློབ་མ་ཚོར་མཚོན་ན་མ་འོངས་བོད་ཀྱི་སོན་རྩ་ཡིན་པས་ཅིས་ནས་ཀྱང་ང་ཚོས་ང་ཚོའི་རིག་གཞུང་གི་རིན་ཐང་རྟོགས་དགོས་ལ་ཞིང་འབྲོག་ཁུལ་གྱི་ཕ་མ་ཚོས་ཀྱང་རང་ཉིད་ཀྱི་ཕྲུ་གུར་ས་བརྐོ་རྡོ་སློག་གམ་ཕྱུགས་རྫི་ཁོ་ནར་མི་ཚེ་སྟོང་ཟད་དུ་མ་བཅུགས་པར་རིག་གཞུང་ལ་ཐོས་བསམ་རེ་བྱེད་དུ་བཅུག་དང་དེ་ནི་ཕ་མས་ཕྲུ་གུར་བྱམས་སྐྱོང་ངོ་མ་ཡིན་ལ། ད་ལྟའི་གནས་བབས་ལ་མཚོན་ན་སྐད་ཡིག་གཉིས་ཀྱི་སེམས་སྡུག་ཀྱང་བསེལ་ཐུབ་ཡིད་སྐྱོ་དགོས་པ་ཞིག་ལ་སྐད་ཡིག་གཉིས་ཀྱིས་སེམས་སྡུག་ཆེན་པོས་སྤྱན་ཆབ་ཁྲུམ་ཁྲུམ་དུ་འདོན་གྱིན་དེང་སང་བོད་ཡུལ་གྱི་ས་ཆ་གང་མང་ཞིག་ནས་བོད་མི་གང་མང་ཞིག་གིས་རང་མི་རིགས་ཀྱི་སྲོག་རྩ་ལ་དོ་སྣང་ཙམ་ཡང་མེད་པར་ལྷོད་ལྷོད་ངང་སྡོད་མཁན་ཡང་མཐོང་བྱུང་གསུངས་ཀྱིན་གལ་སྲིད་ང་གནས་མ་ཐུབ་ན་མི་རིགས་འདིའི་ཡོད་ཚད་གནས་ཐབས་མེད་ཞེས་གསུངས་ཤིང་། མ་ཟད་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་བོད་རིགས་ཀྱི་སློབ་མ་ཚོ་དང་ལོ་ཆུང་གཞོན་སྐྱེས་ཚོ་ཁྱེད་ཚོས་སོ་སོ་རང་ཉིད་བོད་མི་ཞིག་ཡིན་པ་ནམ་ཡང་མ་བརྗེད་ལ་བོད་ཡིག་སྦྱོང་རྒྱུ་ནམ་ཡང་མ་བརྗེད་ཁྱེད་ཚོ་ནི་མ་འོངས་པའི་བོད་ཀྱི་བདག་པོ་དང་ངའི་རེ་བ་ཉགཅིག་ཡིན་ཞེས་གསུངས་ཤིང་། ང་བོད་མི་རིགས་ཀྱི་ཆེད་དུ་སེམས་སྡུག་བྱེད་བཞིན་པ་ཁྱེད་ཚོས་ངའི་རིན་ཐང་མ་རྟོགས་པ་ཡིན། ཡང་ན་ཁྱོད་རང་བོད་མི་ཡིན་པ་མ་ཤེས་པ་ཡིན་ཞེས་གསུངས་འདུག་གང་ལྟར་སློབ་མ་ཚོས་ཁྱོད་ཚོ་ས་ཆ་གང་དུ་བསྡད་ཀྱང་བོད་མི་གཙང་མ་ཞིག་ཡིན་པ་ནམ་ཡང་མ་བརྗེད་ལ་བོད་སྐད་དག་མ་རེ་བཤད་རྒྱུ་དམ་བཅའ་རེ་ཞོགས་དང་དེས་ཁོང་གཉིས་ཀྱི་མིག་ཆུ་ལན་གཅིག་ཕྱིས་ཐུབ།།