འདི་རུ་བརྡེག་ན་༼རྨ་ཆེན་གངས་སྐོར་༽གློག་བརྙན་ཆ་ཚང་ལ་གཟིགས་ཐུབ།

ངོ་སྤྲོད་མདོར་བསྡུས།

གནས་སྐོར་ནི་མདོ་དབུས་མཐོ་སྒང་གི་ཐུན་མོང་བའི་ཆོས་ལུགས་དད་མོས་ཀྱི་རྣམ་པ་ཞིག་སྟེ། མི་རིགས་ཤིག་གི་རུས་རྐང་ལ་ཉར་བའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་མི་རིགས་ལ་མཚོན་ན། རྟའི་ལོ་ནི་རྒྱུན་པར་གནས་རི་འགང་ཆེན་ལ་མཇལ་སྐོར་བྱེད་པའི་དུས་ཤིག་རེད། ཉིས་སྟོང་བཅུ་བཞི་རྟའི་ལོ་དང་བསྟུན་ནས། གངས་ལྷ་བོད་ཀྱི་རིག་གནས་ཁྱབ་སྤེལ་ལས་ཁུངས་ཀྱིས་མདོ་སྨད་ཨ་མདོའི་ཡུལ་གྱི་བླ་རི་ཨ་མྱེས་རྨ་ཆེན་གྱི་གངས་སྐོར་བརྙན་ཐུང་འདི་གཟུགས་སུ་ཕབ། ནང་དོན་གཙོ་བོ་ནི་གངས་སྐོར་དང་མཇལ་ཕྱག སྐོར་བའི་ཕན་ཡོན་དང་ཆོས་ལུགས་ཀྱི་མཚོན་བྱེད། རི་ཆུའི་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ། དེ་མིན་གནས་མཇལ་པ་དང་འབྲེལ་ཡོད་ཞིབ་འཇུག་མི་སྣའི་བཅར་འདྲི་སོགས་བཀོད་ཡོད། མདོར་ན། ཡུལ་འདི་གའི་ཆོས་ལུགས་དང་སྲོལ་རྒྱུན་གྱི་གྲུབ་ཆའི་ཟུར་ཙམ་བརྙན་གཟུགས་སུ་བཀོད་དེ། ཁོར་ཡུག་སྲུང་སྐྱོབ་ཀྱི་རེ་འབོད་དང་བཅས་རྗེས་རབས་པ་ཚོར་ལེགས་སྐྱེས་ཆུང་ཆུང་ཞིག་གི་ཚུལ་དུ་འབུལ་པ་དེ་ཡིན།

藏文 1

བཀའ་དྲིན་ཞུ་ཡུལ།

རྒྱབ་ཚང་མགོན་པོ་ལྷ་ཆེན།

ཀླུ་ཚང་ཚེ་རིང་འབུམ།

སྙིང་སྟག་རྒྱལ།

བསྟན་འཛིན་ཤེས་རབ།

མགོ་ལོག་བསྟན་གྲགས།

པད་མ་རྡོ་རྗེ།

རྡོ་བྷོ།

གནས་མཇལ་པ།

གློག་བརྙན་ཆ་ཚང་སྦྲེལ་ལམ་འདི་གཉིས་ནས་ཀྱང་གཟིགས་ཐུབ།

http://v.qq.com/page/q/h/5/q0183503qh5.html

http://www.iqiyi.com/u/1140298381