སྤྱི་ཡོངས་ནས་གནད་འགག་འདི་རྙོག་འཛིང་རང་བཞིན་ཅན་ཞིག་རེད། ཡིན་ནའང་ཚན་རིག་པ་ཚོས་གསལ་པོར་རྟོགས་ཡོད་པ་ཞིག་ནི་ད་ལྟའི་གནས་སྐབས་སུ་ཟླ་བའི་སྒང་དུ་ཆུ་དང་རྩི་ཤིང་ནགས་ཚལ་སོགས་མེད་པ་དང་། གང་ཡོད་པ་དག་ཐལ་རྡུལ་དང་བྲག་རྡོ་ཤ་སྟག་གིས་གྲུབ་ཡོད་པ་ཤེས་ཡོད་རེད། དེ་ལས་ཀྱང་རྙོག་འཛིང་ཆེ་བ་ཞིག་ལ་ཟླ་བའི་སྒང་དུ་རླུང་ཁམས་མེད་པ་དེ་རེད། སྤྱིར་བཏང་ཐལ་རྡུལ་གྱིས་གྲུབ་པའི་རླུང་ཁམས་ཤིག་ཡོད་རེད་དེ་ས་གོ་ལའི་སྒང་ལ་ཡོད་པའི་རླུང་ཁམས་དེ་ཡོད་མ་རེད། དེ་མེད་པའི་དབང་གིས་ཟླ་བའི་སྒང་དུ་སྲོག་ཆགས་འཚོ་གནས་ཐུབ་པ་ལ་དཀའ་ཁག་མང་པོ་ཞིག་ཡོད་རེད། དཔེ་ན་རླུང་ཁམས་དེ་ཧ་ཅང་སྲབ་མོ་ཡོད་པའི་རྐྱེན་གྱིས་གོ་ལ་གཞན་ལས་བྲག་རྡོ་སོགས་མར་ཟག་ཡོང་དུས་རླུང་ཁམས་ཀྱི་ནང་ནས་མེད་པར་གྱུར་མ་ཐུབ་པར་ཟླ་བའི་གོ་ལའི་སྒང་དུ་མར་ཟག་གི་ཡོད་པས་སྲོག་ཆགས་འཚོ་སྡོད་ཀྱི་དཀའ་ཁག་ཅིག་དེ་རེད། གཞན་ཟླ་བའི་གོ་ལའི་སྒང་དུ་འཚོ་རླུང་ཡོད་མ་རེད། འཚོ་རླུང་གི་འབྱུང་ཁུངས་ཆུ་དང་རྩི་ཤིང་ལྗང་ཁུ་ཡི་རིགས་ཡིན་པས་ཟླ་བའི་གོ་ལའི་སྒང་དུ་འཚོ་རླུང་གི་རྒྱུ་དེ་དག་མེད་པས་རྒྱུ་མེད་ན་འབྲས་བུ་མེད་པ་ངང་གིས་ཤེས་རྒྱུ་ཞིག་རེད། འཚོ་རླུང་མེད་པས་སྲོག་ཆགས་འཚོ་སྡོད་ལ་དཀའ་ངལ་ཆེ་ཤོས་ཤིག་རེད། ལྷག་པར་འགྲོ་བ་མི་གནས་གང་ཞིག་ཏུ་འཚོ་སྡོད་བྱེད་ན་དྲོད་ཚད་ཆ་མཉམ་ཞིག་དགོས་གི་ཡོད་དུས་ཟླ་བའི་གོ་ལའི་སྒང་དུ་དྲོད་ཚད་ཆ་མཉམ་དེ་འདྲ་མེད་པ་རེད། ཟླ་བའི་ངོས་ཕྱོགས་གཅིག་ལ་ཉི་མ་དང་ཁ་ཕྱོགས་སའི་མཚམས་ལ་སྐབས་རེར་ཚ་ཚད་ཉིས་བརྒྱ་སུམ་ཅུ་སོ་བཞི་སོ་ལྔ་ཙམ་རེ་སླེབས་ཡོང་གི་ཡོང་གི་རེད། ས་གོ་ལའི་སྒང་ལྟ་བུ་ཞིག་ཡིན་ན་ཚ་ཚད་བརྒྱ་ཙམ་སླེབས་ཡོང་དུས་ཆུ་ཐམས་ཅད་ཁོལ་ཡོང་གི་ཡོད་པ་དེ་འདྲ་རེད། ཉིས་བརྒྱ་སུམ་ཅུ་སོ་ལྔ་ཙམ་ཟེར་དུས་ཧ་ཅང་ཚ་ཚད་མཐོན་པོ་རེད། སྐབས་རེར་ཟླ་བའི་གོ་ལའི་ཕྱོགས་རེ་ནས་ཉི་མ་དང་ཁ་ཐག་རིང་པོ་རེད་ཡོང་དུས་ཚ་ཚད་གི་གྲངས་ཀ་དེ་དམའ་ནས་ཀླད་ཀོར་འོག་གི་ཉིས་བརྒྱ་ཉི་ཤུ་རྩ་གསུམ་ལ་སླེབས་ཡོང་གི་ཡོད་རེད། སའི་གོ་ལ་ལྟ་བུ་ཡིན་ན་འབྲིང་རིམ་འོག་གི་ཨང་གྲངས་བརྒྱ་ལ་སླེབས་པ་ཡིན་ན་ཆུ་ཐམས་ཅད་འཁྱག་རོམ་ཆགས་འགྲོ་གི་ཡོད་རེད། ཀླད་གོར་འོག་གི་ཉིས་བརྒྱ་ཉེར་གསུམ་ཟེར་དུས་བློ་ཡུལ་ལས་འདས་པའི་གྲང་མོ་ཡིན་པས་ཟླ་བའི་གོ་ལའི་སྒང་ལ་དེ་དག་གི་དཀའ་ངལ་མང་པོ་ཞིག་ཡོད་རེད། ང་ཚོ་ལ་ཆེས་ཡག་ཤོས་ཀྱི་གོ་སྐབས་ཤིག་ཡོད་པ་ནི་ཉི་མའི་ངོས་ལ་ཁ་བཏེགས་ཡོད་པའི་ཟླ་བའི་ལྷོ་གནས་དང་བྱང་གནས་མཚམས་དེར་ཚ་ཚད་ཀླད་གོར་གྱི་མཚམས་ལ་སླེབས་པའི་དུས་སྐབས་དེར་མི་འགྲོ་ཐུབ་མིན་དང་འཚོ་གནས་བྱེད་ཐུབ་མིན་ཚོད་ལྟ་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་རེད། ང་ཚོའི་སའི་གོ་ལར་མཚོན་ན་ཚ་ཚད་ཀླད་གོར་ལྟ་བུ་ཡིན་ན་ཡང་གྲང་ངར་ཧ་ཅང་ཆེན་པོ་ཡིན་པས་འགྲོ་བ་མི་ཞིག་ཟླ་བའི་གོ་ལའི་སྒང་ལ་རྒྱུན་རིང་འཚོ་གནས་བྱ་ཐུབ་ཟེར་བ་དེ་ཕལ་ཆེར་མི་སྲིད་པ་ལྟ་བུ་ཞིག་རེད། མ་གཞི་ནས་ཟླ་བའི་གོ་ལའི་ཐོག་ཏུ་མི་འགྲོ་ཐུབ་ཡོད་མེད་ཀྱི་སྐོར་ལ་རྙོག་འཛིང་ཡོད་བསྡད་པ་དེ་འདྲ་ཞིག་རེད་དེ། དེང་དུས་མང་ཆེ་བས་ཚན་རིག་གི་རྣམ་གཞག་བཤད་དུས་མི་སོང་ཡོད་པ་གཞིར་བཞག་བྱེད་ནས་སྐད་ཆ་བཤད་གི་ཡོད་རེད། ཡིན་ན་ཡང་། མི་སོང་ཡོད་པའི་དབང་དུ་བཏང་ན་ཡང་དྲོ་ཚད་དང་ཚ་ཚད་ངེས་རྐྱེན་ཞིག་ལ་བལྟོས་ནས་འགྲོ་ཐུབ་པ་བྱེད་དགོས་གི་ཡོད་རེད། མི་ཞིག་ཟླ་བའི་སྒང་དུ་སོང་ནས་ལོ་གཅིག་ཙམ་བསྡད་པའི་དབང་དུ་བཏང་ནའང་མི་དེ་ལ་ཆུ་དང་ཟ་མ་སོགས་དགོས་གི་ཡོད་པས་ཟླ་བའི་གོ་ལའི་སྒང་དུ་དེ་དག་མེད་པས་སའི་གོ་ལའི་སྟེང་ནས་ཡར་འཁྱེར་ནས་འགྲོ་དགོས་གི་ཡོད་རེད། དེ་མིན་ན་དེ་དག་མུ་མཐུད་ནས་ཟླ་བའི་གོ་ལའི་སྒང་ནས་རག་པའི་ཐབས་ལམ་ཞིག་བསྐྲུན་དགོས་གི་ཡོད་རེད། མ་གཞི་ནས་ཟླ་བའི་གོ་ལའི་སྒང་ལ་སྔོ་ཚལ་སོགས་སྐྱེལ་བའི་ཐབས་ལམ་ལ་ཚོད་ལྟ་དང་ཞིབ་འཇུག་སྣ་ཚོགས་བྱེད་ཀྱིན་ཡོད་རེད། དེ་ཚོ་ལག་ལེན་ཇི་བཞིན་ལམ་སློང་བྱུང་བ་ཡིན་ན་མ་འོངས་པར་ཟླ་བའི་གོ་ལའི་སྒང་ལ་སའི་གོ་ལའི་སྟེང་གི་དཔལ་འབྱོར་ཆེན་པོ་ལྡན་མཁན་དག་སྤྲོ་འཁྱམས་འགྲོ་ཐུབ་གི་རེད་ཟེར་ནས་ཚན་རིག་པ་མང་པོ་ཞིག་གིས་རེ་བ་རྒྱག་གི་ཡོད་རེད། ཡིན་ན་ཡང་བར་ལམ་ཞིག་ནས་ཁོ་ཚོས་ཚོད་རྩིས་ཤིག་བརྒྱབ་པ་རེད། དཔེར་ན་འཕུར་གྲུ་ཞིག་གི་ནང་དུ་མི་བཞི་འགྲོ་ཐུབ་པའི་དབང་དུ་བཏང་ན་འགྲོ་སོང་ག་ཚོད་འགྲོ་མིན་ཐད་ཚོད་རྩིས་བརྒྱབ་པའི་སྐབས་སུ་མ་མཐར་ཨ་རིའི་སྒོར་མོ་ཐེར་འབུམ་བདུན་དང་ཕྱེད་ཀ་ལྷག་ཙམ་ཞིག་འགྲོ་གི་ཡོད་རེད། མི་རེ་ལ་ཨ་རིའི་སྒོར་མོ་ཐེར་འབུམ་གཅིག་ལྷག་ཙམ་ཞིག་འགྲོ་ས་རེད་ཟེར་ནས་བཤད་གི་ཡོད་རེད། གལ་སྲིད་མ་འོངས་པར་ཟླ་བའི་གོ་ལའི་སྒང་ལ་འགྲོ་ཐུབ་པའི་དབང་དུ་བཏང་ན་ཡང་ཨ་རིའི་སྒོར་མོ་ཐེར་འབུམ་ཡོད་ན་མ་གཏོགས་འགྲོ་ཐུབ་གི་ཡོད་མ་རེད།

དེང་སྐབས་དེ་འདྲ་ཞིག་གི་རེ་བ་དང་ཚོད་དཔག་བྱེད་གི་ཡོད་རེད། ཟླ་བའི་གོ་ལའི་སྒང་ལ་མི་འགྲོ་བའི་གོ་སྐབས་དང་མཐུན་རྐྱེན་གྱིས་མ་འདངས་པ་གཙོ་བོ་དེ་ང་ཚོ་འགྲོ་མི་ལ་ཆུ་དང་ཟ་མ་འཚོ་རླུང་ད་དུང་དྲོད་ཚད་ངེས་ཅན་ཞིག་དགོས་པས་ང་ཚོས་ཟླ་བའི་གོ་ལའི་སྒང་དུ་དེ་དག་ཆ་ཚང་ཞིག་གསར་པ་བསྐྲུན་ན་མ་གཏོགས་ད་སྐབས་དེ་དག་མེད་པས་འགྲོ་བ་མི་ཞིག་ཟླ་བའི་གོ་ལའི་སྒང་དུ་འགྲོ་བ་དང་འཚོ་སྡོད་བྱེད་མི་ཐུབ་པའི་དཀའ་ངལ་དེ་དག་རེད་ཅེས་ཞུ་བ་ཡིན།

མཆན།

གསུང་མཁན་སྒོ་དར། ཡིག་འགོད་པ། ལོ་མ་སེར་པོ། (གླིང་ཚང་།)