ཚན་རྡོར།

_ངའི་ཕུ་བོའི་སྐད་འཕྲིན་དུ་བྲིས་པའི་ཚིག་ཕྱེད་ཅིག་ཡིན།

ད་ལྟ་ནི་མི་མང་པོ་ཞིག་འཕྲུལ་སྣང་དང་དངོས་བྱུང་གིས་བསྒྲུབས་པའི་རྨི་ལམ་གྱི་ཞིག་ཏུ་གཤེགས་ནས་ཡོད་ལ། ལ་ཤས་ནི་ཁ་པར་དང་གློག་ཀླད། རྒྱང་མཐོན་བརྙན་འཕྲིན་གྱི་མདུན་དུ་ལངས་ཏེ་ཚན་རྩལ་རིག་པར་འགྲན་བསྡུར་བྱེད་བཞིན་ཡོད་ངེས་དཔེར་ན་ང་ལྟ་བུ་ཡིན། ངས་ད་ལྟ་རང་བཙན་པོ་ཚང་ནས་འགྱུར་རྩོམ་ཞིག་བཀླགས་ཡིན་ལ་དེ་ནས་སྐད་འཕྲིན་གྱི་སྐད་ལྗོངས་སུ་ཉུལ་བར་འོངས་པ་ན་དབྱིན་ཡིག་ཐོག་ཏུ་”ཟླ་བརྒྱད་པའི་དཔེ་ཀློག་འགྲན་སྡུར།”August reading challenge!ཞེས་འདུག ངས་ཀྱང་འོག་ཏུ་”དཔེ་ཀློག་ནི་ལམ་ནང་གི་ཚེ་སྲོག་གཅིག”ཞེས་བྲིས་ཡིན།Reading is one road in life. ང་ནི་ཁོ་བཞིན་ད་ལྟ་བར་རོགས་པ་མཉམ་དུ་དཔེ་ཀློག་འགྲན་སྡུར་བྱས་མ་མྱོངས། འགྲན་བསྡུར་ནི་མཁའ་དབུགས་གཅིག་ཡིན། ངས་དཔེ་དེབ་བརྒྱ་ཙམ་ཞིག་བཀླགས་པ་ལས་བཀྲ་ཤིས་དཔལ་ལྡན་གྱི་བརྩམས་སྒྲུང་”བྲག་ཅ”དང་རང་སྒྲའི་བརྩམས་སྒྲུང་”དཔེ་ཆ་བཙོང་མཁན་དང་དཔེ་ཆ་འབྲི་མཁན་”ཞེས་པ་གཉིས་དེ་རིང་ལྷག་ཏུ་དྲན་འོངས། རྒྱུ་མཚན་ནི་འདི་ནང་དུ་དཔེ་ཀློག་སྐོར་ལ་དོ་སྣང་མེད་པར་གནས་པའི་སྤྱི་ཚོགས་ཤིག་ལ་འགྲན་སྡུར་གྱི་ལམ་བུ་དང་དཔེ་ཆ་བ་ཞིག་གིས་དགའ་ཕྱོགས་བྲིས་པའི་དུས་རབས་གོང་མའི་ནང་གི་འཚོ་བའི་ཟུར་ཞིག་ཡིན། ངར་མཚོན་ན་འདི་གཉིས་ནི་དཔེ་ཀློག་སྐོར་བྲིས་པའི་སྒྲུང་ཡག་པོ་ཞིག་ཡིན། འདིའི་ཅི་ལ་ཚད་དེ་དཔེ་ཆ་ཀློག་པའི་རྒྱུད་རིམ་མེད་ན་ཡང་རང་ཉིད་ཀྱིས་འདོད་མོས་ལྟར་ཀློག་གིན་ཡོད། དཔེར་ན་བརྩམས་སྒྲུང་ལྟ་བུ་ཞིག་ཀློག་དུས་ནི་ངའི་སེམས་པ་ཡང་བརྩམས་སྒྲུང་ནང་གི་མི་སྣ་དང་མཚུངས་བར་བྱེད་དེ་ཁོའི་བྱ་སྤྱོད་དང་གཤིས་ཀ་མང་པོ་ཞིག་ངར་འཇགས་ཡོད་ལ། འདི་ནི་བརྙན་འཕྲིན་ལས་གློག་བརྙན་ལ་བལྟས་པ་ལྟར་འཚར་པོ་མང་པོ་ཞིག་གིས་བསྒྲུབས་ཀྱང་སྒྲུང་བགཏམ་གློག་བརྙན་དུ་བཅོས་པ་དག་ལ་བལྟས་པ་ལས་ཀྱང་ལེགས་ཆ་ལེན་སའི་ཁྱད་པར་ཡོད། འདི་ནི་སྐད་དང་ཡི་གེའི་གཟུགས་ཀྱི་ཁྱད་པར་ཤོར་ཡོད། ད་ནི་བཙན་ཚང་ནང་གི་འགྱུར་རྩོམ་བཀླགས་པ་ལས་ཟུར་ཞིག་ནི་(སི་རི་ཡའི་གསང་བའི་དཔེ་མཛོད་ལས་བཤུས།)”འོན་ཀྱང། ཨ་མར་གྱིས་གསུངས་པ་ལྟར་ན་དཔེ་མཛོད་འདིས་གྲོང་རྡལ་འདི་སྲུང་སྐྱོབ་དང་ད་དུང་འཐབ་འཛིང་ལའང་སྟོབས་ཤུགས་རྒྱས་འཇུག་གི་ཡོད། དེ་ཡང་ཁོང་གིས“དཔེ་དེབ་ཀྱིས་ང་ཚོས་མུ་མཐུད་མདུན་དུ་བསྐྱོད་པའི་སྐུལ་སློང་བྱེད་པ་དང། ང་ཚོས་འདས་པའི་དུས་ཀྱི་མི་རྣམས་ཀྱིས་རྒྱལ་ཁབ་དམིགས་བསལ་བ་ཞིག་གི་ཆེད་དུ་འཐབ་འཛིང་གིས་རྒྱལ་ཁབ་གསར་འཛུཊ་བྱས་པའི་སྐོར་གྱི་དེབ་ཀློག་གིན་ཡོད། དེ་ལྟར་བྱས་ན་ང་ཚོ་ཡང་ཁོང་ཚོ་ལྟར་ཆགས་ཐུབ་ཀྱི་རེད། དཔེ་དེབ་དེ་དག་གིས་ང་ཚོར་ཨ་སའི་གཞུང་མཇུག་བསྒྲིལ་རྗེས་འཚོ་གནས་ཇི་ལྟར་བྱེད་པའི་འཆར་གཞི་གཏིང་བར་ཕན་འདོགས་ཀྱིན་འདུག དེ་ནི་ང་ཚོས་ད་ལྟ་ཀློག་བཞིན་པའི་དཔེ་དེབ་དེ་དག་ལ་བརྟེན་ནས་བསྒྲུབ་ཐུབ་པ་ཞིག་རེད། ང་ཚོས་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་འདོད་ཡོད། རེ་བ་ལ་ང་ཚོས་དཔེ་ཀློག་བརྒྱུད་ནས་དེ་ལྟར་འཛུགས་སྐྲུན་བྱེད་ཐུབ་ངེས་ཡིན།”ཞེས་ཟེར་བའི་གཏམ་རྒྱུད་ཐུང་ངུ་འདི་ལས་དཔེ་ཀློག་ནི་མིའི་ཀླད་པར་ཚ་འདྲི་བཏང་གིན་ཡོད་ལ། དཔྱད་ཤེས་ཀྱི་བརྟག་ཏུ་བཅུག་གིན་ཡོད། ད་དུང་མ་འོངས་པའི་ལམ་སྣེར་འདྲེན་བཞིན་པ་བསྟན་འདུག ལོ་རབས་སྔོན་མའི་ནང་གི་རྩོམ་རིག་མང་པོ་ཞིག་ཀྱང་དམག་འཁྲུག་གི་ཟུར་ནས་ཐོན་པའི་གྲགས་རྩོམ་མང་པོ་ཡོད་པ་རེད། ཡིན་ཡང་དཔེ་ཀློག་ནི་ཞོར་ལས་གཅིག་གིས་མདུན་ནས་ཀློག་གིན་པའི་ང་ལྟ་བུར་ཚོན་ན་ལོ་ནས་ལོ་ཉུང་དུ་ཉུང་དུ་རེད་འདུག ལོ་སྔོ་མར་དཔེ་དེབ་བདུན་བརྒྱད་ཙམ་ལས་བཀླགས་མི་འདུག་ལ་ལོ་འདིའི་མགོ་ནས་ད་ལྟ་བར་དཔེ་དེབ་ལྔ་ལས་བཀླགས་མི་འདུག བལྟོས་བཅས་ཀྱི་དྲ་ཉུལ་བར་ནས་རྩོམ་ཡིག་བཀླགས་པ་མང་ཙམ་ཡོད་དེ་ན་གཞོན་ཀླད་ཀོར་གྱི་བརྩམས་སྒྲུང་འགའ་དང་གཞན་གྱི་སྒྲུང་ཐུང་འགའ་ནི་མཐའ་འཇུག་གི་འཇིག་རྟེན་(བལ་པོའི་རྩོམ་མོ་ཞིག་གི་རྩོམ་མིང་)སོགས་ཡིན། དཔེ་ཀློག་ནི་ཕྱོགས་གཅིག་གི་ལམ་བུ་ཞིག་ཡིན་ནོ།།

2016/08/14