1

སྔ་དྲོར་༼སློབ་གསོའི་ཚན་རིག་རང་བཞིན་༽གྱི་ཐོག་ནས་འཆད་ཁྲིད་བྱས་ཏེ་ང་ཚོས་དགེ་རྒན་དག་གི་སློབ་མའི་གནས་སྐབས་ཙམ་གྱི་ཆེད་དུ་སློབ་ཁྲིད་བྱེད་མི་ཉན་པར་མ་འོངས་པར་བསམ་གཞིགས་བཏང་ནས་སློབ་ཁྲིད་བྱེད་དགོས་ཤིང་དེ་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་དགོས་པར་མ་ཟད་གཞུང་ལུགས་ལ་གཏན་ནས་སྣང་ཆུང་བྱེད་མི་ཉན་སྟེ། གཞུང་ལུགས་བཟང་བོའི་ནི་རང་གི་ཆེད་དམིགས་བསླབ་ཁྲིད་ཀྱི་དངོས་གཞི་ལ་རམ་འདེགས་གལ་ཆེན་འདོན་ཐུབ་པར་མ་ཟད་གོ་སྐོན་བློ་འགུག་གྱི་འགྲེལ་བཤད་ནུས་པའི་རྩ་དོན་ལྡན། དཔལ་ཡོན་ནི་མི་དམངས་ཀྱི་འབྲེལ་འདྲེས་དང་ལག་རྩལ་ལས་མངོན་ཞིང་སློབ་གསོ་ལ་སྒྲ་ཡངས་དོག་གཉིས་ཀའི་གོ་དོན་བཞག་ཆོག

སྔོན་གྱི་རྒྱ་མིའི་སློབ་གསོ་ནི་རང་གི་འཚོ་བ་ཐག་གཅོད་ཀྱི་རང་བཞིན་དང་ནུབ་ཕྱོགས་ཀྱི་སློབ་གསོའི་རང་བཞིན་ནི་མིའི་ཤེས་རབ་ཀྱི་བདག་དབང་སད་རྟོགས་ཅིག་ཡིན་ཞིང་། དེ་ནས་ནུབ་ཕྱོགས་ཤེས་ཡོན་པ་ཁག་ཅིག་གི་སློབ་གསོའི་ལྟ་དགོངས་དང་སྦྲགས་ནས་སློབ་གསོ་ནི་ངོས་གང་རུང་ལ་བལྟས་ཏེ་དབྱེ་ཞིབ་བྱས་ཆོག་པའི་རིག་གནས་མ་ལག་ཁྱད་པར་བ་ཞིག་ཡིན་ལ། ཁྱེད་ཚོའི་ས་ཆ་འདིར་མཚོན་ན་ས་ཁ་ཐག་རིང་བོ་ནས་ཡོང་བའི་རྒྱ་རིགས་དགེ་རྒན་ཚོ་ནི་ཧ་ཅང་རླབས་ཆེན་ཡིན་པ་རེད། འདི་ལྟ་བུའི་འབྲོག་དམངས་སློབ་བུ་དག་ལ་ཤེས་རིག་བསྩལ་བ་རེད། གལ་ཏེ་ང་འདིར་ཡོང་བས་དབང་དུ་བཏང་ནའང་ས་ཆའི་མཁའ་དབུགས་སོགས་ཀྱིས་དཀའ་ངལ་ཡོད་སྲིད་པ་རེད།

ཀྲུང་གོའི་ཆེས་ཆེ་བའི་གནད་དོན་ནི་གཉིས་སྟེ། སྔ་མ་ནི་རུལ་སུངས་དང་ཕྱི་མ་ནི་སློབ་གསོ་རེད། སྔ་མ་ནི་སྔོན་གྱི་དབང་ཆ་དོ་དམ་པ་ལ་སོགས་ཀྱི་གཟབ་ནན་མ་བྱས་པའི་འཇུག་འབྲས་ཀྱི་འདི་ལྟ་བུ་བྱུང་བ་རེད། ཕྱི་མ་ནི་མི་དང་མིའི་བར་གྱི་འབྲེལ་བ་ཡིན་ལ་དེ་ནི་ད་ལྟའི་གནད་དོན་ཅིག་མ་ཡིན་པར། གནའ་རབས་དང་འབྲེལ་བསྡད་པ་ཞིག་རེད། ད་ལྟ་ང་ཚོས་སློབ་གསོ་དང་སློབ་གསོ་ཟེར་ནས་ཅི་ལྟར་ཤུགས་བརྒྱབ་ཡང་རེ་འབྲས་དོན་མེད་དུ་བྱུང་བའི་རྒྱུ་མཚན་ནི་དེར་རག་ལས་པ་ཞིག་རེད། གལ་ཏེ་སྔོན་ནས་དེ་ཐག་གཅོད་ཡག་པོ་བྱུང་ཡོད་ན་ད་ལྟའི་དཀའ་ངལ་འབྱུང་སྲིད་པ་མ་རེད། དེའི་སྟབས་དཔལ་ཡོན་ནི་ཚེ་སྲོག་ཕན་ཚུན་གྱི་འབྲེལ་ལམ་ལྟ་བུ་ཞིག་ཡིན་པས། ང་ཚོས་མ་འོངས་པར་ཁ་གཏད་དགོས་རྐྱེན་ང་ཚོས་དེར་ལ་སློབ་གསོའི་བྱེད་ཐབས་དང་བསམ་གཞིགས་ཀྱི་ལམ་ནས་ལྟ་དཔྱད་དགོས།

ང་ཚོའི་རྒྱལ་ཁབ་ལ་མཚོན་ན་སློབ་གསོ་ལས་ཁེ་ལས་དང་ཆབ་སྲིད་གཙུགས་ཆེན་འཛིན་པ་དང་། འཇར་པན་ལྟ་བུ་ཡིན་ན་སློབ་གསོ། ཨ་རི་ལྟ་བུ་ཡིན་ན་དངུལ་ཁང་། ཡོ་རབ་ལྟ་བུ་ཡིན་ན་ཆོས་ཁང་ཡིན་པས་དེའི་ཅི་ཞིག་མཚོན་པ་ཡིན་ནམ། སོ་སོའི་དམིགས་བྱ་དང་སྙེག་བྱ་ཞོར་དུ་ཤེས་ངེས་ཡིན་ལ། གླིང་ཕྲན་སྐོར་ཞིག་གི་ཆེས་ཆེ་བའི་ཡོང་སྒོ་ནི་སློབ་གསོ་དང་ཆེས་དཀའ་ངལ་ཆེ་བ་ནི་ཡང་སློབ་གསོ་ཡིན་ཞིང་། ལྷག་ཏུ་གཞི་རིམ་སློབ་གསོ་དེ་རེད།

ཞོར་ནས་ངའི་མགོ་ལོག་གི་སློབ་གསོའི་མི་འདང་ས་ཁག་ཅིག་བཤད། ཁོར་ཡུག ། སྐྱེ་ཁམས། ཁྱིམ་ཚང་། གཞིས་ཁུལ། དགེ་རྒན། ཡོན་ཚད། སློབ་སྦྱོང་། འཚོ་བ་སོགས་ཡིན་ལ་ཁོར་ཡུག་ནི་གྲོང་ཁྱེར་གཞན་པ་དག་དང་བསྡུར་ན་གཙང་མ་མིན་པར་དོ་དམ་པས་ཀྱང་གཙང་སྦྲ་སོགས་གཙུགས་ཆེན་མི་འཛིན་པ་དང་མཐོ་སྒང་ནི་གྲང་འཁྱག་གི་གནས་ཤིག་ཡིན་པ་རེད། ཁྱིམ་ཚང་དངོས་ན་བཤད་ནའང་ཚང་མ་བལྟོས་འཇོག་གི་འབྲོག་པ་དབུལ་བོ་དང་སློབ་མའི་ཕ་མ་ཡི་ཤེས་བྱའི་ཡོན་ཚད་དམའ་བ། གཞིས་ཁུལ་ལ་མཚོན་ནས་བཤད་ནའང་བདེ་འཇགས་མིན་པ། དགེ་རྒན་ལ་ཡང་ས་གནས་དགེ་རྒན་གྱི་ཡོན་ཚད་དམའ་བ་དང་ཁོར་ཡུག་ལེགས་པོ་མིན་རྐྱེན་ཕྱི་ཡི་དགེ་རྒན་བཟང་བོ་དང་ཤེས་འཇོན་ཅན་གྱི་དགེ་རྒན་ཡོང་མི་ཐུབ་པའི་འགྲོ་ལམ་བཀག་པ་དང་། དགེ་རྒན་སོ་སོའི་སློབ་སྦྱོང་བྱ་སའི་གནས་མེད་པ་དང་འཚོ་བ་དབུལ་བོ་ཡིན་པ་རེད། སློབ་དེབ་ངོས་ནས་བཤད་ནའང་རྩ་གནད་གཙོ་བོ་དང་སློབ་དེབ་ཕལ་བ་ཡིས་ལམ་ནས་བསྐྱོད་ན་བཟང་། ་་་་་་་་

2

ཕྱི་དྲོར་༼སློབ་གྲྭའི་སློབ་གསོའི་སྐད་བརྡ་གྲོས་སྡུར་གྱི་གདམ་ག་༽ངོས་ན་བཤད་དོན་སྐད་ཆ་དང་སྐད་བརྡའི་ངོ་བོ་དང་དེའི་ཁྱད་པར་གཙོ་ནུས་དང་དགེ་རྒན་ཞིག་ཡིན་ན་ཐོག་མར་ཅི་ཞིག་ཁྲིད་པའི་བློ་ཡོད་དགོས་བ་དང་དེ་ནས་ཅིའི་ཕྱིར་མིང་ཚིག་དེ་ཁྲིད་པ་དང་དོན་སྙིང་སྔོན་ནས་བཤད་དེ་ཐབས་ཤེས་སུ་འཇུག་རྒྱུ་གལ་ཆེན་ཡིན་སྟེ། དགེ་རྒན་ཞིག་བྱས་ན་དཀལ་ངལ་ནི་ཚན་རིག་པ་ལས་ཀྱང་དཀལ་ངལ་ཆེན་པོ་ཡོད་པ་རེད་ལ། ལྷག་ཏུ་གཞི་རིམ་གྱི་དགེ་རྒན་ཞིག་ཡིན་ན་ཁྲིད་པ་ཙམ་མ་ཡིན་པར་སློབ་མ་དེའི་འཚར་ལོངས་གཅིག་པོའང་བསམ་གཞིག་དང་དཀལ་ངལ་མང་བོ་ཡོད་སྲིད།

སྤྱིར་རིག་གནས་ཞེས་པ་ལ་མཚན་ཉིད་འཇོག་སྟངས་མང་བོ་ཡོད་ལ་མཚན་ཉིད་རིག་པའི་ངོས་ནས་མཚན་ཉིད་པར་ལྟ་བ་དང་སྐྱེ་ཁམས་རིག་པའི་ངོས་ནས་སྐྱེ་ཁམས་རིག་པའི་འགྲེལ་རྒྱག་སྟངས་ཡོད་ལ་སློབ་གསོ་བ་ཞིག་གི་ངོས་ནས་མཚོན་ན་དེར་འང་ཡོད་སྲིད་པ་རེད། རིག་གནས་ནི་དད་པ་ཤིག་ཡིན་ལ་མི་ཚང་མར་དད་པ་ཡོད་ངེས་སྟེ། དད་པ་ནི་ཆོས་ལུགས་པའི་སྣང་ངོར་གྱི་དད་པ་ཁོ་ན་ཡིན་པའི་ངེས་པ་མེད་སྟེ། དཔེར་ན་མི་སྐོར་ཞིག་གིས་རྒྱ་ནག་ལ་ཆོས་ལུགས་མེད་པས་དད་པ་མེད་ཟེར་མོད་དེ་ནི་ཅུང་མི་ཤེས་པའི་ངང་ཚུལ་ཕྱིར་བསྟན་པ་ལས་མ་འདས། གལ་ཏེ་མི་ཞིག་ལ་དད་པ་དང་ཡུལ་སྲོལ་རིན་ཐང་ལྟ་བ་སོགས་ཆགས་ན་བདེ་སྐྱིད་དང་མི་རིགས་ཤིག་ལ་མཚོན་ན་དད་པ་དང་གོམས་སྲོལ། ད་དུང་སྤྱི་མཐུན་གྱི་རིན་ཐང་ལྟ་བ་ཤིག་ཆགས་ན་ད་གཟོད་འཆམ་མཐུན་དུ་གནས་ཐུབ།

དེར་བརྟེན་སྐད་ཡིག་ནི་གལ་ཆེན་ཞིག་ཡིན་སྟེ། སྐད་ཡིག་ཉམས་དམུས་སུ་སོང་ན་མི་རིགས་དང་མི་སྒེར་གྱི་ཆེས་གཞི་རྩའི་དཔལ་ཡོན་ཉམས་པ་རེད་ལ། མི་ཚང་མའི་སྐྱེ་ཁམས་མི་འདྲ་བའི་དབང་གིས་སྐད་ཆ་བྱུང་བ་དང་དེར་རྟེན་སོ་སོ་ལ་དགོས་བའི་ངོ་བོ་ཆགས་པ་རེད། མི་རིགས་སུ་ཡིན་ཡང་རིག་གནས་ལ་རྟེན་དགོས་པ་བཞིན་མི་རིགས་སྤྱི་མཐུན་གྱི་ལམ་ཁ་ལ་བསམ་གཞིག་གཏོང་རྒྱུ་ནི་གལ་ཆེན་ཞིག་ཡིན། ་་་་

༼གསལ་བཤད། རྒན་ལགས་ཀྱིས་རྒྱ་སྐད་ཀྱི་ལམ་ནས་སྔ་ཕྱི་དྲོར་འཆད་ཁྲིད་བྱས་ཤིང་ཕྲན་གྱིས་དེར་མྱུར་མོའི་བོད་ཡིག་ལ་བསྒྱུར་སྐབས་བར་གསེང་རེ་རེ་ནས་གོ་ནོར་དང་བཏགས་ནོར་སོགས་ཐེབས་ངེས་མོད། གཙོ་བོ་དེར་མ་དམིགས་པར་ཚང་མར་ཕན་པའི་རྒྱུ་རུ་འབད་ནས་རགས་བསྡུས་ཤིག་ཟིན་བྲིས་སུ་བཏབ་པ་ཡིན།༽

 

2016ལོའི་ཟླ12བའི་ཚེས21ཉིན་མགོ་ལོག་དགེ་ཐོན་ནས།