གཏེར་བཏོན་ལོ། སྤྱི་ལོ1048ལོ།  མཛད་མཁན། བཙན་པོ་སྲོང་བཙན་སྒམ་པོས་མཛད་པར་བཤད།(སྲིད་ལོ618-641)
མཚན་བྱང་། ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས།(མཚན་བྱང་གཞན་ལ་བཀའ་ཆེམས་ཀ་ཁོལ་མ་སོགས་ཡོད།)

 

དཔེ་སྐྲུན་གནས་ཚུལ།

A. ལ་དྭགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལེའུ15པར་བསྡུས། བཀའ་བརྒྱུད་གསུང་རབ་ཉམས་གསོ་ཁང་། རྡོ་རྗེ་གླིང་། 1972-1: 363-481 B. S. W. Tashigangpa མ་འོངས་ལུང་བསྟན་གསལ་བའི་སྒྲོན་མེའི་ལེའུ13པར་བསྡུས་ཡོད་ལ་འཆར་ཟིན་མདོར་བསྡུས་ཀྱི་ཚན་པ་ཞིག་བསྣན་ཡོད། ཏོག་གི་ལག་བྲིས། སླེ། 1973-1: 613-809 སྤྱི་ལོ1973ལོར་ལ་དྭགས་སླེ་རུ་མ་འོངས་ལུང་བསྟན་གསལ་བའི་སྒྲོན་མེ་ཞེས་པའི་དེབ་གཉིས་པར་སྐྲུན་བྱས་ཡོད་པས་ཕྱི་མ་དང་ནོར་མི་རུང་། C. སྨོན་ལམ་རྒྱ་མཚོས་བསྒྲིགས། བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ལན་གྲུ། 1989

 

དཔྱད་ཐུང་།

ཆོས་སྐྱོང་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཞེས་པ་འདི་སྤུར་རྒྱལ་བཙན་པོའི་རྒྱལ་རབས་སྐབས་སུ་སངས་རྒྱས་ཆོས་ལུགས་དར་བ་དང་བཙན་པོ་སྲོང་བཙན་སྒམ་པོའི་དུས་ཀྱང་གཏོགས་པའི་ལོ་རྒྱུས་ཤིག་ཡིན་ལ། སྤྱི་ལོ1048ལོར་ཇོ་བོ་རྗེ་ཨ་ཏི་ཤས་ལྷ་སའི་གཙུག་ལག་ཁང་དུ་གཏེར་ནས་བཏོན་པར་བཤད་མོད། དེབ་ཐེར་སྔོན་པོར(Roerich, Blue Annals: 984-985)དེ་ནི་ཐོག་མར་ལྷ་སའི་སྨྱོན་མ་ཞིག་གིས་གཏེར་ནས་བཏོན་ཏེ་ཨ་ཏི་ཤ་ལ་ཕུལ་བར་གསུངས། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་བཀའ་རྩིས(རྩིགས)ཆེན་མོ་དང་དར་དཀར་གསལ་བའི་མེ་ལོང་། ཟླ་བའི་འདོད་འཇོ་གསུམ་ཚང་མ་ཇོ་བོ་རྗེ་ཨ་ཏི་ཤས་ལྷ་སའི་ར་ས་འཕྲུལ་སྣང་གི་ཀ་བ་དཀྱིལ་ནས་རྙེད་པར་བཤད་ལ། བཀའ་རྩིས(རྩིགས)ཆེན་མོ་ནི་ཕལ་ཆེར་ཆོས་སྐྱོང་བའི་རྒྱལ་པོ་སྲོང་བརྩན་སྒམ་པོའི་བཀའ་ཆེམས་ཀྱི་མཚན་བྱང་གཞན་ཞིག་ཡིན་སྲིད། ཀ་ཁོལ་མའི་མཇུག་ཏུ་བཀའ་ཆེམས་མཐོ་མཐོང་མ(ཡིག་ཚངས་གཞན་དུ་དྲངས་པའི་བཀའ་ཆེམས་མཐོ་ལྡིང་མར་ངོས་འཛིན་ཆོག་གམ་སྙམ།)དང་། རྣམ་ཐར་བཀའ་ཆེམས་གསེར་གྱི་ཕྲེང་བ། རྣམ་ཐར་ཕྱི་མ་བཀའ་ཆེམས་གསེར་གྱི་ཡང་ཞུན། བཀའ་ཆེམས་མེ་ཏོག་ཕྲེང་བ(Per K. Sorensen བོད་ཀྱི་ལོ་རྒྱུས་རིག་པ། དུས་རབས་བཅུ་བཞི་བའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྒྱལ་རབས་གསལ་བའི་མེ་ལོང་མཆན་བཏབ་པ།Harrassowitz Verlag1994: 21-22)བཅས་མཚན་བྱང་ཁྱད་མཚར་འགའ་དྲངས་ཡོད།

 

ཞིབ་འཇུག་གནས་བབ།

H. Eimer བཀའ་ཆེམས་ཀ་ཁོལ་མ་རྙེད་པ། E. SteinkellnerདངH. Tauscherགཉིས་ཀྱིས་བསྒྲིགས། 1981ལོའི་ཟླ་དགུ་བའི་ཚེས13ནས་19བར་ཨ་སུ་ཐྲི་རི་ཡའིVelm-Viennaརུ་བསྡུས་པའིCsoma de Korosཡི་རྗེས་དྲན་ཚོགས་འདུའི་དཔྱད་རྩོམ། Arbeitskreis fur Tibetische und Buddhistische Studie, Universität Wien Vienna 1983-1: 45-51

 

རྒྱུ་ཆ།

A. Jampa Samten Shastri བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དཔེ་མཛོད་ཁང་གི་དཀར་ཆག་དང་པོ།(ལག་བྲིས་གཅེས་བཏུས།)དེབ་ཕྲེང་དང་པོ།བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དཔེ་མཛོད་ཁང་། 1983: 43 B. Lobsang Shatri བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དཔེ་མཛོད་ཁང་གི་དཀར་ཆག་གཉིས་པ།(ལག་བྲིས་གཅེས་བཏུས།)དེབ་ཕྲེང་གཉིས་པ། བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དཔེ་མཛོད་ཁང་།1990: 83-84 C. Lokesh Chandra བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ཡིག་ཚགས། 1985: 11014 D. A. L. Vostrikov བོད་ཀྱི་ལོ་རྒྱུས་རྩོམ་རིག Harish Chandra GuptaདངR. K. Maitraགཉིས་ཀྱིས་བསྒྱུར།Calcutta1970(ཨུ་རུ་སུའི་སྐད་ཀྱི་པར་མ་སྤྱི་ལོ1962ལོར་གསུང་འབུམ་གྲས་སུ་བཞག་ནས་པར་སྐྲུན་བྱས་ཟིན།) E. Leonard W. J. van der Kuiljp བོད་ཀྱི་རིམ་འདེད་ལོ་རྒྱུས། J. I. CabezonདངR. R. Jacksonགཉིས་ཀྱིས་བསྒྲིགས་པའི་བོད་ཀྱི་རྩོམ་རིག་གི་ལུས་ལ་དཔྱད་པ་ཞེས་པར་བསྡུས་ཡོད། Ithaca: Snow Lion 1996: 39-56 (ཉང་རལ་དང་མཁས་པ་ལྡེའུ་གཉིས་ཀྱིས་ལོ་རྒྱུས་འདིའི་སྐོར་གླེང་ཡོད།) F. Per K. Sorensen རྒྱལ་རབས་ཀྱི་འབྱུང་ཁུངས་དང་རྒྱལ་པོའི་གདུང་རྒྱུད་འཛིན་ཐབས། ཨེ་ཤ་ཡ་ཤར་མ་དང་དཀྱིལ་མའི་ཆོས་ལུགས་ཞིབ་འཇུག 1991-4: 63-81དང78 G. Per K. Sorensen བོད་ཀྱི་ལོ་རྒྱུས་རིག་པ། དུས་རབས་བཅུ་བཞི་བའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྒྱལ་རབས་གསལ་བའི་མེ་ལོང་མཆན་བཏབ་པ།Harrassowitz Verlag1994: 15-38 (ལྷག་པར་ཏུ་ཤོག་གྲངས639རུLeningradཡི་ལག་བྲིས་མའི་སྐོར་ལ་དཔྱད་པ་གནང་ཡོད།)